མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞང་ཞུང་རིག་གཞུང་དཔྱད་གླེང་ཚོགས་འདུ་བསྡུས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༤ ནས་ ༢༥ བར་ཉིན་གཉིས་རིང་སྐབས་དང་པོའི་ཞང་ཞུང་རིག་གནས་རིག་གཞུང་དཔྱད་གླེང་ཚོགས་འདུ་ཞེས་པ་དེ་ལྷ་སར་ཚོགས་ཡོད་འདུག ཐེངས་འདིའི་ཚོགས་ཐོག་ཏུ་རྒྱས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཁོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན། པེ་ཅིན་བཅས་ཀྱི་ཞིབ་འཇུག་མི་སྣ་དང་དགེ་རྒན་ཆེན་མོ་ ༤༠ ཙམ་མཉམ་ཞུགས་གནང་སྟེ་དཔྱད་རྩོམ་སྒྲོགས་སྦྱང་གནང་ཡོད་འདུག

ཐེངས་འདིའི་ཉིན་གཉིས་ཀྱི་ཚོགས་འདུའི་སྟེང་། ཚོགས་བཅར་བ་ཡོངས་ཚོགས་ཆུང་གཉིས་སུ་བགོས་ཏེ། ཚོགས་ཆུང་དང་པོའི་ནང་། ཞང་ཞུང་སྒྱུ་རྩལ་དང་། ཞང་ཞུང་ལོ་རྒྱུས་རིག་གནས་ཀྱི་ཁྱད་ཆོས་དང་དེའི་དེང་རབས་ཀྱི་རིན་ཐང་གླེང་བ། རི་བོ་ཧི་མ་ལ་ཡའི་ཁུལ་གྱི་ས་འོག་ནས་ཐོན་པའི་གསེར་གྱི་འབག གནའ་བོའི་ཞང་བོད་དང་རྒྱ་གར་བར་གྱི་འགྲོ་ལམ་ལས་འཕྲོས་ཏེ་ཞང་ཞུང་ཤེས་རིག་ཕྱི་ཕྱོགས་སུ་ཁྱབ་པའི་རྒྱུ་ལམ་བཅས་ཀྱི་བརྗོད་གཞིའི་ཐོག རང་རང་གི་དཔྱད་རྩོམ་སྒྲོགས་སྦྱང་གནང་ཡོད་འདུག

ཚོགས་ཆུང་གཉིས་པའི་ནང་། གླ་རྩིའི་ཚོང་ལམ་དང་སྤུ་རྒྱལ་རིག་གནས། མཚོ་བོད་ས་མཐོའི་འདས་ཟིན་པའི་ལོ་ངོ་ལྔ་སྟོང་གི་གནམ་གཤིས་ཀྱི་འགྱུར་བས་ཞང་ཞུང་གི་ཤེས་རིག་ལ་ཤུགས་རྐྱེན་བྱུང་ཚུལ། རྒྱའི་ལོ་རྒྱུས་ནང་འཁོད་པའི་འབྲེལ་ཡོད་ཞང་ཞུང་སྐོར་ཅུང་ཟད་གླེང་བ། མངའ་རིས་པུང་ཧྲང་གི་སྲོལ་རྒྱུན་བུད་མེད་ཀྱི་གྱོན་ཆས་དང་རྒྱན་ཆའི་འབྱུང་ཁུངས་དང་ཞང་ཞུང་རིག་གནས་ཀྱི་འབྲེལ་བ་རགས་ཙམ་གླེང་བ་བཅས་ཀྱི་ཐོག་དཔྱད་རྩོམ་སྒྲོགས་སྦྱང་དང་དྲི་བ་དྲིས་ལན་གནང་འདུག

ཚོགས་འདུ་དངོས་གཞིའི་སྔར་ཉིན་ཚེས་ ༢༣ ཉིན་ཚོགས་བཅར་བ་རྣམས་ལྷ་སའི་སྟོད་ལུང་བདེ་ཆེན་རྫོང་གི་འབྲི་ལུང་ས་ཆའི་གནའ་ཤུལ་རྙིང་པར་རྟོག་ཞིབ་ཏུ་བསྐྱོད་ཡོད་པ་དང་། འབྲི་ལུང་ཞང་ཞུང་རིག་གནས་གནའ་ཤུལ་རྙིང་པ་ནི་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་དགོན་པའི་སྤོ་མ་གྲོང་ཚོའི་ཞང་སྟོན་རང་བྱུང་ཚོ་པ་བཞི་པའི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ་གསུམ་གྱི་མཚམས་སུ་ཡོད་འདུག

གནས་ཚུལ་ནང་འཁོད་པར། གནའ་ཤུལ་དེ་ནི་མཚོ་ངོས་ལས་མཐོ་ཚད་རྨི་ ༤༠༣༢ ཀྱི་སར་ཡོད་པ་དང་། བོད་ཁུལ་དུ་འདུ་གནས་སོ་བདུན་བཞེངས་པའི་ཡ་གྱལ་ཏོ་རོ་ལུང་གསུམ་ཞེས་པ་འདི་ནི། དུས་རབས་བཅུ་གཅིག་པར་བསྟན་པ་ཕྱི་དར་དུས་སུ་བོན་གྱི་མཁས་ཆེན་ཞང་སྟོན་བསྟན་པ་ཚུལ་བཞིས་བོན་གྱི་གསས་ཁང་དུ་བསྒྱུར་ཞིང་། ལ་ལས་ད་ལྟའི་འབྲི་ལུང་གནའ་ཤུལ་རྙིང་པ་དེ་ནི་དུས་སྐབས་དེའི་སྟོད་ལུང་ར་བོན་གྱི་འདུ་གནས་བཞེངས་སའི་གནས་སུ་འབྲི་ལུང་དགོན་བཞེངས་པར་འདོད། དུས་རབས་བཅོ་བརྒྱད་པར་འཇང་གུར་དམག་དཔུང་གིས་དགོན་པ་འདི་གཏོར་བརླགས་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༡ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

མཆན། 6

  1. ཤིང་ལོ། says:
    ལོ་ 12 སྔོན།

    ཐེག་པ་གསུམ་གྱི་གནས་ལ་མ་འཐོགས་ཤིང་།།
    ཐེག་པ་རིམ་དགུའི་དྲངས་འདྲེན་ཙམ་ཞིག་གིས།།
    ཐེག་པ་གང་ལ་མི་གཏོགས་གདོད་མ་ཡི།།
    ཐེག་ཞེན་ཐེག་སྣང་ཐེག་འཕྲུལ་ཡོངས་ལ་འདུད།།

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རང་རེས་ཕ་ཆོས་ཆེ་མོ་གཡུང་དྲུང་བོན་

    Reply
  3. ཤིང་ལོ། says:
    ལོ་ 12 སྔོན།

    སྣང་བ་རྒྱ་ཡན་རིག་པ་རྨོངས་ལ་ཤོར།།
    སྣང་བ་གང་དྲན་སྣེ་མོ་འདམ་ལ་ཟུག།
    སྣང་ཚུལ་ཙམ་གྱིས་འཐོམས་པའི་གཤེན་ཞེན་པ།།
    སྣང་རྒྱལ་ཤེར་ཉིའི་སྤྱན་ལ་འདི་འདྲ་ཡོད།།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    མ་བརྟག་འུར་ལ་ཉན་ན་སྣང་བ་སྨྱོ།།
    མ་ཤེས་རང་མགོ་མཐོ་ན་སྣང་བ་རྨོངས།།
    མ་མཐོང་མེད་པར་འདོད་ན་སྣང་བ་འཁྲུལ།།
    མ་སྐྱེས་ཤིང་ལོའི་ཐུགས་ལ་དེ་ལྟར་ཞོག །

    Reply
  5. ཤིང་ལོ། says:
    ལོ་ 12 སྔོན།

    གཤེན་རབས་མི་བོ་གཤེགས་ཤུལ་མི་ཤེས་ཤིང་།།
    སྨྲ་ཆེན་སྨྲ་ཆུང་སུས་བྲིས་མི་ཚོར་བ།།
    བསང་གསུར་རི་ཆུས་སྐྱབས་ཀྱི་ཆོས་ལུགས་ཤིག།
    གདོད་མའི་མི་ཡི་རྨོངས་པ་འགའ་ཞིག་ལགས།།

    Reply
  6. སྣང་རྒྱལ་ཤེར་དགེ says:
    ལོ་ 12 སྔོན།

    ཞང་ཞུང་རིག་གནས་ཀྱི་ཕུ་ཐག་དང་ཁྱབ་ཚད། ས་རྒྱ་ཁྱབ་ཁུངས་བཅས་ལ་ད་དུང་ཞིབ་དཔྱད་མང་དུ་བྱེད་དགོས་པར་སྣང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese