མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒེར་གཉེར་སློབ་གྲྭ་ཞིག་ལ་ཉེས་འཛུཊ།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཁོངས་ཀྱི་འཕྲལ་སེལ་དགེ་རྒན་གཡང་མོ་སྐྱིད་ལགས་ཀྱི་སྒེར་བཙུགས་སློབ་གྲྭར་སྲིད་གཞུང་གི་ཆོག་མཆན་ཐོབ་མེད་སྟབས་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་འདུག

ཁ་སང་ཀྲུང་གོའི་བོད་ལྗོངས་དྲ་བ་ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཁོངས་ཀྱི་འཕྲལ་སེལ་དགེ་རྒན་གཡང་མོ་སྐྱིད་ཞུ་བ་ཞིག་གིས་སྒེར་གྱི་ཚོང་ཁང་ཆུང་ཆུང་ཞིག་གི་མ་དངུལ་ལ་བརྟེན་ཏེ། ཡ་རྫི་རྫོང་ཁྱུང་ཉིན་སྡེ་བ་རུ་སྒེར་གཉེར་སློབ་གྲྭ་ཞིག་བཙུགས་ཡོད་པ་དེར། ཡ་རྫི་ས་ལར་རང་སྐྱོང་རྫོང་སློབ་གསོ་ཁང་ཞེས་པས་ཞིབ་བཤེར་མ་བརྒྱུད་པར་རང་དགར་སློབ་གྲྭ་གཉེར་བའི་ཉེས་འཛུགས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་སློབ་མཚམས་འཇོག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག སྒེར་གཉེར་སློབ་གྲྭ་དེ་བཙུགས་ནས་ལོ་ངོ་ ༢ ལྷག་འགྲོ་བཞིན་ཡོད་པ་དང་། ཁྱོན་སློབ་ཕྲུག་ ༢༤ ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཡ་རྫི་ས་ལར་རང་སྐྱོང་རྫོང་སློབ་གསོ་ཁང་ཟེར་བས་བཀའ་རྒྱ་ཞིག་བསྒྲགས་པའི་ནང་། ཁོ་མོའི་སློབ་གྲྭ་དེར་འབྲེལ་ཡོད་ལས་ཁུངས་ནས་ཆོག་མཆན་ཐོབ་མེད་པས་ཁྲིམས་འགལ་གྱིས་སློབ་གསོ་སྤེལ་བའི་ཁོངས་སུ་ཚུད་ཡོད་སྟབས། བརྡ་ཁྱབ་བསྒྲགས་པའི་ཉིན་མོ་ནས་བཟུང་སྟེ་སློབ་མཚམས་འཇོག་དགོས་པ་མ་ཟད། སློབ་མ་ཡོངས་ཀྱི་མིང་གཞུང་ལ་འབྲེལ་ཡོད་ལས་ཁུངས་ནས་ལེགས་སྒྲིག་བྱས་པ་བརྒྱུད་ས་གནས་ཀྱི་ཞི་ཁྲང་སློབ་ཆུང་དུ་གནས་སྤོར་གཏོང་རྒྱུ་ཡིན་པས། སློབ་མའི་ཁྱིམ་བདག་ཚོས་དཔྱིད་དུས་སློབ་མགོ་འཛུགས་སྐབས་བྱིས་པ་རྣམས་ས་གནས་ཀྱི་ཞི་ཁྲང་སློབ་ཆུང་ལ་དུས་ཐོག་ཏུ་སྐྱེལ་དགོས། གལ་སྲིད་མ་བསྐྱལ་བ་ཡིན་ན་གནད་དོན་དེའི་མཇུག་འབྲས་ཡོད་ཚད་ལ་རང་ཉིད་ཀྱིས་འགན་ཁུར་དགོས་སྐོར་བརྗོད་འདུག

གོང་གི་གནས་ཚུལ་དེའི་ཐད་དཔྱད་བརྗོད་པ་ཞིག་གིས། དངོས་འབྲེལ་བྱས་ན་གནས་ཚུལ་འདི་འདྲ་བ་ཡོད་པའི་ས་ཁུལ་མི་ཉུང་བ་ཞིག་ཡོད། བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༠༠ ནས་ ༢༠༡༠ བར་གྱི་ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་ཆུང་ཕྱེད་ཀ་ཇེ་ཉུང་དུ་ཕྱིན་ཏེ། མ་གཞིའི་སློབ་མ་གྲངས་ཁྲི་ ༥༥ ནས་ཁྲི་ ༢༦ ཏུ་གྱུར་ཅིང་། ཆ་སྙོམས་ཉིན་རེར་གྲོང་གསེབ་སློབ་ཆུང ༥༦ རེ་མེད་པ་ཆགས་པ་དང་། སློབ་འབྲིང་མ་གཞིའི་སློབ་མ་ཁྲི་ ༦.༤ ནས་ཁྲི་ ༥.༥ བར་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། གནས་ཚུལ་འདི་སློབ་མས་སློབ་མཚམས་འཇོག་པའི་རྒྱུ་རྐྱེན་གསར་པ་ཞིག་ཆགས་ཡོད་ལ། གྲོང་གསེབ་ཀྱི་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་བའམ་སྒོ་བརྒྱབ་པ་དེས། རྒྱང་རིང་ལུང་ཀྱོག་གི་ཕྲུ་གུ་ཚོ་སློབ་གྲྭ་དང་ཐག་རིང་དྲགས་ནས་སློབ་གྲྭར་འགྲོ་སྟབས་མི་བདེ་བ་བཟོས་ཡོད་པ་མ་ཟད། བདེ་འཇགས་ཐད་ཀྱང་གནད་དོན་མང་པོ་བྱུང་བཞིན་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༢ ཟླ ༩ པའི་ནང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼གྲོང་གསེབ་འོས་འགན་སློབ་གསོའི་སློབ་གྲྭའི་བཀོད་སྟངས་ལེགས་སྒྲིག་གི་བསམ་འཆར་༽ཞེས་པ་སྤེལ་ཏེ། གྲོང་གསེབ་འོས་འགན་སློབ་གསོའི་སློབ་གྲྭ་རྨོངས་ཚོད་ཀྱིས་མེད་པའམ་ཟླ་སྒྲིལ་བཟོ་བ་གཏན་འགོག་དགོས་པ་མ་ཟད། གྲོང་གསེབ་སློབ་གྲྭའི་ཆ་རྐྱེན་ཇེ་ལེགས་དང་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཚུལ་བསྒྲགས་ཡོད་པ་ལྟར། གཡང་མོ་སྐྱིད་ཀྱི་སྒེར་གཉེར་སློབ་གྲྭའི་དཀའ་ངལ་སེལ་ཐབས་དགོས་པའི་སྐོར་ལ་གོང་གི་དཔྱད་བརྗོད་པ་དེས། ལོ་གཉིས་ཀྱི་དུས་ཚོད་ཕྱིན་པའི་ནང་རིམ་པ་དང་ས་ཁུལ་སོ་སོས་ངེས་པར་དགོས་པའི་སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་ག་ཚོད་བསྐྱར་གསོ་བྱས་ཡོད་དམ། དེ་འབྲེལ་གཞི་གྲངས་མི་རྙེད་པས་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་མིན་རྟོགས་མི་ཐུབ་ནའང་། དཀའ་ཚེགས་ཆེན་པོས་སློབ་སྒྲུབ་ས་ཚིགས་སྐྱོང་མཁན་དགེ་རྒན་གཡང་མོ་སྐྱིད་ལྟ་བུའི་དཀའ་ངལ་སེལ་ཅི་ཐུབ་བྱ་དགོས། རིམ་པ་སོ་སོའི་སློབ་གསོའི་གཙོ་འགན་སྡེ་ཁག་ཚང་མས་གནད་དོན་ཐག་ལེགས་པོར་གཅོད་རྒྱུ་དང་ཕྲུ་གུ་ཚང་མའི་སློབ་གསོ་མྱོང་དབང་ལ་བརྩི་བཀུར་གྱི་རྣམ་འགྱུར་ཡོད་ཆོག་ཆོག་ཡིན་ལ། དངོས་ཐོག་བདེན་འཚོལ་གྱིས་ངེས་པར་དགོས་པའི་སློབ་གྲྭའམ་སློབ་སྒྲུབ་ས་ཚིགས་བསྐྱར་གསོ་དགོས་པ་གལ་ཤིན་ཏུ་ཆེའོ། ཞེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

མཆན། 3

  1. བསྟན་ཆོས། says:
    ལོ་ 12 སྔོན།

    དེང་སང་ཆབ་སྲིད་ལ་ཞེ་མེར་བ་དང་སྐད་ཡིག་རིག་གཞུང་གཅེས་ཉར་བྱེད་མདོག་མདོག་ཚོས་མ་གོ་མ་ཐོས་ཚུལ་གྱིས་ཁུ་སུམ་མེར་འདུག་བཟོད་ལ།

    Reply
  2. ཤིང་ལོ། says:
    ལོ་ 12 སྔོན།

    རེད། རྒྱ་ནག་གི་དམིགས་ཡུལ་གཙོ་བོ་ནི་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་ཚོར་ངེས་པར་དུ་མགྱོགས་མྱུར་དགོས་གྲོང་ཁྱེར་དང་། རྒྱ་ནག་གྱི་གོམས་གཤིས་འབྱོར་ཐབས་བྱེད་རྒྱུ་དེ་རེད། སྟོང་ལོ་གསར་བ་ནས་བཟུང་བོད་ཁུལ་གང་ས་གང་དུ་སློབ་ཆུང་སློབ་མ་མང་བོ་མཉམ་བསྡུ་བྱས་ནས་རྫོང་སློབ་ཆུང་ལ་སྐྱེལ་བཞིན་ཡོད་པ་རེད། དེས་བྱིས་པ་ཚོ་ཕ་མ་དང་། ཞིང་འབྲོག་གྱི་འཚོ་བ་དང་ཁ་ཐག་རིང་དུ་བཏང་ནས། ངེས་པར་དུ་རྒྱ་རིགས་ཧེ་རིགས་ཚོ་དང་མཉམ་བསྲེས་བྱས་ནས་ཚང་མ་རྒྱ་ལ་སྒྱུར་བར་བྱེད་འདོད་པ་དེ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་ གྲོང་གསེབ་ཀྱི་སློབ་གྲྭ་ཁག་ཟླ་སྒྲིལ་བཏང་བའམ་སྒོ་བརྒྱབ་པ་དེས། རྒྱང་རིང་ལུང་ཀྱོག་གི་ཕྲུ་གུ་ཚོ་སློབ་གྲྭ་དང་ཐག་རིང་དྲགས་ནས་སློབ་གྲྭར་འགྲོ་སྟབས་མི་བདེ་བ་བཟོས་ཡོད་པ་མ་ཟད། བདེ་འཇགས་ཐད་ཀྱང་གནད་དོན་མང་པོ་བྱུང་བཞིན་ཡོད་སྐོར་བརྗོད་འདུག ་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese