མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་བཅོས་ལྟ་སྐྱོང་ལས་གཞིར་ལེགས་བཅོས་བྱས་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྨན་བཅོས་ལྟ་སྐྱོང་ལས་གཞི་ལོ་གསུམ་འཁོར་བ་དང་བསྟུན་ཏེ་ལས་གཞི་དེར་ལེགས་བཅོས་ཁག་ཅིག་བྱས་ཡོད་པ་ས་གནས་ཁག་གི་འབྲེལ་ཡོད་ཚོར་ཟབ་སྦྱོང་ཞིག་སྤྲད་དེ། ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་འཕྲོད་བརྟེན་ཐོག་ཨ་སྒོར་ས་ཡ་ ༣ ལྷག་སྤྲད་ཡོད་པ་དེ་ཆུད་ཟོས་སུ་མ་སོང་བ་ཞིག་གནང་དགོས་པའི་ལམ་སྟོན་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ པའི་སྟེང། དྷ་ས་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སྒོ་སྒྲིག་འོག བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ལེགས་བཅོས་སྐོར་ལ། ས་གནས་ཁག་གི་འབྲེལ་ཡོད་ལས་བྱེད་ཚོ་སྐོང་འགུག་གིས་ཉིན་གཉིས་རིང་གི་ཟབ་སྦྱོང་ཞིག་མགོ་འཛུགས་གནང་སོང་།

སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་འདུག་ལ། གཞན། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། དྲུང་ཆེ་སྦྲ་གཉིས་ཚེ་རྒྱལ་ལགས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ། ས་གནས་ཁག་ ༣༠ ཡི་ས་གནས་མགོ་འཛིན་དང་སྨན་ཁང་འགན་འཛིན། སྨན་པ་དང་འབྲེལ་ཡོད་ལས་བྱེད་བཅས་མི་  ༥༢ ཙམ་ཚོགས་ཞུགས་གནང་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་ཟབ་སྦྱོང་ངོ་སྤྲོད་གནང་དོན། རྒྱ་གར་ནང་བོད་མི་ཁྲི་ ༩ ལྷག་ཡོད་ཁོངས་ནས་མང་ཚོགས་བརྒྱ་ཆ་ ༩༠ ལྷག་ལ་འཕྲོད་བསྟེན་ཉེན་སྲུང་མེད་སྟབས། ནད་གཞི་ཛ་དྲག་རིགས་སྨན་ཁང་ཆེ་ཁག་ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པ་བྱེད་བར་སྐྱོད་སྐབས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད། བཀའ་ཤག་སྐབས་ ༡༣ སྐབས་ནས་འཕྲོད་བསྟེན་ལས་ཁུངས་ཀྱིས་མང་ཚོགས་ལ་སྨན་བཅོས་རིམ་པ་གཉིས་པ་དང་གསུམ་པའི་མཐུན་སྤྱོར་སྤྲོད་བྱེད་ཕྱོགས་གང་འདྲ་ཡོད་མེད་འདྲི་རྩད་གནང་དོན་ལྟར། འཕྲོད་བསྟེན་ལས་ཁུངས་ཀྱིས་ད་ལྟའི་བཀའ་ཤག་ལ་ལས་གཞི་འདིའི་སྲིད་ཇུས་ཤིག་ཕུལ་བ་ལྟར་ངོས་བཞེས་གནང་སྟེ། ༢༠༡༢ ལོའི་ཟླ་ ༤ ཚེས་ ༡ ཉིན་སྨན་བཅོས་ལས་གཞི་འདི་མགོ་འཛུགས་བྱས་ཡོད་ཅིང་། འདི་ནི་མང་ཚོགས་ཀྱི་བདེ་རྩའི་ཆེད་དུ་བཙུགས་པ་ཞིག་ཡིན་པ་ལས་བོད་མིའི་སྒྲིག་འཛུགས་དང་འཕྲོད་བསྟེན་ལས་ཁུངས་ངོས་ནས་ཚོང་དང་ཁེ་བཟང་ཆེད་བཙུགས་པ་ཞིག་ཆགས་ཀྱི་མེད། ཅེས་གསུངས་སོང་།

འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་སྐོར་གསུངས་དོན། ད་ཆ་ལས་གཞི་འདི་མགོ་འཛུགས་བྱས་ཏེ་ལོ་རིམ་གསུམ་པ་འགྲོ་བཞིན་ཡོད་པ་མ་ཟད། ཟླ་གཉིས་རྗེས་ལོ་བཞི་པར་ཁ་ཕྱོགས་ཀྱི་ཡོད། ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ གི་རོགས་དངུལ་གནང་པ་མ་ཟད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་སྒྲོམ་གཞིར་སྤྱི་ཡོངས་ཞིབ་འཇུག་གནང་མཁན་ཆེད་ལས་པ་གླས་ཏེ་འགྱུར་བ་ཕྲན་བུ་བཏང་ཡོད་སྟབས། ད་རེབ་ས་གནས་མགོ་འཛིན་དང་སྨན་པ། འབྲེལ་ཡོད་ཚང་མར་མཁྱེན་རྟོགས་ཡོང་ཆེད་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་རེད། ད་ལྟ་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་མགོ་འཛུགས་བྱས་ཏེ་ལོ་གསུམ་པ་འགྲོ་བཞིན་ཡོད། ལོ་དང་པོ་དང་གཉིས་པའི་ནང་ཁྱོན་མི་ ༡༩༩༦༠ འཛུལ་ཞུགས་བྱས་ཁོངས་ནས་ཁེ་ཕན་བཞེས་མཁན་མི་ ༡༡༣༣ བྱུང་ཡོད་པ་དང་། ལོ་གསུམ་པའི་ནང་མི་ ༡༣༡༥༡ འཛུལ་ཞུགས་བྱས་ཁོངས་ནས་ཁེ་ཕན་ལེན་མཁན་མི་ ༧༠༠ ལྷག་བྱུང་ཡོད། འདས་པའི་ལོ་གསུམ་མ་ཟིན་ཙམ་ནང་འཕྲོད་བསྟེན་ལས་ཁུངས་ཀྱིས་མང་ཚོགས་ལ་ཧིན་སྒོར་འབུམ་ ༣༠༠ ལྷག་གི་འགྲོ་སོང་བཏང་ཡོད། ཅེས་གསུངས་སོང་།

ཁོང་གིས་ཨ་རིས་རོགས་དངུལ་དེ་འཕྲོད་བསྟེན་ལས་འཆར་གང་དག་ཐོག་གཏོང་དགོས་པ་ངོ་སྤྲོད་གནང་དོན། ཨ་རིའི་རོགས་ཚོགས་ཀྱིས་མི་ ༣༠༠༠༠ ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་བསྡུ་ཆ་ཁོངས་ནས་བརྒྱ་ཆ་ ༧༠ ཡི་རོགས་དངུལ་སྤྲོད་རྒྱུ་ཡིན་པ་མ་ཟད། ལས་གཞི་དང་འབྲེལ་བ་ཡོད་པའི་ལས་བྱེད་ལ་ཟབ་སྦྱོང་དང་། མ་དང་བྱིས་པའི་འཕྲོད་བསྟེན། ཌི་བི་ལས་གཞི། འཕྲོད་བསྟེན་གྱི་གྲངས་ཐོའི་ལས་གཞི་དང་སློབ་གསོའི་ལས་གཞི། གཉིས་པ། ས་གནས་ཁག་གི་ལས་བྱེད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སུ་ཟབ་སྦྱོང་གང་མང་སྤྲོད་རྒྱུ་དང་། ཕྱི་བཅོས་གསོ་ཐབས་སྨན་བཅོས་ (physiotherapy) དང་སོའི་སྨན་པ། སྨན་ཞབས་པ་དང་སྨན་པ། སྲི་ཞུ་ལས་བྱེད་དང་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ཀྱི་ལས་བྱེད་ཀྱི་གསོལ་ཕོགས་བཅས་ཀྱི་ཆེད་དུ་གནང་ཡོད། སྨན་ཁང་ཁག་ཏུ་ཌི་བིའི་ལས་གཞི་དང་འབྲེལ་བའི་ཐོག་ནས་གློག་པར་རྒྱག་རྒྱུ་དང་། མ་དང་བྱིས་པའི་ལས་གཞི་ཐོག་ནས་སྔོན་འགོག་ཁབ་དེ་དག་ཡག་པོ་གནས་ཆེད་ཆུ་ཚོད་ ༢༤ རིང་གྲང་གློག་ཡོད་པ་བཟོ་རྒྱུ་གཙོས། ཌི་བིའི་ནད་འབུ་རིམ་པ་གཉིས་པ་རྩད་གཅོད་གཏོང་མཁན་གྱི་འཕྲུལ་ཆས་བཅས་ཀྱི་མཐུན་རྐྱེན་སྦྱོར་ཆེད་གནང་ཡོད། ལས་གཞི་འདིའི་དུས་ཡུན་ལོ་ ༤ རིང་ཡིན་པ་དང་། རོགས་སྐྱོར་གནང་མཁན་གཞན་ཞིག་ནི་ཨ་རིའི་བོད་ཀྱི་ཐེབས་རྩ་ཆགས་ཡོད། ཅེས་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གལ་འགངས་སྐོར་གསུངས་དོན། ང་དང་པོ་འདིར་སླེབ་སྐབས་རྩིས་ཞིབ་ཀྱི་སྙན་ཐོ་གཞིར་བཟུང་བྱས་ན། འཕྲོད་བསྟེན་ལས་ཁུངས་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་གསུངས་བྱུང་། ངས་དཀའ་ངལ་འདུག་ཅེས་བསྡད་ན་འགྲིག་གི་མ་རེད། དཀའ་ངལ་དེ་གང་འདྲ་བྱས་ནས་ཆགས་འདུག་ཅེས་རྩད་གཅོད་བྱེད་སྐབས། བོད་མི་སྐྱོ་པོ་དང་ཉམ་ཐག་ན་བ་སོགས་བྱུང་ཚེ། འཕྲོད་བསྟེན་ལས་ཁུངས་ངོས་ནས་དངུལ་ཕུལ་དགོས་པ་དེ་རེད་འདུག དེ་ལ་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་འདི་གལ་ཆེན་པོ་ཆགས་ཡོད། ང་ཚོར་རོགས་དངུལ་ཐོབ་རྒྱུ་ཁག་པོ་ཡོད་པ་ལྟར་འགྲོ་སོང་གཏོང་རྒྱུ་དེའང་དཀའ་ལས་ཁག་པོ་ཡོད། ངས་ཤེས་རིག་ལས་ཁུངས་ཀྱི་འགན་འཁྱེར་སྐབས་ཨ་སྒོར་ས་ཡ་ ༢ ཀྱི་རོགས་དངུལ་རག་པ་རེད། ད་ལྟའི་ཤེས་རིག་བཀའ་བློན་གྱིས་དངུལ་རག་ཀྱང་འགྲོ་སོང་གཏོང་རྒྱུ་དེ་དཀའ་ལས་ཁག་པོ་ཡོད་པ་རེད་གསུངས་སོང་། དགེ་ལས་སློབ་ཕྲུག་དང་དཔེ་མཛོད་དོ་དམ་པར་ཟབ་སྦྱོང་སྤྲོད་རྒྱུ་སོགས་འཆར་གཞི་འདིང་གི་ཡོད་ཀྱང་། འཆར་གཞི་འདིང་བ་ལྟར་མ་བསྒྲུབས་པ་དེ་འདྲ་ཡོང་གི་ཡོད་སྟབས། རོགས་དངུལ་རག་པ་དག་དུས་ཐོག་གཏོང་མ་ཐུབ་ན། འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ གནང་བ་དེ་ཚགས་ཚུད་ཡོང་གི་མི་འདུག་ཅེས། རོགས་དངུལ་དེ་མཚམས་འཇོག་བྱས་པའམ་ཡང་ན་ཉུང་དུ་བཏང་ན་གྱོང་རག་མཁན་མང་ཚོགས་ཆགས་ཡོད། དེར་བརྟེན། ས་གནས་ཁག་ཏུ་ཕྱག་ལས་གནང་བཞིན་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་པ་ཚོར་འགན་ཆེན་པོ་ཡོད། ཅེས་སོགས་གསུངས་སོང་།

མཇུག་ཏུ་གསར་འགོད་པས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ལས་འཆར་དོ་དམ་པ་ཉི་མ་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། ༢༠༡༢ ལོར་སྨན་བཅོས་ལྟ་སྐྱོང་ལས་གཞི་མགོ་འཛུགས་བྱས་རྗེས། བཀའ་ཤག་གི་བཀའ་དགོངས་ལྟར་ལོ་གསུམ་རྗེས་ལས་གཞི་འདིར་བསྐྱར་བཅོས་གནང་སྟེ། མ་འོངས་པར་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་མིན་དང་། བཟོ་བཅོས་རྒྱག་དགོས་མིན་ཐད་གོ་བསྡུར་བྱེད་དགོས་པའི་ལམ་སྟོན་གནང་ཡོད་སྟབས། འདི་ལོ་ལས་གཞི་འདི་ལག་བསྟར་བྱས་ནས་ལོ་གསུམ་འཁོར་བཞིན་ཡོད་སྟབས། ང་ཚོས་ཆེད་ལས་མཁས་པ་མང་པོ་ཞིག་དང་གྲོས་བསྡུར་བྱས་ཏེ་གནད་དོན་ཁག་ཅིག་བསྐྱར་བཅོས་བྱས་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་འགྱུར་བ་ཆེན་པོ་ཕྱིན་མེད་ཀྱང་། སྔོན་ཆད་ན་ཚ་བྱེ་བྲག་སོ་སོར་རིན་འབབ་གཏན་འབེབས་ཡོད་པ་མ་རེད། དཔེར་ན། མིག་གཤག་བཅོས་བྱེད་མཁན་ཞིག་གིས་སྨན་བཅོས་རིན་འབབ་ཧིན་སྒོར་ ༡༣༠༠༠ ཙམ་ལས་ཕྱིན་མེད་ཀྱང་། ཡར་ཞུ་སྐབས་ ༣༠༠༠༠ ལྷག་གི་འཛིན་གཏོང་མཁན་བྱུང་ཡོད་སྟབས། ད་ཐེངས་ང་ཚོས་རྒྱ་གར་གྱི་སྨན་ཁང་ཆེ་ཁག་གི་རིན་འབབ་ཁག་ལ་ཞིབ་འཇུག་བྱས་ཏེ། ནད་གཞི་བྱེ་བྲག་པ་རེར་སྨན་རིན་སྤྲོད་རྒྱུ་གཏན་འབེབས་བྱས་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༤ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༠ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་སྐོར་གསུངས་དོན། ད་ཆ་ལས་གཞི་འདི་མགོ་འཛུགས་བྱས་ཏེ་ལོ་རིམ་གསུམ་པ་འགྲོ་བཞིན་ཡོད་པ་མ་ཟད། ཟླ་གཉིས་རྗེས་ལོ་བཞི་པར་ཁ་ཕྱོགས་ཀྱི་ཡོད།
    ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ གི་རོགས་དངུལ་གནང་པ་མ་ཟད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་སྒྲོམ་གཞིར་སྤྱི་ཡོངས་ཞིབ་འཇུག་གནང་མཁན་ཆེད་ལས་པ་གླས་ཏེ་འགྱུར་བ་ཕྲན་བུ་བཏང་ཡོད་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese