མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་ཁིའུ་བྷའི་འབྲེལ་བ་དངོས་སུ་མགོ་བཙུཊ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཟུང་ཨ་རི་དང་ཁིའུ་བྷ་བར་གྱི་སྒྲིག་གཞི་གསར་པ་ལག་བསྟར་བྱས་ཏེ་འགྲུལ་བ་འགྲོ་འོང་དང་ཚོང་ལས་ཀྱི་འབྲེལ་བ་དངོས་སུ་མགོ་བཙུགས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་ཨ་རི་དང་ཁིའུ་བྷ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་བྱེད་པར་ཕྱོགས་གཉིས་མོས་མཐུན་བྱུང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༦ ཉིན་ནས་བཟུང་རྒྱལ་ཁབ་གཉིས་བར་གྱི་སྒྲིག་གཞི་གསར་པ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་མ་ཟད། གྲོས་ཆོད་བྱུང་བ་ལྟར་ཁིའུ་བྷ་གཞུང་གིས་ཆབ་སྲིད་བཙོན་པ་ ༥༣ ཀློད་གྲོལ་བཏང་ཡོད་འདུག

རྒྱལ་ཁབ་གཉིས་བར་གྱི་སྒྲིག་གཞི་གསར་པའི་ནང་ཨ་རིའི་མི་སེར་གྱིས་ཁིའུ་བྷའི་ནང་དངུལ་བྱང་(ATM Card)བེད་སྤྱོད་གཏོང་ཆོག་པ་མ་ཟད། ཨ་རིའི་འགྲུལ་བ་ཚོས་ཁིའུ་བྷ་ནས་ཨ་སྒོར་ ༡༠༠ ལས་མ་བརྒལ་བའི་ཆང་དང་དུ་བ་འཁྱེར་ཆོག་པ། དེ་བཞིན། ཨ་རིའི་བཟོ་ཚོང་ཁང་དག་གི་བཟོ་ལས་ལག་རྩལ་ཁ་ཤས་ཀྱང་ཁིའུ་བྷ་ནང་ཕྱིར་འདྲེན་བྱེད་ཆོག་པ་སོགས་བཀོད་ཡོད་ཀྱང་། ཨ་རིའི་མི་སེར་ཁིའུ་བྷ་ནང་འགྲོ་བར་ཤེས་ཡོན་སློབ་སྦྱོང་དང་ཆོས་ལུགས་འཆད་སྤེལ། རིག་གཞུང་བརྗེ་རིས། དེ་བཞིན་གསར་འགྱུར་འཚོལ་སྡུད་སོགས་དམིགས་བསལ་གྱི་རྒྱུ་མཚན་བཅུ་གྲངས་ཤིག་གཏན་འབེབས་བྱས་ཡོད་སྟབས། རྒྱུ་མཚན་དེ་རིགས་ཡོད་པའི་འགྲུལ་བ་ཚོས་ཨ་རིའི་གཞུང་ནས་དམིགས་བསལ་གྱི་ཐོངས་མཆན་ཞུ་དགོས་ཀྱི་མེད་པ་རེད། ཐེངས་འདིར་ཨ་རིའི་ནང་ཁིའུ་བྷའི་ཐོན་རྫས་ཚོང་འདྲེན་བཀག་སྡོམ་བྱེད་པའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་བཏང་ཡོད་ཀྱང་། བཀག་སྡོམ་རྩ་བ་ནས་མེད་པ་བཟོ་རྒྱུར་ཨ་རིའི་གྲོས་ཚོགས་ནས་གྲོས་མཐུན་བྱུང་དགོས་ཀྱི་ཡོད་འདུག

ཨ་རིའི་ཚོང་དོན་ལྷན་ཁང་གི་བསྡོམས་རྩིས་ལྟར་ན། འདས་ལོར་ཨ་རིའི་འགྲུལ་བ་ ༡༧༠༠༠༠ ཙམ་ལ་ཁིའུ་བྷར་འགྲོ་བའི་ཐོངས་མཆན་རག་ཡོད་པ་མ་ཟད། ད་ལྟའི་ཆར་ཁིའུ་བྷ་ནི་འཛམ་གླིང་ཐོག་སྤྱི་ཚོགས་དྲ་འབྲེལ་ཁྱབ་ཚད་ཆེས་ཆུང་བའི་རྒྱལ་ཁབ་ཅིག་ཡིན་སྟབས། ཨ་རིའི་བཟོ་ཚོང་ཁང་དག་གིས་ཁིའུ་བྷ་ནང་དུ་ལག་ཐོགས་ཁ་པར་དང་མཉེན་ཆས་རིགས་སོགས་དྲ་འབྲེལ་ཞབས་ཞུའི་རིགས་མཁོ་སྤྲོད་བྱེད་རྒྱུ་ཧ་ཅང་ལས་སླ་བོ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། གཞུང་ཕྱོགས་ནས་ཐེངས་འདིའི་རྒྱལ་ཁབ་གཉིས་བར་གྱི་སྒྲིག་གཞི་གསར་པས་སྔར་ལས་སྟབས་བདེ་བསྐྲུན་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་མ་ཟད། ཁ་སང་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་ཆེ་ཇཱ་ཁེ་ལའོ་(Jack Lew)ལགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རི་གཞུང་གིས་ཁིའུ་བྷ་བར་གྱི་བཀག་སྡོམ་སྲིད་བྱུས་མེད་པར་བཟོས་ཏེ་གོམ་གང་མདུན་སྤོས་ཀྱིས་ཁིའུ་བྷ་མི་མང་གི་ཆབ་སྲིད་དང་དཔལ་འབྱོར་རང་དབང་སྐུལ་འདེད་གཏོང་བར་ནུས་ཤུགས་འདོན་གྱི་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༦༠ དང་ ༡༩༦༡ ལོར་ཁིའུ་བྷའི་ནང་ཡོད་པའི་ཨ་རིའི་ཚོང་གཉེར་ཁང་ཁག་ཅིག་གཞུང་བཞེས་བཏང་བ་སོགས་ཀྱིས་ཨ་རིས་ཁིའུ་བྷ་དང་འབྲེལ་ལམ་བཅད་དེ་ལོ་ངོ་ ༥༤ ལྷག་འགྲོ་བཞིན་ཡོད་ཀྱང་། འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱལ་ཁབ་གཉིས་བར་གྱི་འཛིན་བཟུང་བྱས་པའི་གསང་ཉུལ་བ་བརྗེ་པོ་བརྒྱབ་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་མངའ་ཁོངས་བདག་དབང་དང་། ནང་སྲིད་ཐད་ཀྱི་མི་མཐུན་པ་རྣམས་ལ་ཕྱོགས་གཉིས་ཀྱིས་གདོང་ལེན་དང་བསམ་ཤེས་བྱས་ཏེ། ཞི་བདེ་མཉམ་གནས་ཡོང་ཆེད་ལོ་རྒྱུས་རང་བཞིན་གྱི་འབྲེལ་ལམ་གསར་པ་ཞིག་གི་མགོ་རྩོམ་པར་ཕྱོགས་གཉིས་མོས་མཐུན་བྱུང་བ་ཁྱབ་བསྒྲགས་བྱས་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་མི་མང་གིས་གཙོས་མི་མང་པོས་དགའ་མོས་བྱེད་ཀྱི་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་དུས་ཡུན་ཐུང་ངུའི་ནང་སྲིད་བྱུས་ལ་འགྱུར་ལྡོག་གཏོང་བར་མོས་མཐུན་བྱེད་ཀྱི་མེད་པ་མ་ཟད། ཕྱོགས་གཉིས་བར་སྒྲིག་གཞི་གསར་པ་གཏན་འབེབས་བྱས་ཡོད་ཀྱང་། ཁིའུ་བྷར་སྐྱོད་འདོད་ཡོད་པའི་ཨ་རིའི་འགྲུལ་བ་ཚོར་ཁིའུ་བྷ་གཞུང་གི་ཐོངས་མཆན་རག་དགོས་པ་དང་། ལྷག་པར་དུ་ཁིའུ་བྷ་གླིང་ཕྲན་གྱི་མགྲོན་ཁང་དང་ཟ་ཁང་གི་སྦྱིན་བདག་ཚོས་སྣེ་ལེན་བྱེད་པར་དཀའ་ངལ་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese