མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅཱལ་རྒྱ་གར་གྱི་ཆ་ཤས་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཉི་ཧོང་སྲིད་བློན་རྒྱ་གར་ནང་སྐོར་སྐྱོད་དང་བསྟུན་ཏེ་ཨ་རུ་ན་ཅཱལ་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་སྐོར་བརྗོད་པ་དེར་ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ལན་འདེབས་བྱས་འདུག

ཟླ་འདིའི་ཚེས་ ༡༧ དང་ ༡༨ བཅས་ཉིན་གཉིས་རིང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཕུ་མེ་ཀི་ཤེ་ཌ་ (Fumio Kishida) རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་དོན་སྐོར་སྐྱོད་བྱས་ཏེ། རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ཕྱི་སྲིད་བློན་ཆེན་ལྕམ་སུ་ཤཱི་མ་རྣམ་གཉིས་ཐུག་འཕྲད་བྱས་ཏེ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་བརྟན་ལྷིང་ཡོང་ཐབས་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་སྒྲིག་གཞི་ཁག་ཅིག་ལ་བཅོས་བསྒྱུར་གཏོང་རྒྱུར་མཉམ་ལས་བྱ་རྒྱུ་བཅས་ལ་གྲོས་མོལ་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་དམག་སྦྱོང་དང་ཚོང་དོན་གོང་འཕེལ་གཏོང་རྒྱུ་དང་། ཉི་ཧོང་གཞུང་གིས་རྒྱ་གར་བྱང་ཤར་མངའ་སྡེའི་འཛུགས་སྐྲུན་ལས་གཞི་ཁག་ལ་རོགས་དངུལ་སྤྲོད་རྒྱུ་བཅས་ཀྱི་ཐོག་གྲོས་མོལ་བྱས་རྗེས། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ལྟེ་གནས་སུ་བསྐྱོད་དེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ཐོག་གཏམ་བཤད་དང་འབྲེལ་དྲི་བ་དྲིས་ལན་བྱེད་སྐབས། ཁོང་གིས་ཨ་རུ་ན་ཅཱལ་ནི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ཡང་། རྒྱ་ནག་གཞུང་གིས་ཁོ་རང་ཚོའི་ཡིན་ཚུལ་བརྗོད་པ་དེ་དྲང་བདེན་མིན་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལི་ (Hong Lei) ཡིས་ “ང་ཚོས་ཉི་ཧོང་ཕྱོགས་ནས་རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་བརྒྱུད་ས་མཚམས་ཀྱི་རྩོད་ཉོག་སེལ་ཐབས་བྱེད་བཞིན་ཡོད་པ་དག་ལ་ཤེས་རྟོགས་ཐུབ་པ་བྱས་ཏེ། མ་འོངས་པར་འཁྲུག་རྐྱེན་སློང་གཞིའི་སྐད་ཆ་དེ་འདྲ་མ་བཤད་པར་དངོས་ཐོག་བདེན་ འཚོལ་བྱེད་དགོས་པ་མ་ཟད། ཉེ་ཆར་རྒྱ་གར་ནང་བཤད་པ་དག་ལ་གཞུང་ཕྱོགས་ནས་གསལ་བཤད་བྱེད་དགོས། གང་ཡིན་ཞེ་ན། ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཨ་རུ་ན་ཅཱལ་ཁྱབ་ཁོངས་མོན་ཡུལ་ (Monyul) དང་གློ་ཡུལ (Loyul)། ཙ་ཡུལ་(Tsayul) བཅས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ཡིན”ཞེས་བརྗོད་འདུག

དེ་རིང་ཉི་ཧོང་ཕྱི་སྲིད་ལྷན་ཁང་གིས་གནད་དོན་དེའི་ཐོག་རོའུ་ཌར་གསར་ལམ་ཐོག “ཨ་རུ་ན་ཅཱལ་མངའ་སྡེ་ནི་རྒྱ་གར་གྱི་དབང་བསྒྱུར་འོག་ཡོད་པ་དོན་དངོས་ཡིན་པ་མ་ཟད། ད་ལྟ་རྒྱ་གར་དང་རྒྱ་ནག་གིས་གྲོས་མོལ་བརྒྱུད་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ཡོད་སྟབས། བློན་ཆེན་མཆོག་གིས་དོན་དངོས་གནས་ཚུལ་གཞི་ལ་བཅོལ་ནས་ལན་འདེབས་བྱས་པ་རེད”ཅེས་བརྗོད་འདུག

འདས་པའི་ཟླ་ ༡༨ ལྷག་རིང་རྒྱ་ནག་དང་ཉི་ཧོང་བར་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན་དང་། རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་གནད་དོན་བཅས་ཀྱི་ཐོག་རྩོད་རྙོག་འབྱུང་བཞིན་ཡོད།

ཐེངས་འདིར་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་དཀར་ནག་གཉིས་བར་ཨ་རུ་ནཱ་ཅལ་མངའ་སྡེའི་མོན་རྟ་དབང་གཙོས་ས་ཁུལ་ཁག་ཅིག་གི་བདག་དབང་གནད་དོན་དང་། ས་མཚམས་རྩོད་ཉོག་འབྱུང་གི་ཡོད་མེད་ལ་མ་ལྟོས་པར། ཨ་རུ་ན་ཅཱལ་ནི་རྒྱ་གར་གྱི་ས་ཁུལ་ཡིན་སྐོར་དང་། ནཱ་རེན་ཌ་མུ་དྷེས་བཏོན་པའི་རྒྱ་གར་ནང་མ་འཛུགས་བྱེད་བར་ཤོག་ཅེས་པའི་དཔལ་འབྱོར་སྲིད་ཇུས་ (Modinomics) དང་། ཤིང་ཛོ་ཨ་བྷེས་ཁྲོམ་རྭ་གསར་པ་གཏོད་དེ། རྒྱལ་སྤྱིའི་ཁྲོམ་རྭ་ནང་མཉམ་སྐྱོད་བྱེད་ཐུབ་པ་བྱ་དགོས་ཞེས་པའི་དཔལ་འབྱོར་སྲིད་ཇུས་ (Abenomics) གཉིས་མཉམ་ལས་བྱས་ཏེ་ཐུན་མོང་གི་དགྲ་བོར་ཁ་གཏད་གཅོག་དགོས་སྐོར་སོགས་བརྗོད་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ད་ལྟ་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཨ་རུ་ན་ཅཱལ་ཁྱབ་ཁོངས་མོན་ཡུལ་ (Monyul) དང་གློ་ཡུལ (Loyul)། ཙ་ཡུལ་(Tsayul) བཅས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ཡིན་་་་་་་་་་་་་་་་་་་་ ཟེར། ཧཧཧཧཧཧཧཧ། །

    Reply
  2. ཤིང་ལོ། says:
    ལོ་ 11 སྔོན།

    ཨ་རུ་ན་ཅཱལ་རྩོད་རྙོག་ཡིན་རབས་ཀྱིས།།
    ཧ་ཅང་ཆེན་པོ་ཟ་འདོད་རྒྱ་གདོན་ཚོས།།
    ས་མཚམས་བརྒལ་ནས་ཤར་ཕྱོགས་ཡོངས་ལ་དམིགས།།
    ཤ་ཚའི་གཏམ་ཞིག་ཤིང་ཛོ་ཨཱ་བྷས་བཤད།།
    ལ་ལའི་འཚང་ལ་ཕོག་ནས་གཏམ་ངན་ཤོར།།
    རཉྫ་མཱུའུ་ངྷུས་ཧ་ཅང་གཟབ་ན་ལེགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese