མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུལ་སུངས་ལ་རྒོལ་བ་དང་ཁ་བྲལ་ལ་རྒོལ་བ་ཟུང་འབྲེལ་བྱེད་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་དགོས། ” ཟེར་བ་འདི་རེད།

དེ་རིང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་མདུན་ངོས་སུ། ཟླ་འདིའི་ཚེས་ ༢༨ ཉིན་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཚོགས་པའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་ཀའོ་ཡིས་ལྐོག་ཟ་རུལ་སུངས་དང་ཁ་བྲལ་ལ་ངོ་རྒོལ། རྒྱ་ནག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྲིད་འཛིན་ཞི་ཅིན་ཕིན་གྱི་གསུང་ཟེར་བ་བཅས་ཀྱི་ཐོག་གཏམ་བཤད་རིང་བོ་ཞིག་སྤེལ་འདུག

བོད་ལྗོངས་ཉིན་རེ་ཚགས་པར་ཞེས་པའི་སྟེང་བཀོད་པའི་ཁྲིན་ཆོན་གོ་ཡི་གཏམ་བཤད་འདིར་འདྲེན་བཀོད་བྱས་ཡོད། ༼ 2014 ལོར་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ བརྟན་འགྱུར་མེད་ཀྱི་འགོ་ཁྲིད་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཐད་ཀའི་འགོ་ཁྲིད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྣང་ཆེན་དང་སྐུལ་གཏོང་བཅས་འོག་ལྗོངས་ཡོངས་ཀྱི་ རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་ བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་ པ་དང་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་ དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ ཆེའི་དགོངས་དོན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་ དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་པོ་འདིང་བའི”རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཧྲུའུ་ཅི་ཝང་ཆི་ཧྲན་གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ ལྟེ་བའི་ལས་འགན་ལ་དམིགས་པ་དང་འགན་ནུས་འདོན་སྤེལ་ཡག་པོ་བྱས་ནས་གསར་གཏོད་རང་ བཞིན་ངང་ལས་ཀ་བྱེད་པ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། ཏང་ཡོན་དཔུང་ཁག་གི་དྭངས་གཙང་རང་བཞིན་སྲུང་སྐྱོང་བྱེད་པ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་དང་སྒྲིག་ཁྲིམས་ཞིབ་བཤེར་ལམ་སྲོལ་གྱི་ སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། སྒྲིག་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་སྲིང་གི་འཇིགས་སྐུལ་ཆགས་པ་ བྱེད་པ། གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་ བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། “འགྱུར་ལྡོག་གསུམ”གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཉམས་སད་ཐེག་ཐུབ་པའི་དཔུང་ ཁག་གཏོད་པ་བཅས་བྱས་པས་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

ཁྲེན་ཆོན་གོས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་བཅོ་ བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་འདས་ཟིན་པའི་ ལོ་གཅིག་རིང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་ཕན་འབྲས་ཁས་ལེན་གང་ལེགས་གནང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་ནས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་ རིང་གི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་གསལ་པོ་བཏོན་གནང་བ་དེ་ལས་ཏང་ནན་པོ་ སྐྱོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་སྲ་བརྟན་འགྱུར་མེད་ཀྱི་སེམས་ ཤུགས་གང་ལེགས་མཚོན་པ་དང་། བླ་ན་མེད་པའི་ཏང་གཤིས་གཤིས་རྒྱུད་དང་འགན་ཁུར་ཕོད་པའི་སྙིང་སྟོབས་གང་ལེགས་ མཚོན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བླང་བྱ་ནན་འདོན་དང་གཅེས་སྐྱོང་ཐུགས་ཁུར་གནང་ ལུགས་གང་ལེགས་མཚོན་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པའི་བསམ་བློའི་མཚོན་ཆ་གལ་ཆེན་ཞིག་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་ པར་དུ་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཧྲུའུ་ཅི་ཝང་ཆི་ཧྲན་གྱི་ལས་དོན་སྙན་ སྒྲོན་གྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བསམ་བློ་དང་བྱ་སྤྱོད་དེ་ཏང་སྲོལ་ སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཀྱི་ ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་ཏང་ནན་པོ་ སྐྱོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཆེ་རུ་བཏང་སྟེ་བཟོད་སྒོམ་གཏན་ ནས་མི་བྱེད་པའི་རྣམ་འགྱུར་འགྱུར་བ་མི་གཏོང་བ་དང་། སྨན་ཆེན་གྱིས་གཅོང་ནད་བཅོས་པའི་ཆོད་སེམས་ཆུང་དུ་མི་གཏོང་བ། རུས་བྲད་དུག་སེལ་གྱི་བློ་སྟོབས་མི་ཉམས་པ། ཆད་གཅོད་ནན་པོའི་ཚད་གཞི་ལྷུག་ཏུ་མི་གཏོང་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་ རྒོལ་བྱེད་པའི་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

ཁྲེན་ཆོན་གོས་ནན་ བཤད་གནང་དོན། 2015ལོར་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་ བྱེད་པའི་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་ པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་ དོན་ལག་བསྟར་ནན་ཏན་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ པ་བྱེད་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་བསམ་བློའི་ཐོག་ ནས་ཏང་འཛུགས་སྐྱོང་དང་ལམ་ལུགས་ཀྱི་ཐོག་ནས་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་ འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་དུ་གཏོང་བ་དང་། ཕྱོགས་གཅིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་ པའི་འཐབ་རྩོད་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ རྩོད་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལུགས་ སྲོལ་གཟབ་ནན་དུ་གཏོང་བ་དང་སྒྲིག་ལམ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“འགན་ འཁྲི་གཉིས”དོན་འཁྱོལ་བྱེད་པ་དང་། ལྟ་སྐུལ་དང་སྒྲིག་ལམ་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་ བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་ནན་པོ་བྱེད་པ། རུལ་སུངས་གྱི་གྱོད་གཞི་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་པ། སྐོར་ཞིབ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཞིབ་བཤེར་ལམ་སྲོལ་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་ བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་ སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་ བ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་འཕེལ་རྒྱས་དང་ཡུན་ རིང་བདེ་འཁོད་ཡོང་ཕྱིར་འགན་ལེན་ནུས་ལྡན་བྱེད་དགོས།

ཁྲེན་ཆོན་གོས་གསུང་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ད་ལོའི་ལས་ དོན་ཡག་པོ་སྒྲུབ་པར་གཙོ་གནད་ཐོག་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས།

དང་པོ། ཏང་ནན་པོ་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་ སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་བོད་ལ་དམིགས་བསལ་གང་ཡང་ མེད་པའི་བསམ་བློ་བརྟན་པོ་འཛུགས་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གང་ ལེགས་བྱེད་པ་དང་ལོ་རྒྱུས་ཀྱི་འགན་འཁྲིའི་བསམ་པ་དང་། འགན་འཁྲིའི་སེམས་ཁྲལ་འདུ་ཤེས་ཆེན་པོའི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་ སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། བོད་འདི་ཉིད་ས་བབ་མཐོ་ཡང་བླང་བྱ་སྔར་བས་མཐོ་བ་འདོན་རྒྱུ་མཐའ་འཁྱོངས་དང་གཟབ་ ནན་ཨང་དང་པོར་འཇོག་པ་དང་གཟབ་ནན་ནས་ལས་དོན་བྱེད་འགོ་བཙུགས་ཏེ་ཏང་དོ་དམ་དང་ བཅོས་སྐྱོང་ནན་པོ་བྱེད་པའི་ཆོད་སེམས་འགྱུར་བ་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། དམ་འཛིན་བྱེད་ཤུགས་ཆུང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ཏང་སྲོལ་སྲིད་ གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་སྒྱུར་འཕེལ་ བརྟན་གསུམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།

གཉིས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་ འཁྱོངས་བྱེད་དགོས། ཏང་ནང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྒྲིག་ཁྲིམས་ནན་སྲུང་དང་སྒྲིག་ལམ་ ནན་པོ་བཟོ་རྒྱུ་དེ་གནས་བབ་སྔར་བས་མངོན་གསལ་དོད་པོར་འཇོག་པ་དང་བཅའ་ཁྲིམས་ ཁྲིམས་སྲོལ་དང་། ཏང་གི་སྒྲིག་ཁྲིམས། སྲོལ་རྒྱུན་བཟང་པོ། ལས་ཀའི་རྒྱུན་སྲོལ་བཅས་ཚད་གཞི་གལ་ཆེན་ལ་འགྱུར་བ་བྱས་ནས་སེམས་ནང་བརྟན་པོར་ ཟུག་པ་བྱེད་པ་དང་ཕྱིའི་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་པོ་ ཡོང་བ་བྱེད་པ། རང་རྟོགས་ངང“བརྩི་སྲུང་བཞི”མཐའ་འཁྱོངས་བཅས་བྱས་ནས་བོད་འདི་ཉིད་པེ་ཅིང་དང་ བར་ཐག་རིང་ཡང་ང་ཚོའི་སེམས་པ་སྔ་ཕྱི་བར་གསུམ་དུ་བློ་མཐུན་ཞིས་ཅིན་ཕིང་གིས་ སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་གཅིག་ཏུ་སྦྲེལ་བ་དང་ངེས་པར་དུ་ བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབང་ གྲགས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ནས་དུས་ཚོད་གང་རུང་དང་གནས་ཚུལ་ གང་རུང་འོག་ངེས་པར་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་ཏང་གི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པ་དང་ཕྱོགས་བཞི་མཚམས་བརྒྱད་ ཀྱི་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་བློ་མཐུན་མཐའ་དག་དང་མཐུན་སྒྲིལ་མཐའ་ འཁྱོངས་བྱེད་པ། ངེས་པར་དུ་རྩ་འཛུགས་ཀྱི་གོ་རིམ་ལ་བརྩི་སྲུང་ཞུས་ནས་གནད་དོན་གལ་ཆེན་དགོངས་ སྐོར་ཞུ་དགོས་ཚེ་དགོངས་སྐོར་ཞུ་བ་དང་སྙན་སེང་ཞུ་དགོས་ཚེ་སྙན་སེང་ཞུས་པ་ལས་ དབང་ཚད་ལས་གཏན་ནས་མི་བརྒལ་བ་བྱེད་པ། ངེས་པར་དུ་རྩ་འཛུགས་ཀྱི་གཏན་འབེབས་བརྩི་སྲུང་ཞུ་བ་ལས་རྩ་འཛུགས་མིན་པའི་ བྱེད་སྒོ་གཏན་ནས་སྤེལ་མི་རུང་བ་དང་རྩ་འཛུགས་ཀྱི་གཏན་འབེབས་ལས་རྒྱབ་འགལ་ བྱེད་མི་རུང་བ། ངེས་པར་དུ་གཉེན་ཉེ་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ཡག་པོ་བྱས་ནས་ཁོང་ ཚོས་དམིགས་བསལ་གྱི་ཐོབ་ཐང་སྤྱད་དེ་ཁྲིམས་འགལ་གྱི་ཁེ་ཕན་རག་པ་བྱེད་པར་ཁས་ བླངས་ཤུགས་བསྟན་བྱེད་མི་རུང་བ་བཅས་བྱེད་དགོས།

གསུམ་པ། “ཕྱོགས་གཉིས་དམ་འཛིན”དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་ སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཟུང་འབྲེལ་དང་གཅིག་གྱུར་ཡོང་བ་བྱེད་དགོས། ཕྱོགས་གཉིས་ལ་དམ་འཛིན་དང་ཕྱོགས་གཉིས་ལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགན་ལེན་གལ་ཆེན་ཞིག་ཏུ་བརྩི་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་གི་ཏང་ཡོན་ལས་བྱེད་པའི་མཚོན་ཚུལ་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ རྩོད་དང་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ་བཅས་ཐུབ་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་ཏུ་གཏོང་བ་དང་ཏང་ཡོན་ལས་བྱེད་པས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་ལེན་བསྟར་བ་དང་ཁ་ཕྲལ་ལ་ངོ་ རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལངས་ཕྱོགས་མཚོན་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ ཤུགས་ཆེ་རུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཐོབ་རེ་ཤོར་དོགས་ བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ལ་སྟོང་སེམས་བཅངས་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་རྗེས་སུ་འབྲང་བ། ཁ་ཕྲལ་དང་། སིམ་འཛུལ། གཏོར་བཤིག་བཅས་ཀྱི་བྱེད་སྤྱོད་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཏང་ ཡོན་ལས་བྱེད་པར་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་ཞིབ་གཅོད་ནན་པོ་བྱེད་དགོས།

བཞི་པ། རྒྱུན་སྲིང་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་ འཛུགས་སྐྱོང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འབུངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ལྡོག་མེད་ཀྱི་སྒྲིག་ལམ་དང“ལྡོག་མེད་ཀྱི་ གཏན་འབེབས་དོན་ཚན་བརྒྱད”ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལག་བསྟར་ནན་པོ་དང་དོན་ འཁྱོལ་མཐའ་གཅིག་ཏུ་བྱས་ཐོག་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་ བྱེད་པ་དང་དུས་རྒྱུན་ནས་དམ་འཛིན་བྱས་ཏེ་གོམས་གཤིས་ཆགས་པ་བྱེད་པ་དང་ངང་ རྒྱུད་རིང་པོས་དམ་འཛིན་བྱས་ཏེ་ཕུགས་ཕན་ནུས་ཐོན་པ་བྱེད་དགོས། འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་མང་ཚོགས་ལམ་ ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་གྲལ་བཤེར་ཐུབ་པའི་གནད་དོན་ལ་ གཟེར་རྒྱག་པའི་སྙིང་སྟོབས་ཀྱི་ཐོག་ནས་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ་དོན་ཚན་ ཚང་མ་དོན་འཁྱོལ་ཐུབ་པ་དང་བྱ་བ་ཚང་མར་ལན་འདེབས་ཐུབ་པ་བྱེད་དགོས། ཆེད་དོན་བཅོས་སྒྲིག་མུ་མཐུད་ཡག་པོ་བྱས་ནས“སྤྱོད་ཚུལ་བཞིའི”རྣམ་པ་གསར་པ་དང་། སྒུལ་ཚུལ་གསར་པ། འགྱུར་བ་གསར་པ། འཕོ་འགྱུར་གསར་པ་བཅས་ལ་དམ་པོར་དམིགས་ནས་ཚོགས་ཆེན་བཅོ་བརྒྱད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་པ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་བཅས་ཀྱི་རྗེས་སུ་ སྔར་བཞིན་བཀག་རྒྱ་ཡོད་རུང་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ལ་གཙོ་གནད་ ཐོག་ཞིབ་གཅོད་བྱེད་པ་དང་ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་བྱས་ནས་སྤྱོད་ ཚུལ་འཛུགས་སྐྱོང་དེ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱེད་པ་དང་རྒྱུན་རྣམ་གསར་པར་ འགྱུར་བ་བྱེད་དགོས།

ལྔ་པ། ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་རྣམ་པ་ རྒྱུན་འཁྱོངས་བྱས་ནས་རུལ་སུངས་ཀྱི་གྱོད་གཞི་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་ དགོས། ཚད་མཐོའི་དོགས་ཟོན་དང་ཉེན་བརྡ་རྒྱུན་སྒྲོག་གིས་རུལ་སུངས་བྱས་ཚེ་ངེས་པར་དུ་ ངོ་རྒོལ་དང་ལྐོག་ཟ་བྱས་ཚེ་ངེས་པར་དུ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ ཏེ“སྟག་སྦྲང་མཉམ་རྡུང”བྱེད་པར་ངོ་སྲུང་མི་བྱེད་པ་དང་སྤྱོད་བཟང་དར་སྤེལ་དང་ སྒྲིག་ལམ་ནན་གཏོང་ཐད་དམིགས་བསལ་མི་བྱེད་པར་ཁུག་ཆ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ་བཅས་བྱེད་དགོས། ཆོད་སེམས་བརྟན་དུ་གཏོང་བ་དང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ་སྨན་ཆེན་གྱིས་ གཅོང་ནད་བཅོས་པའི་ཆོད་སེམས་དང་རུས་བྲད་དུག་སེལ་གྱི་བློ་སྟོབས་ཐོག་ནས་ཏང་གི་ ཆབ་སྲིད་སྒྲིག་ལམ་དང་། རྩ་འཛུགས་སྒྲིག་ལམ། གསང་སྲུང་སྒྲིག་ལམ་བཅས་དང་ལྷག་དོན་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ ཀྱི་སྒྲིག་ལམ་ལས་ཚབས་ཆེན་བརྒལ་བའི་བྱེད་སྤྱོད་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་པ་ དང་གནད་ཆེའི་གྱོད་གཞི་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་པའི་ ཚུལ་མིན་སྤྱོད་ཚུལ་ཞིབ་གཅོད་ནན་པོ་བྱེད་དགོས། ཆད་གཅོད་ནན་པོ་བྱེད་པ་དང་ངན་རིགས་ཤུལ་མེད་བཟོས་ཏེ་མི་སུ་འདྲ་ཞིག་ཡིན་རུང་ དབང་ཆ་ཆེ་ཆུང་དང་གནས་བབ་མཐོ་དམའ་ལ་མི་བལྟོས་པར་གྱོད་གཞི་ཞིག་ཤེས་རྟོགས་ཐུབ་ ཚེ་དེ་ཞིབ་གཅོད་བྱེད་པ་ལས་ལང་ཤོར་དུ་གཏན་ནས་མི་གཏོང་བ་དང་སྙིང་རྗེ་གཏན་ནས་ བྱེད་མི་རུང་།

དྲུག་པ། སྐོར་ཞིབ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ རུལ་སུངས་ལ་ངོ་རྒོལ་བྱེད་པའི་རལ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱུན་སྲིང་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་ཀྲུང་དབྱང་སྐོར་གཟིགས་ཚོགས་ ཆུང་གི་ལྡོག་འདྲེན་བསམ་འཆར་དག་ཐེར་དང་དོན་འཁྱོལ་ལས་དོན་རྒྱུན་སྲིང་ངང་དམ་ འཛིན་བྱས་ནས་དག་ཐེར་དོན་འཁྱོལ་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་གྲུབ་ཡོང་བ་ བྱེད་དགོས། སྐོར་གཟིགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་ཀྲུང་དབྱང་གིས་གསལ་བཏོན་གནང་ བའི“ཤུགས་རྒྱག་ས་བཞིར”དམ་པོར་དམིགས་ཏེ་རང་ལྗོངས་ཀྱི་སྐོར་གཟིགས་ལས་དོན་ལ་ ཤུགས་སྣོན་རྒྱག་པ་དང་རྒྱུན་གཏན་གྱི་སྐོར་གཟིགས་དེ་ཆེད་དོན་སྐོར་གཟིགས་དང་ ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐེངས་གྲངས་མང་དུ་གཏོང་བ་དང་ཁྱབ་རྒྱ་ཆེ་ རུ་གཏོང་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་སྐོར་གཟིགས་ལས་དོན་དེ་ཁུག་ཆ་མི་ལུས་པ་ དང་། སྟོང་ཆ་མི་ལུས་པ། ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱས་ཏེ་ཟིལ་གནོན་ཆགས་པ་དང་། སྣོན་ཤུགས་བརྒྱུད་ཁྲིད། དབང་གྲགས་ལྡན་པ་བཅས་བྱེད་དགོས།

བདུན་པ། རུལ་རྒོལ་གཙང་སྤེལ་གྱི་སློབ་གསོ་གཏིང་ཟབ་བརྒྱབ་ནས་ངོ་འགྱུར་སྔོན་འགོག་གི་འགོག་ སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས། ཕུགས་བསམ་དད་སེམས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་སློབ་ གསོ་གཏིང་ཟབ་རྒྱག་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་སྲ་བརྟན་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་ བསྟར་དོན་འཁྱོལ་བྱེད་པ་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་འཐབ་ཇུས་བཀོད་སྒྲིག་ཁག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་ འཁྱོལ་བྱེད་དགོས། “དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཏང་ཡོན་ལས་ བྱེད་པས་རང་རྟོགས་ངང་སེམས་ནང་ཏང་འཇོག་པ་དང་། སེམས་ནང་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་སྡོམ་ཁྲིམས་ཡོད་པ་བཅས་ཐུབ་པ་བྱེད་དགོས། སྤྱོད་གཙང་སྲིད་ཞུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སྤྱོད་གཙང་རང་གཅུན་ དང་། དཔེ་མཚོན་དཔེ་སྟོན། ཉེན་བརྡ་གཏོང་བའི་སློབ་གསོ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཐུང་ཚང་དུ་བཏང་ནས་ སྤྱོད་གཙང་བྱས་ན་གཟི་བརྗིད་དང་ལྐོག་ཟ་བྱས་ན་ཞེ་ཁྲེལ་ཡིན་པའི་སྤྱི་ཚོགས་ཀྱི་ རྣམ་པ་ཞིག་གཏོད་དགོས། བརྒྱད་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱས་ནས་རུལ་ སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་བཟོ་དགོས། ནུས་ཤུགས་ཡོད་རྒུས་ཏང་ནང་གི་ལྟ་སྐུལ་ལམ་ལུགས་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་ཆད་གཅོད་ལམ་ལུགས། མི་འདེམས་སྤྱོད་དང་དོ་དམ་གྱི་ལམ་ལུགས། འགོ་ཁྲིད་ལས་བྱེད་པའི་ལས་ཀ་དང་འཚོ་བའི་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྲིད་འཛིན་གྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་ པ། ནུས་ཤུགས་ཡོད་རྒུས་གཞུང་ཁུངས་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལམ་ལུགས་ཀྱི་ཚོད་འཛིན་སྔར་བས་ནན་དུ་གཏོང་བ་དང་དབང་ཆར་གཞི་རྩའི་ཐོག་ནས་ཚོད་འཛིན་ནན་པོ་དང་ཡོངས་བསྒྲགས་ངང་འཁོར་རྒྱུག་ཐུབ་པ་བྱེད་དགོས།༽ ཞེས་སོགས་བརྗོད་ཡོད་འདུག

གསར་འགྱུར་དེའི་ནང་མུ་མཐུད་འཁོད་དོན། ཁྲེན་ཆོན་གོས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་བྱས་རྗེས་ཆེ་ཤོས་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཏང་ལ་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བྱེད་པའི་འགན་འཁྲི་དོན་འཁྱོལ་གཟབ་ནན་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་ཡག་ པོ་བྱས་ནས་རང་ལྗོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་ རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས། གཅིག་ནས་ཏང་ཨུད་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དེ་འགན་བབ་དང་ འཁུར་འོས་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་སེམས་ནང་བརྟན་པོར་ངེས་པ་དང་། འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ། དམ་འཛིན་ནན་པོ་བཅས་བྱས་ཏེ་དུས་ཐོག་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་ སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྙན་ཞུ་ཉན་པ་དང་། གནས་པའི་གནད་དོན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་པ། གནད་ཆེའི་གྱོད་གཞི་ཞིབ་གཅོད་ལ་མཛུབ་ཁྲིད་བྱེད་པ། སྲིད་གཙང་མི་བྱེད་པའི་ཉམས་ཉེན་སྔོན་འགོག་ཚོད་འཛིན་ནུས་ལྡན་བཅས་བྱེད་དགོས། ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“འགན་འཁྲི་བ་ དང་པོའི”འགན་འཁྲི་ཏན་ཏིག་འཁུར་ནས་རྩ་དོན་མཐའ་འཁྱོངས་ཀྱིས་དམ་འཛིན་དང་དོ་དམ་ བྱེད་ཕོད་པ་བྱེད་པ་དང་ཚན་ཁག་ལ་དོ་དམ་ཡག་པོ་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱེད་ དགོས། ཚན་ཁག་གི་ཁུངས་མི་གཞན་གྱིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་ བྱས་ནས་ལས་སྒོའི་ལས་དོན་གང་ཞིག་ལ་དོ་དམ་བྱས་ནའང་ཏང་སྲོལ་སྲིད་གཙང་འཛུགས་ སྐྱོང་ལས་དོན་དེ་གར་ཁྱབ་པའི་འགན་ལེན་བྱེད་དགོས།

གཉིས་ནས་སྒྲིག་ཨུད་ ཀྱི་ལྟ་སྐུལ་འགན་འཁྲིར་ཤུགས་སྣོན་རྒྱག་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་འགན་འཁྲིའི་ངེས་གནས་ཁ་གསལ་བཟོ་བ་དང་ལྟེ་བའི་ལས་འགན་ ལ་དམིགས་ཏེ་ཏང་ཨུད་ལ་གཞོགས་འདེགས་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ ཤུགས་སྣོན་རྒྱག་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྒྲིག་འཛུགས་མཐུན་ སྦྱོར་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་ པའི་ལས་འགན་དོན་འཁྱོལ་བྱེད་ཚུལ་ལ་སྐུལ་འདེད་གཏོང་བ་དང་སྤྱོད་བཟང་དར་སྤེལ་ དང་སྒྲིག་ལམ་ནན་གཏོང་དང་རུལ་སུངས་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་ གཏོང་དགོས།

གསུམ་ནས་སྒྲིག་བཤེར་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་ སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སྒྲིག་བཤེར་དང་ལྟ་ཞིབ་ཁོངས་གཏོགས་ཀྱི་འགོ་ཁྲིད་ ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་བཤེར་ལས་བྱེད་པར་སེམས་ཁུར་ དང་གཅེས་སྐྱོང་ཡག་པོ་བྱེད་དགོས། རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ རྒྱག་པ་དང་འགན་ནུས་དང་། བྱེད་ཐབས་། སྤྱོད་ཚུལ་བཅས་སྔར་བས་འགྱུར་ལྡོག་ཏན་ཏིག་བཏང་ནས་རྩ་འཛུགས་དང་མི་དམངས་ཀྱིས་ ཡིད་ཆེས་བྱེད་པའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་ གཏོད་དགོས། རྒྱ་ཆེའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་སྲ་ཞིང་བརྟན་པའི་ཏང་གཤིས་སྦྱོང་ བརྡར་བྱེད་པ་དང་། ཀུན་སྤྱོད་བློ་སྦྱོང་ལ་སྣང་ཆེན་བྱེད་པ། ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་གི་བློ་དཀར་སེམས་དཀར་གྱི་ སྲུང་དམག་དང་མང་ཚོགས་ཀྱི་གཉེན་ཉེ་བར་དངོས་གནས་འགྱུར་བ་བྱེད་དགོས།

བཞི་ནས་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དུས་དེབ། དྲ་བ་བཅས་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་སྲོལ་སྲིད་གཙང་གི་དྲིལ་བསྒྲགས་དང་ སློབ་གསོ་དེ་རྒྱུན་རྣམ་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བ་བྱས་ནས་མི་ཚང་མས་སེམས་ཁུར་དང་། མི་ཚང་མ་ཞུགས་པ། མི་ཚང་མས་རྒྱབ་སྐྱོར་བཅས་བྱེད་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་ སུངས་ལ་ངོ་རྒོལ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཅེས་སོགས་བསྟན་འདུག

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. ཤིང་ལོ། says:
    ལོ་ 11 སྔོན།

    ཡང་་་་་་ང་ཚོས་མ་ཎི་དང་། གུ་རུ་སིདྔྷི་སོགས་ཞབས་བརྟན་མང་བོ་འདོན་དགོས་ས་རེད།

    Reply
  2. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    རྒྱལ་སྤྱིའི་མཐོང་སྣང་དུ་རུལ་སྲུངས་ལ་འགོག་རྒོལ་
    དང་རྒྱ་དཔོན་འཛིན་བཟུང་དོན་ངོ་མ་གྲང་ཉུང་མི་རིགས་
    ་ཁག་དཔོན་རིགས་མེད་པ་བཟོ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese