མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨོ་བྷ་མ་རྒྱ་གར་དམངས་གཙོའི་དུས་དྲན་སྟེང་ཕེབས་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་རེས་གཟའ་ཉི་མ་ནས་བཟུང་ཉིན་གསུམ་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་གར་ནང་གཟིགས་སྐོར་གནང་སྟེ། ཚེས་ ༢༦ ཉིན་རྒྱ་གར་དམངས་གཙོའི་དུས་དྲན་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོའི་ཐོག་ནས་གཏམ་བཤད་གནང་རྒྱུ་ཡིན་འདུག

ཚེས་ ༢༥ ཉིན་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་དང་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་། ཨ་རིས་རྒྱ་གར་ལ་དམག་དོན་མཚོན་ཆ་འཚོང་ཕྱོགས། ཨ་རིའི་ཁེ་ལས་ཁག་གིས་རྒྱ་གར་གྱི་རྒྱུན་གནས་ཐུབ་པའི་ནུས་ཁུངས་ (Renewable energy) ཁག་ལ་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་མ་འཛུགས་བྱེད་ཕྱོགས། མཁའ་རླུང་གཙང་མ་བཟོ་ཐུབ་བཅས་ཀྱི་སྐོར་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུག

རྒྱ་གར་གྱི་དམངས་གཙོའི་དུས་དྲན་ཐེངས་ ༦༦ པའི་ཐོག་རྒྱ་གར་གྱི་མངའ་སྡེ་ཁག་གི་རིག་གཞུང་དང་དྲག་དམག་གི་མཚོན་ཆ་དང་འཕྲུལ་ཆས་ཀྱི་རྔམ་སྟོན་ཁག་གཟིགས་རྗེས། ཉིན་རྒྱབ་ཌ་ཇེ་མཱ་ཧལ་ལ་ལྟ་སྐོར་དང་། ཚེས་ ༢༧ ཉིན་ཤི་རི་ཧྥོར་ཌི་ཚོགས་ཁང་དུ་རྒྱ་གར་གྱི་ཁེ་ལས་པ་དང་གནད་ཡོད་མི་སྣར་གཏམ་བཤད་གནང་རྒྱུ་ཡིན་འདུག

ད་ཐེངས་ཨ་རིའི་སྲིད་འཛིན་རྒྱ་གར་གྱི་དམངས་གཙོའི་དུས་དྲན་ཐོག་ཕེབས་ཐེངས་དང་པོ་དེ་ཆགས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་འཕེལ་རྒྱས་ཀྱི་དཀྱོགས་མཚམས་གལ་ཆེ་ཞིག་ཆགས་ཡོད་སྟབས། ཉིན་དེར་རྒྱ་གར་གཞུང་གིས་དུས་དྲན་སྐབས་པ་ཀི་སི་ཐན་གྱི་ས་མཚམས་ཁག་ལ་དམ་བསྒྲགས་བྱས་ཏེ་ལྟ་སྲུང་ནན་མོ་བྱ་རྒྱུ་ཡིན་པ་དང་། ལྷག་པར་དུ་མཛད་སྒོ་མ་སྒྲུབ་བར་ལྡི་ལིའི་གནམ་ཐོག་ཏུ་རྒྱལ་སྤྱི་རྒྱལ་ནང་གི་གནམ་གྲུ་འཕུར་བ་དང་ཡོང་བ་སོགས་བྱས་མི་ཆོག་པ་སོགས་བཟོས་པ་མ་ཟད། རྒྱལ་ས་དང་མཛད་སྒོ་ཚོགས་ཡུལ་དུ་དམག་མི་དང་ཉེན་རྟོག་པ་ ༡༣༥༠༠༠ ལྷག་འགྲེམས་འཇོག་བྱས་ནས་སྲུང་སྐྱོབ་བྱ་རྒྱུ་ཡིན་འདུག

ཁ་སང་ཨ་རིའི་རྒྱལ་སྲུང་སློབ་སྟོན་གཞོན་པ་བྷན་ཇ་མན་ཇི་རོ་ཌི་ (Benjamin J. Rhodes) ལགས་ཀྱིས་ནེའུ་ཡོག་དུས་བབ་ཐོག “ང་ཚོས་ད་རེབ་མགོ་ཁྲིད་གཉིས་བར་གྱི་མཛའ་བརྩེའི་འབྲེལ་མོལ་འདི་བརྒྱུད། རྒྱལ་ཁབ་གཉིས་བར་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འཐོན་རྒྱུར་རེ་སྒུག་བྱེད་བཞིན་ཡོད་སྟབས། མ་འོངས་པར་ཨ་རིས་རྒྱ་གར་ནང་མ་འཇོག་བྱེད་འོས་པ་ཞིག་ཆགས་ཡོད། ཨོ་བྷ་མས་རྒྱལ་ཁབ་གཞན་གྱི་མགོ་ཁྲིད་དང་ཉེ་འབྲེལ་ཟབ་མོ་བཅང་གི་མེད་ཀྱང་། རྒྱ་གར་གྱི་སྲིད་བློན་དང་གྲོགས་པོ་སྒྲིག་འདོད་ཤུགས་ཆེ་གནང་གི་འདུག”ཅེས་དང་། ཨོ་བྷ་མའི་ལྷོ་ཨེ་ཤ་ཡའི་སློབ་སྟོན་པ་ཧྥེ་ལེབ་རེ་ཎར་ (Philip Reiner) གྱིས། “རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྣམ་གཉིས་ཁྱིམ་ཚང་ཕལ་པའི་ནང་འཚར་ལོངས་བྱུང་ཡོད་སྟབས། ཁོ་གཉིས་བར་བསམ་བློ་གཏོང་ཕྱོགས་སོགས་མཐུན་པའི་ཆ་མང་པོ་ཡོད་སྟབས། ད་ཐེངས་གྲོས་མོལ་འདི་བརྒྱུད་མ་འོངས་པར་འབྲེལ་ལམ་ཡག་ཏུ་འགྲོ་གི་རེད”ཅེས་བརྗོད་འདུག

ཟླ་འདིའི་ཚེས་ ༢༡ ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སེ་ཡ་ཌི་ (Syed Akbaruddin) གྱིས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ “ད་ཐེངས་རྒྱལ་ཁབ་གཉིས་བར་གྱི་མགོ་ཁྲིད་རྣམ་གཉིས་ཐུག་སྟེ། རྡུལ་ཕྲན་གློག་ཤུགས་ཀྱི་གྲོས་མཐུན་གཙོས་གནད་དོན་མང་པོ་ཞིག་ཐོག་གྲོས་མོལ་བྱ་འཆར་ཡོད་ཀྱང་། མ་འོངས་པར་འབྲེལ་མོལ་འདི་བརྒྱུད་བཟང་ཕྱོགས་ཀྱི་འགྱུར་བ་གང་འདྲ་འཐོན་མིན་ནི་ཕྱོགས་གཉིས་ཀའི་བྱ་སྤྱོད་ལ་རག་ལས་ཡོད”ཅེས་བརྗོད་འདུག

ཟླ་འདིའི་ཚེས་ ༢༡ ཉིན་ (Unity in Differences: Overcoming The US-India Divide) ཞེས་པའི་དཔེ་དེབ་རྩོམ་མཁན་ཨཱ་ཤེ་ལི་ (ASHLEY J. TELLIS) ལགས་ཀྱིས་ཁཱར་ཎེ་གྷེ་རྒྱལ་སྤྱིའི་ཞི་བདེའི་ཤེས་ཡོན་འཕེལ་རྒྱས་ཁང་ (CARNEGIE ENDOWMENT FOR INTERNATIONAL PEACE) གི་དྲ་ཚིགས་ཐོག་ཆེད་རྩོམ་ཞིག་སྤེལ་བའི་ནང་། ཁོང་གིས། “ད་ལྟ་རྒྱ་གར་དང་ཨ་རི་གཉིས་བར་ལ་གནད་དོན་མང་པོ་ཞིག་ཐོག་བསམ་ཚུལ་མ་མཐུན་པ་བྱུང་སྟེ། རྒྱང་ཐག་གང་འཚམ་ཆོད་ཡོད་སྟབས། ད་ཐེངས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་བྱས་ཀྱང་གྲང་དམག་སྐབས་ལྟར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འཐོན་རྒྱུ་ཁག་པོ་ཆགས་ཡོད”ཅེས་བསམ་ཚུལ་སྤེལ་འདུག

གསར་འགོད་པ། དོན་གྲུབ།

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ་་་་་་་་ ཨོ་བྷ་མའི་ལྷོ་ཨེ་ཤ་ཡའི་སློབ་སྟོན་པ་ཧྥེ་ལེབ་རེ་ཎར་ (Philip Reiner) གྱིས། “རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྣམ་གཉིས་ཁྱིམ་ཚང་ཕལ་པའི་ནང་འཚར་ལོངས་བྱུང་ཡོད་སྟབས།
    ཁོ་གཉིས་བར་བསམ་བློ་གཏོང་ཕྱོགས་སོགས་མཐུན་པའི་ཆ་མང་པོ་ཡོད་སྟབས། ད་ཐེངས་གྲོས་མོལ་འདི་བརྒྱུད་མ་འོངས་པར་འབྲེལ་ལམ་ཡག་ཏུ་འགྲོ་གི་རེད”ཅེས་བརྗོད་འདུག ་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist