མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པས་ཚོང་གཏམས་སྟངས།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སླར་ཡང་ཁ་ཆེ་དྲག་སྤྱོད་པས་བརྙན་ཐུང་བརྒྱུད་ཉི་ཧོང་གིས་ཇོར་ཌན་ལ་གནོན་ཤུགས་སྤྲད་དེ་ཇོར་ཌན་གྱི་འཛིན་བཟུང་འོག་ཡོད་པའི་དྲག་སྤྱོད་པ་ཞིག་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག

ཁ་སང་ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་ཉི་ཧོང་གི་གསར་འགོད་པ་ཁཱན་ཇེ་གྷོ་ཌོ་ཡིས་ཇོར་ཌན་གྱི་གནམ་གྲུ་གཏོང་མཁན་མུ་ཋ་ཨལ་ཁཱ་སེ་སི་བྷེའི་འདྲ་པར་བཟུང་ཡོད་པའི་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཏེ། གལ་ཏེ་ཇོར་ཌན་གཞུང་གིས་དེ་སྔོན་ ༢༠༠༥ ལོར་ཇོར་ཌན་ནང་དྲག་སྤྱོད་སྤེལ་ཏེ་འཛིན་བཟུང་ཐེབས་པའི་སཱ་ཇེ་ཌ་ཨལ་རེ་ཤཱ་ཝེ་ (Sajida al-Rishawi) ཀློད་གྲོལ་མ་བཏང་ཚེ། ཆུ་ཚོད་ ༢༤ ནང་ཚུད་དུ་ལོ་ན་ ༤༧ སོན་པའི་ཁཱན་ཇེ་གྷོ་ཌོ་ (Kenji Goto) དང་། མུ་ཋ་ཨལ་ཁཱ་སེ་སི་བྷེ་(Muath al-Kasaesbeh) དམར་གསོད་གཏོང་རྒྱུ་ཡིན་སྐོར་འཇིགས་སྐུལ་བྱས་འདུག

གཞུང་གིས་ ༢༠༠༥ ལོར་ཇོར་ཌན་རྒྱལ་ས་ཨམ་མན་ནང་དྲག་སྤྱོད་ལས་འགུལ་སྤེལ་མཁན་གྱི་དྲག་སྤྱོད་ བརྙན་ཐུང་དེའི་ནང་མི་ཞིག་གིས། “ང་ལ་ད་ལྟ་དུས་ཚོད་ཉུང་ངུ་ལས་ལྷག་མེད་པ་མ་ཟད། ད་དུང་ང་དང་ཁོ་མོ་བརྗེ་པོ་རྒྱག་དགོས་སྟབས། དེ་ནི་བསམ་ཤེས་བྱེད་དཀའ་བ་ཞིག་རེད། ཁོ་མོ་བཙོན་འཇུག་བྱས་ཏེ་ལོ་བཅུ་ལྷག་འགྲོ་བཞིན་ཡོད་པ་དང་། ང་བཙན་ཁྲིད་བྱས་ཏེ་ཟླ་ཤས་ལས་འགྲོ་གི་མེད་ཀྱང་། ཁོ་ཚོས་ཕན་ཚུན་བརྗེ་པོ་རྒྱག་དགོས་སྐོར་བརྗོད་སྟབས། གལ་སྲིད་ཇོར་ཌན་གཞུང་གིས་དུས་ཐོག་ཐག་གཅོད་མ་བྱས་ཚེ་ངེད་གཉིས་དམར་གསོད་གཏོང་རྒྱུ་ཡིན་སྟབས། ཉི་ཧོང་གཞུང་གིས་ཇོར་ཌན་གཞུང་ལ་གནོན་ཤུགས་སྤྲད་དེ་ང་ཚོ་སྐྱོབ་ཐབས་བྱེད་དགོས།”ཞེས་བརྗོད་འདུག

ཉི་ཧོང་དང་ཇོར་ཌན་གཞུང་གིས་དྲག་སྤྱོད་པས་ཕྱིར་བསྒྲགས་བྱས་པའི་བརྙན་ཐུང་དེའི་ནང་གི་སྐད་གདངས་དེ་གསར་འགོད་པ་ཁཱན་ཇེ་གྷོ་ཌོའི་ཡིན་མིན་ཞིབ་འཇུག་བྱས་པ་བརྒྱུད། མདང་དགོང་ཉི་ཧོང་གི་སྤྱི་ཁྱབ་དྲུང་ཆེ་ཡོ་ཤི་ཧེ་ཌི་སོ་གྷ་ (Yoshihide Suga) ཡིས་བརྙན་ཐུང་ནང་གི་སྐད་གདངས་དེ་གསར་འགོད་པ་ཁཱན་ཇེ་ཡི་སྐད་སྒྲ་འདྲ་པོ་འདུག་ཅེས་བརྗོད་ཡོད་པ་མ་ཟད། ཇོར་ཌན་གྱི་བརྙན་འཕྲིན་ཚན་པས་གཅིག་མཚུངས་བསྒྲགས་གཏམ་སྤེལ་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེས་བརྙན་ཐུང་དེ་ནི་གཞན་ལ་བརྙས་བཅོས་བྱེད་ཆེད་ཕྱི་བསྒྲགས་བྱས་པ་ཞིག་ཡིན་སྟབས། ང་ཁོང་ཁྲོ་ཆེན་པོ་ལངས་ཀྱི་འདུག་ཅེས་བརྗོད་ཡོད་པ་དང་། ཁོང་གིས་གྲོས་ཚོགས་གོང་མའི་ནང་ཇོར་ཌ་གཞུང་དང་འབྲེལ་བ་བྱས་ཏེ་ཁཱན་ཇེ་ཀློད་གྲོལ་གཏོང་རྒྱུར་གྲོས་མོལ་བྱེད་བཞིན་ཡོད། ང་ཚོས་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅག་སྟེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཡོང་བ་བྱེད་དགོས་པ་མ་ཟད། ཉི་ཧོང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་སོགས་བརྗོད་འདུག

དེ་རིང་སྔ་དྲོར་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཧྥོ་མེ་ (Fumio Kishida) ཡིས་གསར་འགོད་པར་ང་ཚོས་ཇོར་ཌན་གཞུང་དང་གྲོས་མོལ་བྱས་ཏེ། ཁཱན་ཇེ་གང་མགྱོགས་ཀློད་གྲོལ་ཡོང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་དང་། ཇོར་ཌན་གྲོས་ཚོགས་ཀྱི་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་བྷ་སམ་ (Bassam Al-Manaseer) གྱིས་རྒྱལ་ས་ཨམ་མན་ནང་རྟེན་གཞི་བྱས་པའི་ཨ་རིའི་བྷོ་ལོམ་བྷག་ (Bloomberg) གསར་ཁང་གི་བཅར་འདྲིའི་ལན་དུ། ད་ལྟ་ང་ཚོས་ཨི་རག་གི་ཚོ་ཁག་སོ་སོའི་སྡེ་དཔོན་དང་ཆོས་ལུགས་ཀྱི་མགོ་ཁྲིད་ཁག་བརྒྱུད་དྲག་སྤྱོད་པ་དང་གྲོས་མོལ་བྱས་ཏེ། ཁཱན་ཇེ་དང་ཁཱ་སེ་སི་བྷེ་ཀློད་གྲོལ་ཐོབ་རྒྱུར་ཐབས་ཤེས་བྱེད་བཞིན་ཡོད་སྟབས། ད་ལྟ་ང་ཚོས་གང་མགྱོགས་གནས་ཚུལ་བཟང་པོ་ཞིག་འཐོན་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་སོགས་བརྗོད་འདུག

ཁ་སང་མང་ཚོགས་ ༡༠༠༠ ལྷག་གིས་ཇོར་ཌན་གྱི་སྲིད་བློན་ལས་ཁུངས་མདུན་དུ་གཞུང་གིས་དྲག་སྤྱོད་པས་དགོས་འདུན་བཏོན་པ་དག་ལ་དང་ལེན་བྱས་ཏེ། ད་ལྟ་ཁོ་ཚོའི་བཀག་བསྐྱིལ་འོག་ཡོད་པའི་གནམ་གྲུ་གཏོང་མཁན་གྱི་ཚེ་སྲོག་སྐྱོབ་དགོས་པའི་ངོ་རྒོལ་བྱས་ཡོད་པ་དང་། མུ་ཋ་ཨལ་ཁཱ་སེ་སི་བྷེ་ཡི་པ་ཕ་སཱ་ཧྥེ་ (Safi Kasaesbeh) ཡིས་ཇོར་ཇན་མང་ཚོགས་ཀྱིས་གཞུང་ལ་གནོན་ཤུགས་སྤྲད་དེ་མུ་ཋ་གང་མགྱོགས་ཀློད་གྲོལ་ཐོབ་རྒྱུར་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་འདུག དེ་བཞིན། གསར་འགོད་པ་ཁཱན་ཇེ་ཡི་ཨ་མ་ཇན་ཁོ་ (Junko Ishido) ཡིས་ཉི་ཧོང་གི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་ལམ་ (NHK)ཐོག་གཞུང་གིས་དྲག་སྤྱོད་པས་ངའི་བུ་ཀློད་གྲོལ་ཡོང་རྒྱུར་གང་ཡོང་ཤུགས་སྣོན་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན་ཞེས་སོགས་བརྗོད་འདུག

༢༠༡༤ ལོའི་ཟླ་ ༡༠ ནང་ཉི་ཧོང་གི་གསར་འགོད་པ་ཁཱན་ཇེ་གྷོ་ཌོ་ཡིས་ལོ་དེའི་ཟླ་ ༨ ནང་དྲག་སྤྱོད་པས་བཙན་ཁྲིད་བྱས་པའི་ཁོང་གི་གྲོགས་པོ་ཧཱ་རུ་ཎཱ་ཡུ་ཁཱ་ཝ་ (Haruna Yukawa) ཀློད་གྲོལ་ཐོབ་ཆེད་སི་རི་ཡའི་ནང་ཕྱིན་སྐབས་དྲག་སྤྱོད་པས་འཛིན་བཟུང་བྱས་ཡོད་པ་དང་། ཟླ་འདིའི་ཚེས་ ༢༠ ཉིན་དྲག་སྤྱོད་པས་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཏེ། གལ་སྲིད་ཉི་ཧོང་སྲིད་གཞུང་གིས་ཆུ་ཚོད་ ༧༢ ནང་ཚུད་དུ་ཨ་སྒོར་དུང་ཕྱུར་ ༢ ཀྱི་མ་སྤྲད་ཚེ། ཉི་ཧོང་བ་དེ་གཉིས་དམར་གསོད་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད།

མུ་ཋ་ཨལ་ཁཱ་སེ་སི་བྷེ་(Muath al-Kasaesbeh) ནི་འདས་ལོའི་ཟླ་ ༡༢ ནང་གནམ་གྲུ་བཏང་སྟེ་དྲག་སྤྱོད་པར་མཁའ་རྒོལ་བྱེད་སྐབས་སི་རི་ཡའི་བྱང་ཕྱོགས་ས་ཁུལ་ནང་གནམ་གྲུ་ཟགས་ཏེ་དྲག་སྤྱོད་པས་བཙན་ཁྲིད་བྱས་ཡོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། དེ་སྔོན་དྲག་སྤྱོད་པས་ཉི་ཧོང་གཞུང་ལ་ཧཱ་རུ་ཎཱ་ཡུ་ཁཱ་ཝ་དང་གསར་འགོད་པ་ཁཱན་ཇེ་ཀློད་གྲོལ་གཏོང་རྒྱུར་ཨ་སྒོར་དུང་ཕྱུར་གཉིས་སྤྲོད་དགོས་པའི་ཉེན་བརྡ་བཏང་བ་ལྟར་ཉི་ཧོང་གཞུང་གིས་དུས་ཐོག་དངུལ་སྤྲད་མེད་ཀྱང་། ཧཱ་རུ་ཎཱ་ཡུ་ཁཱ་ཝ་ཡི་གནས་སྟངས་ཤེས་རྟོགས་དཀའ་ཡང་ཁཱན་ཇེ་གྷོ་ཌོ་བསད་མེད་པ་བཞིན། གལ་སྲིད་ད་རེབ་ཀྱང་ཇོར་ཌན་དང་ཉི་ཧོང་གཞུང་གིས་དྲག་སྤྱོད་པའི་དགོས་འདུན་ཁས་ལེན་མ་བྱས་ཀྱང་མཇུག་འབྲས་ཐག་གིས་གཅོད་ཐུབ་པ་ཞིག་མ་རེད་ཟེར།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

ཆུ་ཚོད་ ༡༩ སྔོན་ལ།
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

ཆུ་ཚོད་ ༢༠ སྔོན་ལ།
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

༢༠༢༦/༠༨/༣༡

མཆན། 1

  1. ཤིང་ལོ། says:
    ལོ་ 12 སྔོན།

    འདི་ནི་གདམ་ཀ་ཆེ་ཤས་ཤིག་རེད། སུ་ཞིག་ལ་མཚོན་ནའང་མི་གཏའ་ནི་ཉེན་ཚབ་ཆེ་ཤོས་རེད། གལ་སྲིད་མི་དེ་དག་བསྐྱབས་པ་ཡིན་ན་མ་འོངས་པར་ད་དུང་དེ་འདྲ་འབྱུང་བ་དང་། མ་བསྐྱབ་ན་རྒྱལ་ཁབ་ཞིག་གི་ལ་རྒྱ་རེད། རབ་ཡིན་ན་༼ཁཱན་ཇེ་གྷོ་ཌོ་ (Kenji Goto) དང་། མུ་ཋ་ཨལ་ཁཱ་སེ་སི་བྷེ་(Muath al-Kasaesbeh) ༽གཉིས་ཀྱིས་ཁོ་རང་གཉིས་འཇིགས་བསྐུལ་བ་ཚོར་ནམ་ཡང་མགོ་སྒུར་ལུས་འབུལ་མི་བྱེད་པར་ཛམ་གླིང་མི་མང་གི་ཞི་བདེ་དང་། དྲང་བདེན་གྱི་ཆེད་དུ་གང་བྱེད་དགོས་ཀྱང་འགྱོད་པ་མེད་ཟེར་ན་འགྲིག་སོང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese