མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་པ་ཀི་སི་ཐན་ས་མཚམས་སུ་རྩོད་ཉོག་བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པ་ཀི་སི་ཐན་གྱི་མཐའ་སྲུང་དམག་མིས་རྒྱ་གར་གྱི་མཐའ་མཚམས་སྒར་ས་ཁག་ཅིག་ལ་མེ་སྒྱོགས་འཕངས་ཡོད་སྟབས་རྒྱ་གར་གྱི་ཡུལ་མི་ཁྲི་གཅིག་ལྷག་ས་ཆ་གཞན་ལ་ཉེན་ཡོལ་འགྲོ་དགོས་བྱུང་འདུག

ཁ་སང་རྒྱ་གར་ཇམ་མུ་ཀཱ་ཤཱེ་མཱེར་མངའ་སྡེའི་མཐའ་སྲུང་དམག་མིས་པ་ཀི་སི་ཐན་གྱི་སེལ་ཀཱོ་ཌེ་གྲོང་ཁྱེར་ཉེ་འདབས་སུ་མེ་སྒྱོགས་འཕངས་ཏེ་པ་ཀི་སི་ཐན་གྱི་མི་སེར་བཞི་དང་དམག་མི་གཉིས་བསད་ཡོད་སྟབས། པ་ཀི་སི་ཐན་མཐའ་སྲུང་དམག་མིས་རྒྱ་གར་ཇམ་མུ་ཀཱ་ཤེ་མཱེར་མངའ་སྡེའི་སཱམ་བྷ་དང་ཀཱ་དྷོ་ས་ཁུལ་གཙོས་མཐའ་མཚམས་ཀྱི་སྒར་ས་ ༡༥ ཙམ་ལ་མེ་སྒྱོགས་འཕངས་ཏེ་མཐའ་སྲུང་དམག་མི་གཅིག་བསད་དེ་འཁོན་ལན་སློག་ ཡོད་སྟབས། རྒྱ་གར་མཐའ་མཚམས་ཁུལ་གྱི་ཡུལ་མི་ ༡༠༠༠༠ ལྷག་ས་ཆ་གཞན་ལ་ཉེན་ཡོལ་འགྲོ་དགོས་བྱུང་ཡོད་འདུག

འདིའི་ཐད་རྒྱ་གར་བདེ་སྲུང་བློན་ཆེན་མཱ་ཎོ་ཧར་(Manohar Parrikar) གྱིས་རྒྱ་གར་གྱི་གསར་ལམ་ཁག་ཏུ་བརྗོད་དོན། “ པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་གཉིས་བར་གྲོས་མཐུན་ལ་རྒྱབ་བརྒལ་བྱས་ཏེ་ས་མཚམས་ཁུལ་དུ་རྙོག་གྲ་ཇེ་ཆེར་བཏང་ཚེ། ང་ཚོས་ས་མཚམས་ཁུལ་དུ་དམག་མི་ལྡབ་གཉིས་སྤར་ནས་པ་ཀི་སི་ཐན་ལ་ཁ་གཏད་གཅོག་རྒྱུ་ཡིན”ཞེས་བརྗོད་འདུག

པ་ཀི་སི་ཐན་བདེ་སྲུང་བློན་ཆེན་གྱིས་པ་ཀི་སི་ཐན་གྱི་སྐྱ་རེངས་ཞེས་པའི་གསར་ལམ་ཐོག་བརྗོད་དོན། “ང་ཚོས་འདས་པའི་ཟླ་དྲུག་བདུན་རིང་རྒྱ་གར་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུར་ཐབས་ཤེས་གང་ཡོང་བྱས་ཀྱང་། རྒྱ་གར་གཞུང་གིས་མགོ་འཚོས་ཀྱི་མེད་སྟབས་ང་ཚོས་ཐབས་ལམ་གཞན་ཞིག་བརྒྱུད་དེ་རྒྱ་གར་གཞུང་ལ་གོ་བརྡ་སྤྲོད་ཐབས་བྱེད་རྒྱུ་ཡིན”ཞེས་བརྗོད་འདུག

དེ་རིང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཇན་པ་སཱ་ཀི་ (Jen Psaki) ཡིས་གྷར་ཌིན་གསར་ལམ་ཐོག་བརྗོད་དོན། “ཨ་རིས་རྒྱ་གར་དང་པ་ཀི་སི་ཐན་རྒྱལ་ཁབ་གཉིས་བར་གྱི་ས་མཚམས་རྩོད་ཉོག་ཐད་སེམས་ཁྲལ་བྱེད་བཞིན་ཡོད་སྟབས། ཕྱོགས་གཉིས་པོས་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་རྒྱུར་རེ་སྐུལ་ཞུ་བཞིན་ ཡོད”ཅེས་དང་། རྒྱ་གར་གཞུང་གི་གསང་བའི་ལས་ཁུངས་ཀྱིས། “པ་ཀི་སི་ཐན་གྱིས་ཨཱ་ར་ཧྥིན་མཚོ་ཐོག་ཏུ་བཏང་བའི་གྲུ་གཟིངས་དེ་ནི་རྒྱ་གར་ལ་དུས་ཚོད་ངེས་མེད་དྲག་སྤྱོད་ལས་འགུལ་སྤེལ་བར་བཏང་བ་ཞིག་ཡིན་སྟབས། ང་ཚོས་ད་ལྟ་རྒྱལ་ནང་གི་བདེ་འཇགས་ལ་ལྟ་སྲུང་ནན་མོ་བྱེད་ཀྱིན་ཡོད”ཅེས་སོགས་བརྗོད་འདུག

རྒྱ་གར་སྲིད་འཛིན་གྱི་ལས་འཁུར་དམ་འབུལ་སྐབས་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་མཛད་སྒོར་བཞུགས་ཏེ། ནཱ་རེན་ཌ་མུ་དྷེ་མཆོག་དང་ཐུག་ནས་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འདས་ལོའི་ཟླ་ ༨ ནང་པ་ཀི་སི་ཐན་གྱི་རྒྱལ་སར་རྒྱ་གར་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་དྲུང་ཆེ་རྣམ་ གཉིས་བར་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་གནང་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། པ་ཀི་སི་ཐན་གྱི་གཞུང་ཚབ་པ་ཨབ་དྷོལ་ (Abdul Basit) ལགས་ཀྱིས་ཀཱ་ཤི་མཱེར་རྒྱ་གར་ལས་ལོགས་སུ་ཁ་བྲལ་རྩོད་ལེན་བྱེད་མཁན་ཇ་མུ་ཀཱ་ཤི་མཱེར་གྱི་དམངས་གཙོ་རང་དབང་ཚོགས་པའི་མགོ་གཙོ་ཤཱ་བྷེར་ (Shabir Shah) དང་ཐུག་འཕྲད་བྱས་ཡོད་སྟབས། རྒྱ་གར་གཞུང་གིས་གྲོས་མོལ་ཕྱིར་འཐེན་བྱས་པར་བརྟེན། པ་ཀི་སི་ཐན་ཁོང་ཁྲོ་ལངས་ནས་རྒྱ་གར་གྱི་ས་མཚམས་ཁུལ་དུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ནོ་བྷེལ་གཟེངས་རྟགས་གཏིང་བརྗེད་ཟིན་པ་ཡིན་ནམ། ཡང་ན། ཞི་བདེ་ཞིག་འོངས་སྲིད་དམ། གང་མྱུར་ཞི་འགྲིགས་ཡོང་བའི་སྨོན་ལམ་ཡོད།

    Reply
  2. ཐོ་རེངས། says:
    ལོ་ 12 སྔོན།

    རྒྱ་གར་གྱིས་ནམ་རྒྱུན་པ་ཀི་སུ་ཐན་ལ་ཐུབ་ཚོད་གཏོང་གིན་ཡོད་ནའང་། མཇུག་མཐའི་རྒྱལ་ཁ་པ་ཀི་སུ་ཐན་ལ་ཐོབ་ངེས་པ་འདྲ། པ་ཀི་སུ་ཐན་ལ་རྒྱ་ནག་དང་དཀྱིལ་ཤར་གྱི་རྒྱལ་ཁབ་མང་པོའི་རོགས་རམ་ཡོད་ལ། དོན་བདག་འདིའི་ཐད་ལ་ཨ་རི་སོགས་ནུབ་ཕྱོགས་ཀྱི་ལུང་པ་ཁག་གིས་རྒྱ་གར་ལ་རྒྱབ་སྐྱོར་བྱེད་མི་སྲིད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese