མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པ་རྩ་མེད་བཟོ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧྥ་རན་སིའི་རྒྱལ་སར་རྒྱལ་སྤྱིའི་རྒྱལ་ཁབ་ ༥༠ ཙམ་གྱི་མགོ་ཁྲིད་དང་མང་ཚོགས་ས་ཡ་ ༡།༦ ལྷག་འདུ་འཛོམས་ཀྱིས་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

ཁ་སང་ཧྥ་རན་སིའི་རྒྱལ་སའི་ཐང་ཆེན་(Place de la Republique)ནས་ (Place de la Nation) ཞེས་པའི་བར་ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་དང་། སྲིད་འཛིན་ཟུར་པ་སཱར་ཀཱོ་ཛཱི་དང་ཁོང་གི་སྐྱེས་དམན་ཀཱར་ལཱ་བྷུར་ཎེ། འཇར་མན་གྱི་སྲིད་བློན་ཨན་གྷེ་ལཱ་མེར་གྷལ། པ་ལི་སི་ཐན་གྱི་སྲིད་འཛིན་མཱོ་མཱ་ཌཱ་ཨཱ་བྷ་སེ་(Mahmoud Abbas)། དབྱིན་ཡུལ་གྱི་སྲིད་བློན་ཀེམ་རོན་གཙོས། དཀྱིལ་ཤར་ཡུལ་གྲུ་ཁག་གི་སྲིད་འཛིན་དང་སྲིད་བློན། དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་རྒྱལ་ཁབ་ ༥༠ ཙམ་གྱི་དབུ་ཁྲིད་མཉམ་ཞུགས་ཐོག རྒྱལ་སའི་མང་ཚོགས་ས་ཡ་གཅིག་དང་ཕྱེད་ལྷག་དང་། རྒྱལ་ཡོངས་གྲོང་ཁྱེར་ཁག་གི་མང་ཚོགས་ས་ཡ་ ༣།༧ ཙམ་གྱིས་ལག་ཏུ་རྒྱལ་དར་དང་༼ ང་ཚོ་ཆར་ལི་ཡིན། ཞེད་ཀྱི་མི་འདུག ༽ཟེར་བ་དང་༼གསར་འགོད་པའི་རང་དབང་དང་སྨྲ་བརྗོད་རང་དབང་ལ་སུས་ཀྱང་བཀག་འགོག་བྱེད་ཐུབ་ཀྱི་མ་རེད།༽ཟེར་བ་སོགས་ཀྱི་བརྗོད་ཚིག་འདྲ་མིན་འཁོད་པའི་འཕྲེད་དར་འཁྱེར་ཏེ། རང་དབང་དང་ཆར་ལི་ཞེས་སྐད་འབོད་རྒྱག་གིན་གོམ་བགྲོད་ལས་འགུལ་ཞིག་སྤེལ་ཡོད་པ་མ་ཟད། དབྱིན་ཡུལ་རྒྱལ་ས་ལོན་ཌོན་དང་སི་པན་རྒྱལ་ས་མེའུ་རོ་ཌོ། ཉི་ཧོང་རྒྱལ་ས་ཀྲོག་འཁྱོ། ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དང་འཇར་མན་གྱི་རྒྱལ་ས་སྦར་ལན། ཨོ་སི་ཌོ་ལི་ཡའི་གྲོང་ཁྱེར་སིད་ཌི་ཎེ་སོགས་རྒྱལ་སྤྱིའི་རྒྱལ་ས་དང་གྲོང་ཁྱེར་ཁག་ ༣༦ གིས་གཅིག་མཚུངས་ལས་འགུལ་སྤེལ་ཡོད་འདུག

དེ་ནི་ཟླ་འདིའི་ཚེས་ ༧ ཉིན་ཧྥ་རན་སིའི་རྒྱལ་སའི་ཆར་ལི་ཧབ་དོ་ (Charlie Hebdo) ཟེར་པའི་ཟུར་ཟའི་དུས་དེབ་རྩོམ་སྒྲིག་ཁང་དུ་རང་ལོ་ ༣༤ ཡིན་པའི་ཤེ་རིབ་ཁཱོ་ཝ་ཆཱི་ (Cherif Kouachi) དང་། རང་ལོ་ ༣༣ ཡིན་པའི་ས་ཡི་ཌཱ་ཁཱོ་ཝ་ཆཱི་(Said Kouachi)ཕུ་ནུ་གཉིས་ཀྱིས་འཇབ་རྒོལ་བྱས་ཏེ། རྩོམ་སྒྲིག་པ་ཚུད་པའི་གསར་འགོད་པ་བཅུ་དང་། སྐོར་སྲུང་བ་གཉིས་བཅས་མི་ ༡༢ སྡེབ་གསོད་དང་། གཞན། ཨི་མེ་ཌི་(Amedy Coulibaly) ཟེར་བ་ཞིག་གིས་ཉེན་རྟོག་པ་བུད་མེད་ཞིག་བསད་དེ། ཁཱོ་ཤར་དགུ་ཚིགས་ཚོང་ཁང་(kosher supermarket) ནང་འཛུལ་ཏེ་མི་གཏའ་མར་ཉར་བ། གཞན་མི་བཞི་བསད་པ་སོགས་ཀྱི་དོན་རྐྱེན་བྱུང་ཡོད་སྟབས། ཧྥ་རན་སི་གཞུང་གིས་ཉེན་རྟོག་པ་མང་པོ་བཏང་སྟེ་དུས་དེབ་ཁང་ལ་གཏོར་རྒོལ་གཏོང་མཁན་ཡིབ་སྡོད་བྱེད་ས་ཌེམ་མར་ཌིན་ཨིན་གྷོ་ལེ་(Dammartin-en-Goele) མཐའ་བསྐོར་ནས་མཐར་ཁོ་གཉིས་བསད་ཡོད།

འདིའི་ཐད་ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་མཆོག་གིས། “དེ་རིང་ཧྥ་རན་སི་ནི་རྒྱལ་སྤྱིའི་རྒྱལ་ས་ཆགས་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་དང་མང་ཚོགས་ཡོངས་ཀྱིས་ཡར་ལངས་བྱེད་བཞིན་ཡོད”ཅེས་དང་། ཧྥ་རན་སིའི་ནང་སྲིད་བློན་ཆེན་བྷེ་ཎར་ཌི་(Bernard Cazeneuve) ཡིས། “ད་ལྟ་ཧྥ་རན་སིའི་རྒྱལ་སའི་མང་ཚོགས་ས་ཡ་༡།༦ དང་རྒྱལ་ཡོངས་ཀྱི་མང་ཚོགས་ས་ཡ་ ༣།༧ ཡིས་ཞི་བའི་གོམ་བགྲོད་བྱེད་བཞིན་ཡོད་སྟབས། ང་ཚོས་ཉེན་རྟོག་པ་ ༢༢༠༠ དང་མེ་མདའ་རྒྱག་མཁན་(sniper) ༡༣༠༠ ལྷག་བཏང་སྟེ། ཞི་རྒོལ་བ་ཚོར་སྲུང་སྐྱོབ་བྱེད་བཞིན་ཡོད”ཅེས་བརྗོད་འདུག

ཉིན་དེར་དྲག་སྤྱོད་སྤེལ་མཁན་འཇིགས་སྐུལ་རིང་ལུགས་པ་ཧཱ་ཡཱ་ཌི་ (Hayat Boumeddiene)ཟེར་བའི་བུད་མེད་ཅིག་རྒྱལ་ཁབ་གཞན་ནང་བྲོས་བྱོལ་ཕྱིན་ཏེ་འཇུ་བཟུང་ཐུབ་མེད། ཁ་སང་འཇིགས་སྐུལ་རིང་ལུགས་པ་ཨི་མེ་ཌི་ཡིས་བརྙན་ཐུང་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། ང་ཚོས་ཡཱ་མན་གྱི་ཨལ་ཁལ་ཌཱ་འཇིགས་སྐུལ་ཚོགས་པའི་བཀོད་ཇུས་འོག་ཨཱ་ལཱ་ཡི་དགྲ་བོར་ཁ་གཏད་གཅོག་ཆེད། ཤོག་ཁག་གཉིས་ལ་ཆ་བགོས་བྱས་ཏེ་གཅིག་གིས་ཆར་ལི་ཧབ་ཌོ་དུས་དེབ་ཁང་དང་། གཞན་གྱིས་ཉེན་རྟོག་པར་ཁ་གཏད་གཅོག་རྒྱུ་བྱས་ཏེ་གཏོར་རྒོལ་ཤུགས་ཆེན་གཏོང་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་ཡོད་འདུག

ཁ་སང་སྔ་དྲོར་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ནང་སྲིད་བློན་ཆེན་དང་དབྱིན་ཡུལ་གྱི་ནང་སྲིད་བློན་ཆེན་བར་ལྷན་ཚོགས་ཤིག་ཚོགས་ཏེ། ཚོགས་ཐོག་ཏུ་རྒྱལ་ཁབ་ཁག་གིས་དྲ་རྒྱའི་བདེ་འཇགས་དང་ས་མཚམས་ལྟ་སྲུང་ནན་མོ་བྱས་ཏེ་འཇིགས་སྐུལ་རིང་ལུགས་པ་དང་འཐབ་རྒོལ་བྱེད་རྒྱུ་ཐག་གཅོད་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༡ ཉིན་ཧྥ་རན་སིའི་རྒྱལ་སར་མང་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་ཁག་གིས་འཇིགས་སྐུལ་རིང་ལུགས་པས་རྐྱེན་འདས་བཏང་བ་དག་གི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་གྱོན་ཆས་གྱོན་ཞིང་། ལག་ཏུ་རྒྱལ་དར་དང་འཕྲེད་དར་བཟུང་སྟེ། དབྱིན་ཡིག་དང་ཧྥ་རན་སིའི་སྐད་ཡིག ཨི་རག་བྷེག་སྐད་ཡིག་སོགས་ནང་བརྗོད་ཚིག་འདྲ་མིན་བྲིས་ནས་ང་ཚོ་ཞེད་ཀྱི་མེད་ཅེས་པ་སོགས་བརྗོད་ནས་སྐད་འབོད་བརྒྱབ་ཡོད་པ་མ་ཟད། འཕྲེད་དར་ཐོག་ཏུ་ང་ཧྥ་རན་སིའི་མི་སེར་ཡིན། སུ་གང་ལ་ཞེད་ཀྱི་མི་འདུག བསྟན་བཤིག་སློང་བ་ལས་དམག་མ་རྒྱག ཁྲག་ཐོན་པ་ལས་སྣག་ཚ་བེད་སྤྱོད་བྱས་ཏེ་བསམ་ཚུལ་སྤེལ་ཐུབ་པ་བྱེད་དགོས་སོགས་བརྗོད་ཚིག་འདྲ་མིན་བྲིས་ཏེ་གཞི་རྒྱ་ཆེ་བའི་གོམ་བགྲོད་ཅིག་བྱས་ཡོད་ཅིང་། སྐབས་དེར་དབྱིན་ཡུལ་གྱི་སྲིད་བློན་ཀེམ་རོན་མཆོག་གིས་ད་རེབ་ང་ཚོ་འདིར་ཡོང་དགོས་དོན་ནི་དམངས་གཙོ་དང་རང་དབང་། སྨྲ་བརྗོད་རང་དབང་སོགས་ཀྱི་རིན་ཐང་ལ་བརྩི་སྲུང་ཞུ་ཆེད་འཛོམས་པ་ཞིག་ཆགས་ཡོད་སྟབས། མ་འོངས་པར་ང་ཚོས་རྒྱལ་སྤྱི་རྒྱལ་ནང་གི་བདེ་འཇགས་ལ་སྲུང་སྐྱོབ་དང་ལྟ་སྲུང་ནན་མོ་བྱས་ཏེ། འཇིགས་སྐུལ་རིང་ལུགས་པ་དག་ལ་ཁ་གཏད་གཅོག་ཐུབ་པ་བྱེད་དགོས་ཚུལ་དང་།  ཨི་ཌི་ལིའི་སྲིད་བློན་མཱ་ཌོ་རན་ཛི་ (Matteo Renzi) མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་རྒྱུའི་ཐག་གཅོད་བྱས་ཡོད་པ་མ་ཟད། དེ་རིང་ལས་འགུལ་འདིའི་རྐྱེན་པས་ང་ཚོ་ཚང་མ་ཧྥ་རན་སིའི་མི་སེར་ཆགས་ཡོད་སྟབས། ང་ཚོས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་དགྲ་བོ་ཚོར་ང་ཚོས་ཁོ་ཚོར་ཞེད་ཀྱི་མེད་པ་གསལ་བཤད་བྱེད་ཐུབ་བྱ་དགོས་ཞེས་བརྗོད་ཡོད་འདུག

དབྱིན་ཡུལ་གྱི་ཚགས་ཤོག་ཆ་འཕྲིན་གྱི་གསར་འགོད་པས་ཛཱ་ཁཱ་རེ་ཡཱ་ (Zakaria Moumni) ལ་གདུང་སེམས་མཉམ་སྐྱེད་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་དོན་གང་ཡིན་དྲིས་པར། ཁོ་མོས། ངས་འདིར་ཡོང་དགོས་དོན་ནི་འཇིགས་སྐུལ་རིང་ལུགས་པར་རྒྱལ་ཁ་ཐོབ་མེད་པ་མ་ཟད། དེ་ལས་ལྡོག་སྟེ་དོན་རྐྱེན་དེའི་རྐྱེན་པས་ཆོས་ལུགས་དང་མི་རིགས་འདྲ་མིན་གྱི་མང་ཚོགས་དག་གོང་བུ་གཅིག་སྒྲིལ་གྱིས་མཉམ་དུ་ཡར་ལངས་བྱས་ཡོད་པ་དེ་ཤེས་རྟོགས་ཐུབ་ཆེད་ཡོང་བ་ཡིན་ཞེས་དང་། ཡང་འཇིགས་སྐུལ་རིང་ལུགས་པ་ཕུ་ནུ་གཉིས་སྡོད་ཡུལ་གྷན་ཎེ་(Gennevilliers) ནང་སྡོད་མཁན་གྱི་ན་གཞོན་ཞིག་ལ་ལས་འགུལ་ནང་མཉམ་ཞུགས་མ་བྱས་པའི་རྒྱུ་མཚན་གང་ཡིན་དྲིས་པར་ཁོས། ཁཱོ་ཝ་ཆཱི་ཕུ་ནུ་གཉིས་ནི་ང་ཚོའི་ས་ཁུལ་གྱི་དཔའ་རྒོད་ཆ་གཅིག་ཡིན་སྟབས། དེ་རིང་ང་ཚོས་ཁོ་གཉིས་ཀྱི་བྱས་རྗེས་ལ་རྟེན་འབྲེལ་བྱེད་བཞིན་ཡོད་སྟབས། ལས་འགུལ་ནང་མཉམ་ཞུགས་བྱས་མེད་ཅེས་བརྗོད་འདུག 

གནད་དོན་དབྱེ་ཞིབ་པ་ཚོས། ང་ཚོས་སི་རི་ཡི་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISIS) དང་ཨལ་ཁལ་ཌཱ་འཇིགས་སྐུལ་རིང་ལུགས་གཉིས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་ནན་པོ་མ་བྱས་ཚེ། ལོ་འདི་འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་དང་མི་གསོད་དོན་རྐྱེན་མང་ཤོས་བྱེད་ཡུལ་གྱི་ལོ་ཞིག་ཏུ་འགྱུར་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༥ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཤིང་ལོ། says:
    ལོ་ 11 སྔོན།

    ང་རྒྱལ་དང་ཕྲག་དོག་འགྲན་སེམས་སོགས་ཀྱི་ཁོལ་བར་གྱུར་བའི་འགྲོ་བ་མི་ལ་འདོད་པ་ཧ་ཅང་ཚིམས་པ་ཞིག་ཡོང་དུས་དཀའ་ལ། དེ་ལས་ཀྱང་ཆོས་ལུགས་སྣ་ཚོགས་ཀྱིས་བློ་མིག་ལྷད་པའི་མི་དག་ལ་སྤྱི་མཐུན་གྱི་ཚོར་སྣང་ཡང་དག་པ་ཞིག་འབྱུང་བ་མེད་པར་བསམ། ཉེ་ཆར་ཁ་ཆེ་དང་། ཞཱག་ལི་ཚགས་ཁང་ལ་བྱུང་བའི་གནད་དོན་འདི་འདྲ་ང་ཚོའི་དོལ་ཚོགས་དང་། དོལ་ཚོགས་མིན་པའི་བར་ལའང་མང་པོ་བྱུང་ནས་དོལ་ཚོགསཀྱིས༸གོང་ས་མཆོག་ལ་མཚན་སྨོད་དང་། རྒན་བློ་བཟང་རྒྱ་མཚོ་དང་ཁོང་གི་དགེ་ཕྲུག་བཀྲོངས་པ། མང་ཚོགས་ལ་འཇིགས་སྐུལ་བྱས་པ། དོལ་འགོག་པའི་ངོས་ནས་ཀྱང་དོལ་གཟུགས་སྣ་ཚོགས་དང་། ཐ་སྙད་སྣ་ཚོགས་ཀྱིས་སུན་གཙེར་འོག་མི་ལེགས་པ་མི་མང་པོ་བྱུང་ཡོད་པས། གནས་ཚུལ་འདི་དག་གི་ཉམས་མྱོང་ཁྲོད་ང་ཚོས་ངེས་པར་དུ་མ་འོངས་པར་ནོར་འཁྲུལ་མི་བཟོ་རྒྱུ་དེ་ནི་གསར་འགྱུར་འདིའི་རེ་བསྐུལ་གལ་ཆེན་དེ་ཡིན་ནོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese