མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུས་མུ་མཐུད་བཙན་འཛུལ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སང་ཉིན་ཡུག་རེན་གྱེན་ལོག་ཤོག་ཁག་དང་ཡུག་རེན་གྱི་དམག་དཔུང་བར་དམག་འཐབ་བྱུང་སྟེ་ཡུག་རེན་གྱི་དམག་མི་གཉིས་བསད་ཡོད་འདུག

གཟའ་པ་སང་ཉིན་ཡུག་རེན་དམག་མི་དང་ཨུ་རུ་སུར་རྒྱབ་སྐྱོར་བྱེད་མཁན་ཡུག་རེན་གྱེན་ལོག་ཤོག་ཁག་བར་ཌོ་ཎེ་ཌི་སེ་ཁཱ་ (Donetsk) གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གནམ་ཐང་དུ་གདུང་ཐུག་བྱུང་སྟེ། ཡུག་རེན་གྱི་དམག་མི་གཉིས་བསད་ཡོད་པ་དང་གཞན་མི་ ༡༡ ལ་རྨས་སྐྱོན་བཏང་ཡོད་འདུག

འདིའི་ཐད་ཡུག་རེན་དམག་དཔུང་གི་མགྲིན་ཚབ་པ་ཨཱན་ཌེར་ཡཱ་ལེ་སན་ཁཱོ་ (Andriy Lysenko) ཡིས། “ཁ་སང་ཁ་ཉིན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་ཌོ་ཎེ་ཌི་སེ་ཁཱ་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཁུལ་ཁག་ཅིག་ནང་མེ་མདའ་བརྒྱབ་པ་དང་སྒྱོགས་མདེལ་འཕངས་པ་སོགས་བྱས་ཏེ། དམག་མི་ ༦ བསད་པ་དང་གཞན་མི་ ༡༨ ལ་རྨས་སྐྱོན་བཏང་ཡོད་པ་མ་ཟད། ཡུག་རེན་ཤར་ཕྱོགས་ས་ཁུལ་ལུ་ཧན་སེ་ཁཱ་ཡི་ཧྥ་ཤཱི་ཆེ་ཝ་ཁཱ་ (Fashchevka) གྲོང་བརྡལ་ཐོག་མེ་སྒྱོགས་བརྒྱབ་སྟེ་མི་གཅིག་བསད་འདུག”ཅེས་བརྗོད་འདུག

ཉིན་དེའི་དགོང་མོ་ཡུག་རེན་གྱེན་ལོག་ཤོག་ཁག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཁོ་ཚོས་ཌོ་ཎེ་ཌི་སེ་ཁཱ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་ཐང་གི་དོ་དམ་ཡོངས་རྫོགས་ཁོ་ཚོའི་ལག་འོག་ཏུ་ཚུད་གྲབས་བྱེད་བཞིན་ཡོད་ཅེས་བསྒྲགས་ཡོད་སྟབས། དེའི་རྗེས་ཡུག་རེན་དམག་དཔུང་གི་མགྲིན་ཚབ་པ་ཨཱན་ཌེར་ཡཱ་ལེ་སན་ཁཱོ་ཡིས་འདས་ པའི་ཟླ་ཤས་རིང་གྱེན་ལོག་ཤོག་ཁག་གིས་གནམ་ཐང་རྩ་མེད་བཟོ་གྲབས་བྱས་ཡོད་ཀྱང་། ད་ལྟ་ང་ཚོའི་དོ་དམ་འོག་བདག་སྐྱོང་བྱེད་བཞིན་ཡོད་ཅེས་བརྗོད་འདུག

བདུན་ཕྲག་སྔོན་མ་ནས་བཟུང་ཡུག་རེན་དཔུང་དམག་དང་གྱེན་ལོག་ཤོག་ཁག་བར་སླར་དམག་འཁྲུག་བྱུང་སྟེ། ཟླ་འདིའི་ཚེས་ ༡༣ ཉིན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་ཌོ་ཎེ་ཌི་སེ་ཁཱ་གྲོང་ཁྱེར་གྱི་ལྷོ་ངོས་སུ་འགྲོ་བཞིན་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ལ་སྒྱོགས་མདེལ་འཕངས་ཏེ་མི་ ༡༣ བསད་པ་མ་ཟད། ཚེས་ ༡༤ ཉིན་ཡུག་རེན་གྱི་དམག་སར་མེ་སྒྱོགས་བརྒྱབ་ནས་དམག་མི་ ༢ བསད་ཡོད་པ་དང་། གཞན་མི་ ༤ ལ་རྨས་སྐྱོན་བཏང་བ་སོགས་བྱས་ཏེ། ད་བར་ཡུག་རེན་དམག་འཁྲུག་ཁྲོད་ཉེས་མེད་མི་སེར་ ༤༨༠༠ ལྷག་བསད་ཡོད་འདུག ཡུག་རེན་གཞུང་དང་ཡུ་རོབ་མཐུན་ཚོགས་གཙོས་ནུབ་ཕྱོགས་རྒྱལ་ཁག་གིས་དོན་རྐྱེན་དེ་དང་ཨུ་རུ་སུ་འབྲེལ་བ་ཡོད་སྐོར་ཐེངས་མང་བརྗོད་ཡོད་ཀྱང་ཨུ་རུ་སུ་ཕྱོགས་ནས་ཁས་ལེན་བྱས་མི་འདུག

གཟའ་ཕུར་བའི་ཉིན་ཡུག་རེན་གཞུང་དམངས་གཉིས་ཀྱིས་ཟླ་འདིའི་ཚེས་ ༡༣ ཉིན་ཡུག་རེན་གྱེན་ལོག་ཤོག་ཁག་གིས་སྒྱོགས་མདེལ་འཕངས་ཏེ་རྐྱེན་ལམ་ཕྱིན་པ་དག་ལ་གཞུང་འབྲེལ་མྱ་ངན་ཞུས་རྗེས། ཡུག་རེན་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་ཨོ་ལེག་སན་ཌར་(Oleksander Turchynov) གྱིས་གྲོས་ཚོགས་ནང་ཨུ་རུ་སུས་ཡུག་རེན་ལ་མུ་མཐུད་བཙན་འཛུལ་བྱེད་བཞིན་ཡོད་པ་མ་ཟད། ཡུག་རེན་ཤར་ཕྱོགས་ས་ཁུལ་དུ་དམག་མི་ ༨༥༠༠ ཙམ་འགྲེམས་འཇོག་བྱས་ཏེ། རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་ལ་གཏོར་རྒོལ་དང་བདག་དབང་གནད་དོན་ལ་ཐེ་ཇུས་བྱེད་བཞིན་ཡོད་སྐོར་བརྗོད་པ་དང་འབྲེལ། གཞུང་ཕྱོགས་ནས་དམག་དོན་འཕེལ་རྒྱས་གཏོང་ཆེད་གྲོས་ཆོད་ཅིག་འཇོག་དགོས་པའི་དགོས་འདུན་བཏོན་ཡོད་སྟབས། གྲོས་ཚོགས་ངོས་ནས་དམག་དོན་སྔོན་རྩིས་མང་དུ་གཏོང་རྒྱུའི་གྲོས་ཆོད་ཅིག་དང་། དེ་བཞིན། ཡུ་རོབ་གྲོས་ཚོགས་ཀྱིས་ཨུ་རུ་སུའི་བྱ་སྤྱོད་དེ་ནི་རྒྱ་སྐྱེད་རིང་ལུགས་པ་དང་དྲག་སྤྱོད་པའི་བྱེད་སྟངས་ཤིག་ཡིན་ཡིན་སྐོར་གྱི་སྐྱོན་འཛུགས་གྲོས་ཆོད་ཅིག་བཅས་བཞག་ཡོད་འདུག

ཉེ་ལམ་ནས་བཟུང་ད་བར་ཡུག་རེན་གཞུང་གིས་གྱེན་ལོག་ཤོག་ཁག་དང་ཞི་རྒོལ་བརྒྱུད་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༡༥ ཉིན་ཡུག་རེན་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ། དེ་རིང་ཡུག་རེན་གཞུང་གི་སྐུ་ཚབ་དང་གྱེན་ལོག་ཤོག་ཁག་གི་སྐུ་ཚབ་བར་བྷེ་ལ་རུ་སི་ (Belarus) རྒྱལ་ས་མིན་སེ་ཁཱེ་ (Minsk) རུ་ཐུག་སྟེ་ཞི་མོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ཁ་སང་ཡུག་རེན་གྱི་བརྒྱུད་ལམ་ཨིན་ཌར་ཧྥེག་སི་ (Interfax) ཟེར་བའི་ནང་ཡུག་རེན་དང་གྱེན་ལོག་ཤོག་ཁག དེ་བཞིན། ཡུ་རོབ་བདེ་འཇགས་མཉམ་འབྲེལ་ཚོགས་པའི་འཐུས་མི་ལས་གྲུབ་པའི་༼འབྲེལ་མོལ་ཚོགས་ཆུང་༽ཞེས་པས་གནས་ཚུལ་འགོད་སྤེལ་བྱས་པའི་ནང་། ད་ཐེངས་གྱེན་ལོག་ཤོག་ཁག་གིས་གྲོས་མོལ་བྱེད་བར་མི་གཉིས་བཏང་ཡོད་ཀྱང་། འདས་ལོའི་ཟླ་ ༩ ནང་མིན་སེ་ཁཱེ་ནང་ཡུག་རེན་གཞུང་དང་མེ་འཕེན་མཚམས་འཇོག་གྲོས་མཐུན་འཇོག་མཁན་གྱི་མི་སྣ་གཉིས་བཏང་མེད་སྟབས། ད་ཐེངས་ཀྱི་གྲོས་མོལ་ལ་གྲུབ་འབྲས་གང་ཡང་འཐོན་གྱི་མ་རེད་ཅེས་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། དེ་སྔོན་ཨུ་རུ་སུར་ཡུ་རོབ་མཐུན་ཚོགས་དང་ཨ་རིས་དཔལ་འབྱོར་ཉེས་ཆད་བཅད་དེ། དངུལ་གྱི་ཛ་ཐང་འཛག་ནས་དཔལ་འབྱོར་ཉམས་ཉེས་ཆེན་པོ་བྱུང་བཞིན་ཡོད་ཀྱང་། ད་དུང་ཡུག་རེན་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དེ་ནི། སོ་སོའི་ཐོ་བ་སོ་སོའི་རྐང་པར་གཞུས་པ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese