མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་ཁོག་ཆེན་པོ་དང་སེམས་རྒྱ་ཡངས་པོའི་ཐོག་ནས་ལས་འགུལ་སྤེལ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལར་གནས་སྡོད་ན་གཞོན་རྩོམ་པ་པོ་དང་སྲིད་དོན་དཔྱད་བརྗོད་པ་བུ་ཆུང་ལྡུམ་རྭ་བསོད་ནམས་ལགས་སུ་ད་ལྟའི་བཙན་བྱོལ་སྤྱི་ཚོགས་དང་རྩ་དོན་ཆབ་སྲིད་འཐབ་རྩོད་སྐོར་ལ་བཅར་འདྲི་ཞུས།

དྲི་བ། ལོ་གཉིས་གསུམ་གོང་ལ་བོད་ཕྱི་ནང་གཉིས་ནས་རྩ་དོན་འཐབ་རྩོད་ཐོག་ཚ་ཚ་འུར་འུར་འདྲ་ཞིག་བྱས་ཡོད་ཀྱང་། ལོ་སྔ་ཕྱི་འདིར་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་དམངས་གཉིས་ཀ་གྲགས་མེད་འགུལ་མེད་ལྟ་བུ་ཞིག་ཆགས་ཡོད་པ་འདིར་གཟིགས་ཚུལ་གང་འདྲ་ཡོད།

ལན། ༢༠༠༨ ལོར་ས་བྱི་ཞི་རྒོལ་བྱུང་རྗེས་ལོ་གཅིག་གཉིས་ཤིག་རིང་བོད་དོན་ཚ་ཚ་འུར་འུར་འདྲ་པོ་ཞིག་བྱུང་པ་རེད། ཡིན་ནའང་རིམ་གྱིས་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་འགྱུར་ཆེན་པོ་ཐེབས་ཏེ། ཕྱོགས་གཅིག་ནས་བོད་ནས་བཙན་བྱོལ་ལ་ཡོང་མཁན་རྦད་དེ་ཉུང་དུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་ཕྱི་རྒྱལ་ལ་འགྲོ་མཁན་མང་དུ་ཕྱིན་ཡོད་སྟབས། སྔོན་ཆད་ལོ་ངོ་ ༥༠ ལྷག་ནང་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་དང་ཚོགས་པ་སྒྲིག་འཛུགས། དགོན་སྡེ་སོགས་ཧྲ་ཏག་ཏག་ཅིག་ཆགས་ཡོད་ནའང་། ད་ཆ་འགྱུར་བ་ཤུགས་ཆེན་པོ་ཞིག་ཐེབས་ཡོད་པ་མ་ཟད། ལྷག་པར་དུ་གཞུང་གིས་དབུ་མའི་ལམ་བརྒྱུད་དེ་བོད་རྒྱ་ཞི་མོལ་ཡོང་ཐབས་བྱེད་ཀྱིན་ཡོད་ཀྱང་། ༢༠༡༠ ལོ་ནས་བཟུང་ད་བར་རྒྱ་ཕྱོགས་ནས་ཡ་ལན་གང་ཡང་སྤྲད་མེད་སྟབས། ང་ཚོར་ཕྱོགས་གཅིག་ནས་རེ་བ་ཡོད་པ་འདྲ་པོ་ཞིག་དང་། ཕྱོགས་གཞན་ཞིག་ནས་བོད་རྒྱའི་འབྲེལ་ལམ་ཆད་དེ་རེ་བ་གང་ཡང་མེད་པའི་བཟོ་འདྲ་བོ་ཞིག་ཆགས་བསྡད་ཡོད་པ་རེད། ཐབས་ལམ་གཞན་པ་སྤེལ་མཁན་ཚོས་ཀྱང་འདི་བྱས་ན་འགྲིག་གི་ཨེ་ཡོད། དེ་བྱས་ན་འགྲིག་གི་ཨེ་ཡོད་བསམ་སྟེ་ག་རེ་བྱེད་དགོས་མ་ཤེས་པའི་གནས་སྟངས་ཤིག་གི་འོག་ཏུ་བསྡད་ཡོད་པ་རེད། ཡིན་ནའང་སྤྱིར་བཏང་ཆབ་སྲིད་ཀྱི་འཐབ་རྩོད་ཟེར་བ་དེ་མཚམས་རེར་ཚ་ཚ་འུར་འུར་ཆགས་པ་དང་། མཚམས་རེར་ཕྱི་ནང་གི་རྒྱུ་རྐྱེན་འོག་ལོ་གཅིག་གཉིས་ལ་མདུན་སྐྱོད་མ་ཐུབ་པ་དེ་འདྲ་ཡོང་གི་རེད།

དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ཆར་བོད་དོན་འཐབ་རྩོད་ཐོག་ཕྱག་ལས་གནང་སྟངས་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། བཀའ་ཤག་བཅུ་བཞི་པ་ཕེབས་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་ལུགས་འགྲོ་སྟངས་ལ་སྔོན་དང་མ་འདྲ་བའི་ཁྱད་པར་ཆེན་པོ་ཕྱིན་ཡོད་པ་དེ་འདྲ་གང་ཡང་མཐོང་གི་མེད། ལྷག་པར་དུ་གསར་གཏོད་གང་ཙམ་ཞིག་བྱུང་ཡོད་ཀྱང་མིས་སྨོན་རང་སྐྱིད་བྱུང་བ་དེ་འདྲ་དམིགས་བསལ་ད་བར་གང་ཡང་བྱུང་མ་སོང་བསམ་ཡོད། ༡༩༥༩ ལོར་བཙན་བྱོལ་བོད་གཞུང་དབུ་བཙུགས་པ་ནས་བཟུང་ད་བར་གཞུང་གི་ཕྱག་ལས་དེ་མུ་མཐུད་ནས་འགྲོ་བཞིན་པ་ཞིག་རེད། དངོས་གནས་བྱས་ན་ད་ལྟའི་སྲིད་སྐྱོང་མཆོག་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པ་གང་ཞིག་ལ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཐད་ཀར་གནང་ཡོད་པ་ཞིག་ཀྱང་ཆགས་ཡོད་སྟབས། ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་ནས་འགྱུར་བ་ཤུགས་ཆེན་པོ་དང་དམིགས་བསལ་ཅན་ཞིག་ཆགས་ཡོད་པ་རེད། ཡིན་ན་ཡང་སྤྱི་ཡོངས་ཀྱི་བོད་གཞུང་གི་འགྲོ་སྟངས་དང་སྲིད་བྱུས་འཛིན་ཕྱོགས་ཐད་མངོན་སུམ་དོད་པོས་དོན་ཕན་ལྡན་པའི་འགྱུར་བ་ཞིག་ཐེབས་པ་མཐོང་མ་སོང་བསམ་ཡོད། དེ་འདྲ་ཡིན་དུས་ང་ལ་བསམ་ཚུལ་དང་ལྟ་ཚུལ་གསར་པ་དེ་འདྲ་གང་ཡང་ཞུ་རྒྱུ་མེད།

དྲི་བ། བོད་རྒྱ་འབྲེལ་མོལ་མཚམས་ཆད་དེ་ལོ་བཞི་ལྷག་ཕྱིན་པ་རེད། དེའི་རིང་ཕྱོགས་གཉིས་ཀས་གྲོས་མོལ་གྱི་སྒོ་མོ་ཕྱེ་ཡོད་སྐོར་དང་གྲ་སྒྲིག་ཡོད་སྐོར་ཤོད་བཞིན་ཡོད་ཀྱང་། དངོས་ཡོད་ཐོག་འབྲེལ་མོལ་མཐུད་ཐུབ་ཀྱི་མེད་པའི་དཀའ་ངལ་གཙོ་བོ་གང་ལ་ཐུག་ཡོད་པ་རེད་དམ།

ལན། ད་བར་བཙན་བྱོལ་བོད་གཞུང་ངོས་ནས་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་གུ་ཡངས་ཡོད་ཚད་བྱས་ཡོད་པ་མ་ཟད། དབུ་མའི་ལམ་བརྒྱུད་བདེན་མཐའ་སེལ་ཆེད་ཀྱི་ཡིག་ཆ་ཡན་ཆད་རྒྱ་ནག་ལ་སྤྲད་ཚར་བ་རེད། བོད་རྒྱའི་དཀའ་རྙོག་དེ་རྒྱ་ནག་ལ་དབང་ནས་ང་ཚོས་སྤྲད་པ་ལས་བྱུང་བ་ཞིག་མིན་པར་རྒྱ་མིས་བོད་ལ་བཙན་འཛུལ་བྱས་ཏེ་བྱུང་བ་ཞིག་ཡིན་དུས། བཙན་འཛུལ་བྱེད་མཁན་དེས་ང་ཚོས་བཏོན་པའི་དགོས་འདུན་དེ་དག་ལ་ཡ་ལན་བྱེད་དགོས་པ་ཞིག་ཆགས་ཡོད། ད་ལྟ་བོད་པའི་ངོས་ནས་གུ་ཡངས་ཡོད་ཚད་བྱས་ཚར་ཡོད་ཀྱང་། རྒྱ་ཕྱོགས་ནས་མུ་མཐུད་མཁྲེགས་འཛིན་བྱེད་ཀྱིན་ཡོད། ངའི་བསམ་པར། མ་འོངས་པར་རྒྱ་ཕྱོགས་ནས་སྐད་ཆ་བཤད་རྒྱུའི་རྣམ་འགྱུར་ཞིག་བསྟན་པ་ཡིན་ནའང་། རྒྱལ་སྤྱིའི་གནོན་ཤུགས་ཤིག་དང་། ཕྱི་ཕྱོགས་སུ་རྣམ་པ་སྟོན་ཆེད་ཙམ་མ་གཏོགས། ད་ལྟའི་རྒྱ་ནག་གི་གནས་སྟངས་སོགས་ཕྱོགས་གང་ནས་བལྟས་ཀྱང་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཡོང་གི་རེད་བསམ་གྱི་མི་འདུག

དྲི་བ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་པའི་རྩ་དོན་འཐབ་རྩོད་ཐད་དགོངས་ཚུལ་གང་འདྲ་ཡོད།

ལན། བོད་དོན་འཐབ་རྩོད་ནི་ང་ཚོ་ཚང་མའི་འཐབ་རྩོད་ཅིག་ཡིན་སྟབས། ཚང་མས་འཕྱར་གྲུ་མཉམ་འདེགས་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་ལྟའི་ང་ཚོའི་གཞུང་འདི་བཙན་བྱོལ་གཞུང་ཞིག་ཡིན་སྟབས་ངོ་བོ་དང་གནས་སྟངས། རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ཏེ་ལས་ཀ་མང་པོ་ཞིག་བྱེད་ཐུབ་དང་ལས་དོན་འགའ་ཞིག་བྱེད་མ་ཐུབ་པ་གཉིས་ཀ་ཡོད་པ་མ་ཟད། འགའ་ཤས་བྱས་ན་མ་འཚམ་པ་དེ་འདྲ་ཡོད་པ་རེད། ཡིན་ཡང་གཞུང་འབྲེལ་མིན་པའི་ཚོགས་པ་ཟེར་དུས་གནས་སྟངས་ལོགས་ཀ་ཞིག་རེད། གཞུང་གི་ལངས་ཕྱོགས་ལ་བལྟས་ནས་ཕྱག་ལས་བྱེད་དགོས་པ་གལ་ཆེན་པོ་ཡིན་སྲིད་ཀྱང་། རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་དུས་ཀྱི་འགྱུར་འགྲོས། འཛམ་གླིང་གི་གནས་སྟངས་ལ་བལྟས་ཏེ་རྣམ་དཔྱོད་འདོན་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། ང་ཚོའི་འཐབ་རྩོད་འདི་རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་འགྲོས་ལ་བསྟུན་ཏེ་འགྱུར་བ་འགྲོ་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ལྟ་སྟངས་དེ་དཔལ་འབྱོར་གྱི་ཁེ་ཕན་ཡོད་མིན་ལ་གཞིགས་ཏེ་འགྱུར་བ་འགྲོ་བཞིན་ཡོད་སྟབས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཀྱང་སྐབས་དང་དུས་ལ་བསྟུན་ཏེ་མདུན་སྐྱོད་བྱེད་དགོས་པ་རེད་བསམ་གྱི་འདུག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་མཐའ་གཅིག་ཏུ་བཙན་བྱོལ་བོད་གཞུང་ལ་ཡར་བལྟས་ཏེ། བྱེད་ཆོག་དང་མ་ཆོག་ལ་ཐེ་ཚོམ་བྱས་བསྡད་ན་འགྲིག་གི་ཡོད་པ་མ་རེད། གང་ཡིན་ཞེ་ན། ཚོགས་པ་སྒྲིག་འཛུགས་ཕལ་ཆེ་བ་འཐབ་རྩོད་ཀྱི་ངོ་བོ་རང་བྱས་ནས་བཙུགས་པ་ཡིན་དུས། ད་ལྟའི་དུས་ཚོད་འདིར་བློ་ཁོག་ཆེན་པོ་དང་སེམས་རྒྱ་ཡངས་པོའི་ཐོག་ནས་ལས་འགུལ་སྤེལ་དགོས་པ་རེད་བསམ་གྱི་འདུག

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་དང་། ལྷག་པར་དུ་ཕྱི་རྒྱལ་ཁག་གི་བོད་རིགས་གཞོན་སྐྱེས་ཚོའི་ངོས་ནས་བོད་དོན་འཐབ་རྩོད་ཐོག་སེམས་འཁུར་དང་འགན་འཁུར་གནང་ཕྱོགས་ཐད་ཁྱད་པར་གང་མཐོང་གི་འདུག

ལན། ངས་བོད་ནས་སྐྱེས་པ་དང་བཙན་བྱོལ་ནང་སྐྱེས་པ་གཉིས་བར་བོད་དོན་འཐབ་རྩོད་ཀྱི་འགན་འཁུར་ཕྱོགས་ཐད་ཁྱད་པར་ཆེན་པོ་ཡོད་པ་མཐོང་གི་མི་འདུག་ཀྱང་། སེམས་འཁུར་བྱེད་ཕྱོགས་ཐད་ཏན་ཏན་ཁྱད་པར་འདུག་བསམ་གྱི་ཡོད། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་བོད་ནས་འཚར་ལོངས་བྱུང་ཞིང་བཙན་བྱོལ་ནང་བསླེབས་པའི་མི་རབས་ཤིག་དང་། རྒྱ་བལ་འབྲུག་གསུམ་ནང་སྐྱེས་པའི་མི་རབས་ཤིག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱེས་པའི་མི་རབས་ཤིག་བཅས་བོད་པའི་གཞོན་སྐྱེས་མི་འདྲ་བ་གསུམ་ཡོད། དེ་དག་ཚང་མར་སེམས་ནང་ན་ཟུག་ཅིག་ཡོད་པ་གཅིག་མཚུངས་རེད། ཡིན་ནའང་ན་ཟུག་ཆེ་ཆུང་ལ་ཁྱད་པར་ཏོག་ཙམ་ཡོད་པ་རེད་བསམ་གྱི་འདུག དཔེར་ན། བོད་ནས་ཕེབས་མཁན་ཞིག་ཡིན་ན་བོད་ནང་གི་དངོས་ཡོད་གནས་སྟངས་དང་དཀའ་ངལ་མིག་མཐོང་ལག་ཟིན་ཡིན་དུས་སེམས་ནང་ཚོར་ཤུགས་ཁྱད་པར་བ་ཞིག་དང་། རྒྱ་བལ་འབྲུག་གསུམ་ནང་འཚར་ལོངས་བྱུང་བ་ཚོར་སྤྱི་ཚོགས་དང་ཆབ་སྲིད་གནས་སྟངས་འོག་ན་ཟུག་མ་འདྲ་བ་ཞིག་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚར་ལོངས་བྱུང་བ་ཚོར་ཆ་རྐྱེན་ཏོག་ཙམ་ཡག་པོ་ཡོད་ཀྱང་སྤྱི་ཚོགས་དང་དཔལ་འབྱོར་གནོན་ཤུགས་འོག་ཚོར་བ་མ་འདྲ་བ་ཞིག་ཡོད། ངས་བོད་ནས་ཡོང་མཁན་ཚོར་ན་ཟུག་ཏོག་ཙམ་ཆེ་བ་དང་། རྒྱ་བལ་འབྲུག་གསུམ་ནང་འཚར་ལོངས་བྱེད་མཁན་ཚོར་ན་ཟུག་འབྲིང་བ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་མཁན་ཚོར་ཅུང་ན་ཟུག་ཆུང་བ་ཡོད་པ་རེད་བསམ་གྱི་འདུག མི་རིགས་ཤིག་དང་རྒྱལ་ཁབ་ཞིག་གི་འཐབ་རྩོད་ཁྲོད་སེམས་ནང་ན་ཟུག་དགོས་རྒྱུ་དེ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། སེམས་ནང་ངའི་རྒྱལ་ཁབ་དང་ཕ་ཡུལ་ཤོར་སོང་བསམ་པའི་ན་ཟུག་དེ་ཡོད་ཚེ། ལས་དོན་སྒྲུབ་སྐབས་སེམས་ཤུགས་དང་ངར་ཆེ་བ་ཡོད་པ་མ་ཟད། རྩ་དོན་གྱི་ཆེད་དུ་ལས་ཀ་ཞིག་བྱེད་དགོས་བསམ་པའི་བློ་སྟོབས་བརྟན་པོ་ཡོད་རེད།

དྲི་བ། ཁྱེད་རང་རྩོམ་པ་པོ་དང་སྒྱུ་རྩལ་བ་ཞིག་ཡིན་སྟབས། བོད་དོན་འཐབ་རྩོད་ལ་སྒྱུ་རྩལ་བ་ཚོས་ནུས་པ་འདོན་སྤེལ་ག་རེ་བྱེད་དགོས་པ་རེད་བསམ་གྱི་འདུག

ལན། སྤྱིར་བཏང་སྤྱི་ཚོགས་ཡར་རྒྱས་འགྲོ་མིན་དང་ཚད་གཞི་མཐོ་པོ་གང་འདྲར་བསླེབ་མིན་དེ། སྤྱི་ཚོགས་དེའི་ནང་གི་སྒྱུ་རྩལ་ལ་རག་ལས་ཡོད་པ་རེད། སྤྱི་ཚོགས་ཤིག་ནང་སྒྱུ་རྩལ་གྱི་རིམ་པ་ཚད་མཐོ་བོ་ཡོད་ན། སྤྱི་ཚོགས་ཀྱི་གནས་བབ་དང་མིའི་བསམ་བློར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་སྟབས། སྒྱུ་རྩལ་བ་ནི་སྤྱི་ཚོགས་གང་འདྲ་ཞིག་ཡིན་ཡང་ཧ་ཅང་གནད་འགག་ཆགས་ཡོད། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་མེད་དུ་མི་རུང་བ་ཞིག་ཆགས་ཡོད། སྒྱུ་རྩལ་བ་ཚོ་བསམ་བློ་མི་འདྲ་བ་གཏོང་མཁན་ཞིག་ཡིན། མི་ཚང་མས་ཤར་ལ་བལྟས་ནས་བསྡད་ཡོད་ན་སྒྱུ་རྩལ་བས་ནུབ་ནས་ག་རེ་ཡོང་གི་ཡོད་མེད་ལ་ལྟ་བཞིན་ཡོད། སྒྱུ་རྩལ་པ་ཞིག་ཡིན་ན་བསམ་བློ་གསར་པ་གཏོང་ཐུབ་མཁན་ཞིག་དང་། སེམས་ནང་ག་རེ་དྲན་པ་དེ་ཁ་ནས་བཤད་ཕོད་མཁན་ཞིག་ཡིན་དགོས། ང་ཚོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་བལྟས་ན། དུས་རབས་བདུན་པའི་གོང་བོད་ལ་ནང་ཆོས་མ་དར་སྔོན་ལ་བོད་ཀྱི་ཆོས་དེ་བོན་ཆོས་དང་། དེའི་རྗེས་ནང་ཆོས་ཆགས་ཡོད་ཀྱང་། ད་ཆ་བོད་པ་ནང་ཆོས་བྱེད་མཁན་ཙམ་མིན་པར་ཁ་ཆེ་དང་ཡེ་ཤུ་ཡང་ཡོད་སྟབས། ཆོས་ཀྱི་ལྟ་གྲུབ་དེ་དུས་རབས་མང་པོའི་ཁྲོད་འགྱུར་སྲིད་པ་ཞིག་རེད། ཆབ་སྲིད་ཀྱི་འཕོ་འགྱུར་ཡང་དེ་བཞིན་རེད། སྔོན་མ་ཡིན་ན་བོད་ཀྱི་བཙན་པོའི་དུས་རབས་དང་། དེའི་རྗེས་བོད་སིལ་བུར་འཐོར་བ་དང་། དུས་རབས་ཉི་ཤུའི་ནང་བོད་རང་བཙན་བསྐྱར་གསོ་བྱས་ཡོད་ཀྱང་། ད་ལྟ་བོད་རྒྱ་ལག་ཏུ་ཤོར་ཡོད་པ་རེད། འགྱུར་བ་མ་ཕྱིན་པར་གནས་ཡོད་པ་དེ་སྒྱུ་རྩལ་རེད། བོད་པའི་གཞས་དང་ཞབས་བྲོ་དེ་ཚོ་བོད་སྲིད་པ་ཆགས་པ་ནས་ད་བར་གནས་ཡོད་པ་མ་ཟད། ཆབ་སྲིད་དང་ཆོས་ལུགས་ཀྱི་འཕོ་འགྱུར་གང་འདྲ་ཞིག་གི་འོག་ཏུའང་གཞས་དང་ཞབས་བྲོ། སྙན་ངག་སོཊ་གནས་བསྡད་ཡོད། མི་རིགས་ཤིག་ལ་སྒྱུ་རྩལ་གཏིང་ཟབ་མོ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། སྒྱུ་རྩལ་པས་རང་གི་མི་རིགས་དང་རང་གི་ལོ་རྒྱུས། རང་གི་སྤྱི་ཚོགས་འཕོ་འགྱུར་སོགས་ལ་སློབ་སྦྱོང་བྱས་ཏེ། སྙན་ངག་དང་རི་མོ། རྩོམ་རིགས་དང་གློག་བརྙན་སོཊ་ཀྱི་ལམ་ནས་ཐབས་ལམ་དང་རིག་པ་གསར་པ་སྤྱད་དེ་སྤྱི་ཚོགས་ཀྱི་མགོ་འཁྲིད་དགོས།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 2

  1. གངས་ཀྱི་བུ་ཕྲུག says:
    ལོ་ 10 སྔོན།

    བཙན་བྱོལ་བོད་མིའི་གྲོས་ཚོགས་ཚོགས་སྐབས་ཤིག་ལ་གྲོས་ཚོགས་ནང་སྙན་ངག་འབྲི་མཁན་དེ་ཚོའི་ལག་པར་བོད་ཡིག་གི་དེབ་རྩོམ་སྒྲིག་བྱེད་རྒྱུ་ཁྱོན་ནས་འཇོག་རྒྱུ་མེད་གསུངས་སོང་། སྙན་ངག་འབྲི་མཁན་ཚོར་གྲོས་ཚོགས་ཞེ་དྲག་དགའ་གི་མེད་ཚོད་འདུག་དཱ་་་་་ཧ་ཧ་ཧ་་་་

    Reply
  2. བློ་དགའ། says:
    ལོ་ 10 སྔོན།

    སྤྱིར་བཏང་བཀའ་མོལ་གནང་སྟངས་དང་དགོངས་པ་བཞེས་ཕྱོགས་ཡག་པོ་ཞེ་དྲག་འདུག ཡིན་ནའང་གཞོན་སྐྱེས་ཤིག་དང་ལྷག་དོན་དུ་སྒྱུ་རྩལ་པ་ཞིག་ཡིན་པའི་ངོས་ཐད་ནས་ངར་ཤུགས་དེ་ཙམ་མི་འདུག སྐད་ཆའི་གོ་རིམ་ཁྲོད་ནས་མི་གཞན་གྱི་བློ་སྤོབས་འཕེལ་བ་དང་སེམས་ཤུགས་སྦར་ཐུབ་པ་ཞིག་ཡིན་དགོས་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་ནས་སྐྱེས་པ་དང་བཙན་བྱོལ་སློབ་གྲྭ་ཁག་ནས་འཚར་ལོངས་བྱུང་བ་རྣམ་པ་ཚོར་སློབ་སྦྱོང་རྣམ་རིག་ཡག་པོ་ཡོད་ནའང་ན་གཞོན་གྱི་འཚར་ཤུགས་དང་། སྐྱེས་སྟོབས་ཀྱི་དཔལ་ཡོན་གྱིས་མི་གཞན་དང་སྤྱི་ཚོགས་ལ་རེ་བ་དང་སྤོབས་པ། གསོན་ཤུགས་སོགས་བསྟེར་ཐུབ་པའི་ནུས་པ་ཟེར་ན་འདྲ། གང་ལྟར་ཁྱད་ཆོས་དེ་ཁྱོན་ནས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese