མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤི་རི་ལན་ཁའི་སྲིད་འཛིན་འཕོ་འགྱུར།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ད་ཐེངས་ཀྱི་ཤི་རི་ལན་ཁའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་དེ་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མྷེ་ཏི་རི་པཱ་ལཱ་སི་རི་སྷེ་ནཱ་ལ་ཐོབ་ཡོད་འདུག

ཁ་སང་ཤི་རི་ལན་ཁའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་ཡོད་པའི་མང་ཚོགས་ས་ཡ་ ༡༥ ཙམ་གྱིས་འོས་བླུགས་ཏེ། རྒྱལ་ཡོངས་གཅིག་སྒྲིལ་ཚོགས་པའི་སྲིད་འཛིན་འོས་མི་དང་འཕྲོད་བསྟེན་བློན་ཆེན་ཟུར་བ་མྷེ་ཏི་རི་པཱ་ལཱ་སི་རི་སྷེ་ནཱ་ (Mithripala Sirisena)ལ་འོས་གྲངས་བརྒྱ་ཆ་ ༥༣།༨༥ དང་།  ད་ལྟའི་སྲིད་འཛིན་ལས་ཐོག་དང་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་མཱ་ཧེན་དྷ་ར་ཇཱ་པཱག་སཱ་ (Mahinda Rajapaksa) ལ་འོས་གྲངས་བརྒྱ་ཆ་ ༤༥།༦༣། དེ་མིན་གྱི་ཆབ་སྲིད་ཚོགས་པ་ཁག་ ༡༩ ལ་འོས་གྲངས་ཉུང་ཤས་རེ་བཅས་ཐོབ་ཏེ། མྷེ་ཏི་རི་པཱ་ལཱ་སི་རི་སྷེ་ནཱ་མཆོག་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་སྟབས། དེ་རིང་ཉིན་རྒྱབ་ཁོང་གིས་སྲིད་འཛིན་གྱི་ལས་འཁུར་དམ་བཅའ་ཕུལ་ཡོད་འདུག

འདིའི་ཐད་མཱ་ཧེན་དྷ་ར་ཇཱ་པཱག་སཱ་ཡིས། “ངས་མང་ཚོགས་ཀྱི་མངོན་འདོད་ལ་བརྩི་བཀུར་བྱེད་བཞིན་ཡོད་སྟབས། ད་ལྟའི་སྲིད་འཛིན་མཆོག་གིས་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས་མ་འོངས་པའི་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་སྟེ། སྤྱི་འབངས་བདེ་འཁོད་དང་རྒྱལ་ནང་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད”ཅེས་བརྗོད་འདུག

ཤི་རི་ལན་ཁའི་སྲིད་འཛིན་གསར་པ་མྷེ་ཏི་རི་པཱ་ལཱ་སི་རི་སྷེ་ནཱ་ཡིས། “ཕྲན་ལ་མང་ཚོགས་ཚོས་ཡིད་ཆེས་བྱས་ནས་འོས་བླུགས་ཡོད་སྟབས། དབྱིན་ཡུལ་གྲོས་ཚོགས་ལམ་ལུགས་ལ་མིག་དཔེ་བལྟས་ཏེ་ཕྱི་གསལ་ནང་གསལ་གྱི་ གཞུང་འཛིན་སྐྱོང་དང་། ལྐོག་ཟ་རུལ་སུངས་དང་ཕྱོགས་ཞེན་གྱི་ལྟ་བ་མེད་པ་བཟོས་ཏེ། རྒྱ་སྐྱེད་རིང་ལུགས་དང་ཕྱི་རྒྱལ་གྱི་བཙན་འཛུལ་དག་ལས་སྐྱོབ་ཐུབ་པ་བྱེད་རྒྱུ་ཡིན”ཞེས་བརྗོད་འདུག

ཤི་རི་ལན་ཁའི་སྲིད་འཛིན་གསར་རྙིང་བར་གྱི་ཁྱད་པར་ནི་དེ་སྔོན་མཱ་ཧེན་དྷ་ར་ཇཱ་པཱག་སཱ་ཤི་རི་ལན་ཁའི་སྲིད་འཛིན་ཡིན་སྐབས། ཁོས་གཞུང་ལ་ངོ་རྒོལ་གྱིས་ཤི་རི་ལན་ཁ་ལས་ལོགས་སུ་རང་བཙན་རྩོད་མཁན་གྱི་ཏཱ་མིལ་མི་རིགས་ལ་དྲག་ཤུགས་སྤྱད་དེ་ཤི་རི་ལན་ཁ་དུམ་བུར་མ་སོང་བ་བྱས་ཡོད་སྟབས། ༢༠༡༠ ལོའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་ཁོང་ལ་མང་ཚོགས་བརྒྱ་ཆ་ ༧༢།༥༩ ཡིས་འོས་བླུགས་ཏེ་རྒྱལ་ཁ་ཐོབ་ཡོད་ཀྱང་། རྗེས་སུ་ཁོས་དབང་ཆ་ལོག་པར་བེད་སྤྱོད་བཏང་སྟེ་ཁོ་རང་གི་སྤུན་མཆེད་གྷོ་ཌ་བྷོ་ཡཱ་ (Gotabhaya) བདེ་སྲུང་བློན་ཆེན་དང་། བྷ་སལ་(Basil) དཔལ་འབྱོར་བློན་ཆེན་ལ་བསྐོ་བཞག་བྱས་པ་མ་ཟད། རྒྱ་ནག་གཞུང་དང་མཛའ་འབྲེལ་སྲིད་ཇུས་བཟུང་སྟེ་ཨ་སྒོར་ཐེར་འབུམ་ ༡༠༠ ལྷག་གི་ཚོང་འབྲེལ་གྲོས་མཐུན་བཞག་པའི་ཁྲོད་ནས་མ་དངུལ་འབོར་ཆེན་ལྐོག་ཟ་བྱས་པའི་གནས་ཚུལ་ཐོན་ཡོད་སྟབས། ད་ལྟའི་སྲིད་འཛིན་གསར་པས་འཕྲོད་བསྟེན་བློན་ཆེན་ནས་དགོངས་པ་ཞུས་ཤིང་རྒྱལ་ཡོངས་ཆིག་སྒྲིལ་ཚོགས་པར་སྣེ་ཁྲིད་དེ། ཤི་རི་ལན་ཁའི་ཁ་ཆེ་དང་ཡེ་ཤུ། ཏཱ་མིལ་སོགས་ཀྱི་གྲངས་ཉུང་མི་རིགས་ཁག་དང་འཆམ་མཐུན་ཡོང་ཐབས་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད། མ་འོངས་པར་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུ་དང་འབྲེལ་ཕྱིའི་གནོན་ཤུགས་ལས་གཡོལ་ཐབས་ཀྱི་དམངས་ཕན་གཞུང་ཞིག་གསར་འཛུགས་བྱ་རྒྱུའི་ལངས་ཕྱོགས་མང་ཚོགས་ལ་གསལ་སྟོན་བྱས་པ་བཅས་ལ་བརྟེན་ཏེ་ཐེངས་འདིར་འོས་ཐོབ་པ་ཞིག་ཡིན་འདུག

ཉེ་ལམ་ཟླ་འདིའི་ཚེས་ ༦ ཉིན་ད་ལྟའི་ཤི་རི་ལན་ཁའི་སྲིད་འཛིན་གསར་པ་མྷེ་ཏི་རི་པཱ་ལཱ་སི་རི་སྷེ་ནཱ་ཡིས་ཤི་རི་ལན་ཁའི་ཉིན་རེའི་གསར་འགྱུར་ཞེས་པའི་དབྱིན་ཡིག་དྲ་ཚིགས་ཐོག “དེ་སྔོན་ང་ཚོའི་རྒྱལ་ཁབ་འདི་མི་རིགས་དཀར་པོའི་དྲག་ཤུགས་ལ་བརྟེན་ནས་དབང་སྒྱུར་བྱས་ཡོད་པ་དེ། ད་ཆ་ཕྱི་ཕྱོགས་རྒྱལ་ཁབ་ཀྱིས་ཡུལ་འདིའི་མི་ཉུང་ཤས་ཤིག་ལ་ལྐོག་དངུལ་སྤྲད་ནས་ཉོ་རྩིས་བྱེད་བཞིན་ཡོད་སྟབས། མ་འོངས་པར་ང་ཚོས་ད་དུང་སྲིད་ཇུས་འདི་མུ་མཐུད་རྒྱུན་འཁྱོངས་བྱས་ཚེ། ལོ་ལྔ་དྲུག་རྗེས་ང་ཚོའི་རྒྱལ་ཁབ་འདི་རྒྱལ་ཁབ་གཞན་གྱི་མི་སེར་སྤེལ་ཡུལ་ཞིག་ཏུ་འགྱུར་ནས་ང་ཚོ་བྲན་གཡོག་ཏུ་འགྱུར་སྲིད་པ་ཞིག་ཡིན་པར་བརྟེན། གལ་ཏེ་ང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ་ཕྱིའི་བཙན་འཇུལ་དང་ནང་གི་ལྐོག་ཟ་ལྐོག་རྔན་ལེན་མཁན་དག་ལ་ཁ་གཏད་གཅོག་རྒྱུ་ཡིན”ཞེས་བརྗོད་ཡོད་སྟབས། མི་མང་པོ་ཞིག་གིས་དེ་ནི་ཁོང་གིས་རྒྱ་ནག་ལ་དམིགས་ཏེ་བརྗོད་པ་ཞིག་པའི་ངོས་འཛིན་བྱེད་བཞིན་ཡོད། ༢༠༡༢ ལོར་རྒྱ་ནག་གཞུང་གིས་ཤི་རི་ལན་ཁར་དངུལ་བུན་བཏང་བའི་ཁ་གྲངས་ནི་འདས་པའི་ལོ་ བཅུ་ཕྲག་གཅིག་ནང་ལྡབ་ཧ་ཅང་མང་པོ་འཕར་ཡོད་སྟབས། ཨ་རི་གཙོས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཤི་རི་ལན་ཁར་དངུལ་བུན་སྤྲད་པ་དང་བསྡུར་ན་ལྡབ་གཉིས་ཙམ་གྱི་མང་བ་ཆགས་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟའི་སྲིད་འཛིན་གསར་པ་ནི་སྔོན་དང་མི་འདྲ་བར་རྒྱ་གར་དང་པ་ཀི་སི་ཐན། རྒྱ་ནག་དང་ཉི་ཧོང་བཅས་དང་འབྲེལ་བ་གཅིག་མཚུངས་འཛིན་མཁན་ཞིག་ཡིན་པ་ལས་རྒྱ་ནག་ལ་ཉེ་འབྲེལ་སྲིད་ཇུས་འཛིན་མཁན་ཞིག་མིན་པར་བརྟེན། ད་ལྟ་ཤི་རི་ལན་ཁ་དང་རྒྱ་ནག་བར་འགྲོ་བཞིན་པ་དང་མ་འོངས་པར་གཉེར་འཆར་ཡོད་པའི་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་དོན་གྲོས་མཐུན་དང་ལས་འཆར་ཁག་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྐོར་བརྗོད་འདུག

སྐུ་ཞབས་མྷེ་ཏི་རི་པཱ་ལཱ་སི་རི་སྷེ་ནཱ་མཆོག་ནི་ ༡༩༥༡ ལོའི་ཟླ ༡༡ ཚེས་ ༣ ཉིན་སྐྱེས་ཤིང་། འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ཐོན་རྗེས། ༡༩༨༩ ལོར་ཆབ་སྲིད་ནང་བཞུགས་ནས་ལྷན་ཁང་ཁག་འདྲ་མིན་གྱི་བློན་ཆེན་གནང་ཡོད་པ་མ་ཟད། ༢༠༡༠ ལོར་འཕྲོད་བསྟེན་བློན་ཆེན་གནང་སྐབས་གཞུང་འཛིན་ཚོགས་པ་དང་ལྟ་བ་མི་མཐུན་པ་བྱུང་ནས་ལས་གནས་ནས་དགོངས་ཞུ་བྱས་རྗེས། ཆབ་སྲིད་ལས་འགུལ་མང་པོ་སྤེལ་ཡོད་པ་མ་ཟད། འདི་ལོ་སྲིད་འཛིན་གྱི་འོས་བསྡུའི་ནང་བཞུགས་ཏེ་རྒྱལ་ཁ་ཐོབ་ཡོད།  

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese