མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོར་དམངས་གཙོ་རྫུན་མ་མི་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧོང་ཀོང་གི་ལྟེ་གནས་གྲོང་ཁྱེར་ནང་མི་མང་སྟོང་ཕྲག་མང་པོས་ང་ཚོར་ཡང་དག་པའི་འོས་འདེམས་དགོས་ཞེས་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་ཧོང་ཀོང་དམངས་གཙོ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཧོང་ཀོང་གི་ལྟེ་གནས་གྲོང་ཁྱེར་ནང་མི་གྲངས་སྟོང་ཕྲག་མང་པོས། ༼དམངས་གཙོ་རྫུན་མ་མི་དགོས། ང་ཚོར་ཡང་དག་པའི་འོས་འདེམས་དགོས༽ཞེས་པའི་འབོད་ཚིག་བསྒྲགས་ཏེ་ཞི་བའི་ཁྲོམ་སྐོར་བྱས་ཡོད་པ་དང་། ལས་འགུལ་སྣེ་ཁྲིད་པས་ཐེངས་འདིའི་ལས་འགུལ་ནང་མི་ཁྲི་ ༥ ཙམ་མཉམ་ཞུགས་ཐུབ་པའི་ཚོད་དཔག་བྱས་ཀྱང་། དངོས་སུ་མཉམ་ཞུགས་བྱེད་མཁན་ ༡༣༠༠༠ ལས་མེད་སྐོར་བརྗོད་འདུག

ཐེངས་འདིའི་ལས་འགུལ་ནང་ཞུགས་མཁན་ཉུང་དུ་ཕྱིན་པའི་སྐོར་ལ་ཧོང་ཀོང་ཁྲིམས་ལུགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ལས་འགུལ་སྣེ་ཁྲིད་པ་དེ་ཡོ་ཐིན་གྱིས། དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་མཚམས་འཇོག་བྱས་རྗེས་མི་མང་ལ་ངལ་གསོ་དགོས་ཀྱི་ཡོད་ཅིང་། ད་ལྟའི་ཆར་ཁྲོམ་སྐོར་གྱི་ལམ་ནས་དམངས་གཙོའི་ཆོད་སེམས་མཚོན་ཐབས་བྱེད་པར་མི་མང་ནང་བསམ་ཚུལ་མི་འདྲ་བ་ཡོང་བཞིན་ཡོད་པ་ཙམ་ལས། དེ་སྔོན་ལས་འགུལ་ནང་ཞུགས་པའི་མི་མང་གི་བསམ་བློར་གློ་བུར་དུ་འགྱུར་ལྡོག་ཐེབས་སོང་བ་མིན་སྐོར་བརྗོད་འདུག

ལས་འགུལ་ནང་མཉམ་ཞུགས་མ་བྱས་པའི་ཧོང་ཀོང་རྒྱ་ཡིག་སློབ་ཆེན་རང་སྦྱོང་ལྟེ་གནས་ཀྱི་དགེ་རྒན་ཁྲིན་ཡན་ཡཱ་ཡིས་གསར་འགོད་པར། ད་རེས་ང་ལས་འགུལ་ནང་མཉམ་ཞུགས་བྱས་མེད་ལ། ངས་བལྟས་ན་མི་གྲངས་གཙོ་བོ་མ་རེད། ལས་འགུལ་ནང་ཞུགས་མཁན་ཉུང་བ་ཙམ་གྱིས་མི་མང་གིས་ཡང་དག་པའི་འོས་འདེམས་བརྩོན་ལེན་བྱེད་པའི་ཆོད་སེམས་ཉམས་སོང་བ་མཚོན་གྱི་མེད་ལ། ལས་འགུལ་ནང་མ་ཞུགས་པ་ཙམ་གྱིས་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའང་མཚོན་གྱི་མེད། ཅེས་བརྗོད་འདུག

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཧོང་ཀོང་སྐོར་གྱི་༼རྒྱབ་ཤ་དཀར་པོ༽ཞེས་པའི་སྲིད་ཡིག་གསར་པ་ཡོངས་བསྒྲགས་བྱས་ཏེ། ཕྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་དམིགས་བསལ་སྤྱི་ཁྱབ་འོས་འདེམས་སྐབས། འོས་མི་རྒྱ་གཞུང་གིས་འདེམས་སྒྲུག་བྱ་རྒྱུ་གཏན་འབེབས་བྱས་པར་བརྟེན། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་གི་དཀྱིལ་དབུས་གྲོང་ཁྱེར་ནང་ཞི་རྒོལ་བ་ཁྲི་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པ་མ་ཟད། ཕྱི་ཟླ་ ༩ པའི་ནང་ནས་བཟུང་མཐོ་རིམ་སློབ་མས་གཙོས་ཞི་རྒོལ་བ་ཚོས་དཀྱིལ་དབུས་བཙན་བཟུང་གི་ལས་འགུལ་སྤེལ་མགོ་བརྩམས་ཏེ། ཟླ་བ་ ༢ ལྷག་རིང་ལྟེ་གནས་གྲོང་ཁྱེར་གྱི་གཞུང་ལམ་ཁག་ཏུ་སྡོད་གུར་བརྒྱ་ཕྲག་མང་པོ་ཕབ་ནས་ཞི་རྒོལ་བྱས་ཡོད་པ་མ་ཟད། ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་དང་ཁྲིམས་ཞིབ་ཁང་གི་སྒོ་སྒེའུ་ཁུང་བཅག་སྟེ་ནང་དུ་འཛུལ་བ་སོགས་ཀྱི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ཀྱང་། འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་བཀོད་འོག་ལས་འགུལ་བཙན་གྱིས་མཚམས་འཇོག་ཏུ་བཅུག་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 1

  1. ཤིང་ལོ། says:
    ལོ་ 12 སྔོན།

    ཧ་ཧ་ཧ་་་་་་་དམངས་གཙོ་རྫུན་མ༽མཚམས་ལན་རེར་ང་ཚོའང་དམངས་གཙོ་རྫུན་མ་འདྲ་བོ་ཡིན་ཡ། དཔེར་ན། ཤར་ཕྱོགས་ཁུག་རྟ་སྲིད་སྐྱོང་མཆོག་གིས་བཙན་འཕུད་བྱས་པ་ལྟ་བུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese