མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་ཤེས་རིན་ཐང་གི་སྤྱི་ཚོགས་གསར་པར་སྐྱོད་པའི་ལམ་བུ།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་གི་སྤྱི་ཚོགས་ལས་བརྒལ་ཏེ་དེང་གི་དཔེ་གསར་འཆར་འགོད་ཀྱི་རྒྱལ་སྤྱིའི་ཚོང་ལས་ཁྲོམ་རྭའི་ནང་སྟ་གོན་བྱེད་བཞིན་པའི་བོད་རིགས་བུ་མོ་འཆར་འགོད་པ་བསོད་ནམས་ཆོས་འཛོམས་ལགས་ཀྱིས་འཆར་འགོད་ཀྱི་ལས་ཀ་འདི་མེད་ན་ངའི་མི་ཚེ་སྟོང་སེང་སེང་ཞིག་ཆགས་འགྲོ་ས་རེད་ཟེར།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འཆར་འགོད་པ་བསོད་ནམས་ཆོས་འཛོམས་ལགས་དབྱིན་ཡུལ་དུ་སྐྱེས་ཤིང་། བཞུགས་སྒར་དྷ་རམ་ས་ལའི་དྷ་ཤོད་བོད་ཁྱིམ་ནས་འཛིན་རིམ་ ༨ པའི་བར་སློབ་སྦྱོང་བྱས་པ་དང་། དེ་རྗེས་མ་སུ་རིར་(Woodstock School)ཞེས་པའི་ནང་འཛིན་རིམ་ ༡༢ བར་སློབ་སྦྱོང་བྱས་ཡོད་འདུག ཁོ་མོ་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པ་ལྟར་ཕྱིས་སུ་ཨ་རིའི་འཆར་འགོད་སློབ་ཆེན་ཞིག་ཏུ་ཅ་དངོས་བཟོ་འགོད་སྐོར་ལ་ཆེད་སྦྱོང་གནང་ཡོད་པ་དང་། སློབ་མཐར་ཕྱིན་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མགྲོན་ཁང་དང་ཟ་ཁང་། འགྲེམས་སྟོན་ཁང་། དེ་བཞིན་ཅ་དངོས་གསར་བཟོ་བཅས་ཀྱི་འཆར་འགོད་པ་དང་རི་མོ་བ་བཅས་གནང་སྟེ། དེང་རབས་རི་མོའི་འབྲི་རྩལ་ལ་བརྟེན་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་མཛེས་རིས་ཀྱིས་བརྒྱན་པའི་ཁྱིམ་ཆས་དང་རྒྱན་གོས་སྣ་ཚོགས་བཟོ་བཀོད་བྱེད་བཞིན་ཡོད་པ་དང་། གཞན། བོད་དང་རྒྱ་གར་གཙོས་རྒྱལ་ཕྱི་ནང་གི་ཚོང་ལས་ཚོགས་པ་ཁག་ཅིག་ལའང་འཆར་འགོད་ཀྱི་ལས་ཀ་བྱས་མྱོང་ཡོད་འདུག

འདི་གའི་གསར་འགོད་པས་བསོད་ནམས་ཆོས་འཛོམས་ལགས་དང་གླེང་མོལ་བྱས་ཏེ། མོ་ཐོག་མར་རི་མོ་དང་འཆར་འགོད་ལ་སྤྲོ་སྣང་ཇི་ལྟར་བསླེབས་པ་དང་། བྱ་བ་དེར་དངོས་སུ་ཞུགས་ཏེ་ལས་ཀ་གང་འདྲ་བྱས་པ་བཅས་ཀྱི་སྐོར་དྲིས་པར། ཁོས་མོས་འདི་ལྟར་བརྗོད་བྱུང་། ངའི་ནང་དུ་རི་མོ་འབྲི་མཁན་མང་པོ་ཡོད་སྟབས་ང་རང་ཆུང་ཆུང་སྐབས་ནས་རི་མོ་འབྲི་རྒྱུར་དགའ་བོ་ཡོད། ང་ཆུང་དུས་ངའི་ཨ་མ་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་བ་འགར་བོད་ཀྱི་ས་ཁུལ་ཁག་གི་ཆས་གོས་མ་འདྲ་བ་གྱོན་པའི་བྱིས་པའི་རྩེད་ཆས་(Doll)བཟོ་བཅུག་པ་དང་། སྐབས་དེར་ངས་ཁོང་ཚོའི་བཟོ་སྟངས་ལ་ལྟ་ཞོར་དུ་ཚོན་གཏོང་བ་སོགས་ཀྱི་རོགས་པ་བྱས་པ་ཡིན། སྐབས་དེ་འདྲ་ཞིག་ནས་ངས་རི་མོ་འབྲི་མགོ་བཙུགས་པ་ཡིན། ཞེས་དང་། མོས་མུ་མཐུད་དུ་བརྗོད་དོན། སྤྱིར་བཏང་རིག་རྩལ་བ་ཞིག་ལ་མཚོན་ན་དངུལ་བཟོ་རྒྱུ་དེ་ཙམ་གྱིས་བརྟན་པོ་མེད་སྟབས། ངས་རི་མོ་སྦྱོང་བའི་ཞོར་དུ་འཆར་འགོད་ཆེད་ལས་ཐོག་སློབ་སྦྱོང་བྱས་ཏེ། ཨ་རིའི་སྐད་གྲགས་ཡོད་པའི་བཟོ་བཀོད་མཐོ་སློབ་(Parsons The New School for Design)ནང་ཞུགས་ཏེ། ཇུས་བཀོད་ཆེད་ལས་བདམས་ཏེ་འཚེམ་བཟོ་དང་འཆར་འགོད་སོགས་ཀྱི་ཐད་སློབ་སྦྱོང་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཁོང་མོས་དཔེ་གསར་ཐོན་རྗེས་སྐོར་ངོ་སྤྲོད་གནང་དོན། དཔེ་གསར་ཐོན་རྫས་ནང་དུ་རིགས་གཉིས་ཡོད་པ་རེད། རིགས་གཅིག་ང་རང་ཚོའི་མགྲོན་ཁང་དང་ཟ་ཁང་སོགས་སུ་སྒྲིག་གི་ཡོད་པ་དང་། རིགས་གཅིག་ཕྱི་ལ་འཚོང་བཞིན་ཡོད་པ་རེད། ༢༠༡༡ ལོར་ངས་ནོར་གླིང་གསོལ་མགྲོན་ཁང་གི་ནང་ལོགས་ཆ་ཚང་བཟོ་བཀོད་བྱས་པ་ཡིན། ནོར་གླིང་གསོལ་མགྲོན་ཁང་དེ་ད་ལྟའི་གསེར་ཀོང་གི་ཁང་པ་ནང་བཞིན་ཁང་པའི་བཟོ་བཀོད་ཚང་མ་གཅིག་པ་འདྲ་བོ་ཡོད་པ་མ་རེད། ཁྱོན་ཁང་པ་ ༡༦ ནང་གི་བཟོ་བཀོད་ཚང་མ་ལོགས་ཀ་རེད། དཔེར་ན། ཁང་མིག་གཅིག་སྟག་གི་རི་མོ་ཅན་ཡིན་ན། ས་གདན་དང་ཉལ་ཆས། མདུན་ཅོག་སོགས་ནང་གི་ཅ་ལག་ཚང་མ་སྟག་གི་རི་མོ་ཅན་བཟོས་པར་བརྟེན། འཆར་འགོད་དེ་བརྒྱུད་ནས་ང་ལ་ཉམས་མྱོང་མང་པོ་རག་སོང་། ཞེས་སོགས་བརྗོད་བྱུང་།

ད་ལྟའི་བར་དཔེ་གསར་ཐོན་རྫས་མང་པོ་ཇུས་འགོད་བྱས་པའི་ཁྲོད་ནས་མི་མང་པོས་དགའ་མོས་ཆེན་པོ་ཐོབ་པའི་ཐོན་རྫས་གང་ཡིན་དྲིས་པར། ཅ་དངོས་དཔེ་གསར་ཅན་ཕྱིར་ཚོང་གི་ཐད་ནས་བཤད་ན། དང་ཐོག་ང་ནོར་གླིང་དུ་བསླེབས་སྐབས་(Screen Printing)སྡེ་ཚན་ཆུང་ཆུང་དེ་སྒོ་རྒྱག་གྲབས་འདུག ངས་སྡེ་ཚན་དེ་གལ་ཆེན་པོར་མཐོང་སྟེ་སྒོ་མ་རྒྱག་རོགས་ཞུས་པ་ཡིན། དེ་དེང་དུས་ཀྱི་ཅ་ལག་དང་བེད་སྤྱོད་གཏོང་བསླ་བའི་རིགས་ཀྱི་ཐོག་བེད་སྤྱོད་གཏོང་ཆོག་ཆོག་ཡོད་པ་རེད། ག་ལེར་ངས་སྡེ་ཚན་དེ་ཡར་རྒྱས་བཏང་ནས་གྲུབ་ཆ་ཤིང་བརྐོས་དང་གོས་ཆེན་སོགས་མ་ཡིན་པའི་རྒྱུན་སྤྱོད་ཅ་དངོས་ཙག་ཙིག་རིགས་ཀྱི་ཐོག བོད་འབྲོག་པའི་རི་མོ་འདྲ་མིན་དང་སྲོག་ཆགས་སོགས་དཔར་ཏེ། བོད་རང་གི་རིག་གནས་སྒྱུ་རྩལ་ཁྱབ་བསྒྲགས་བྱུང་བ་དང་སྦྲགས་དངུལ་ཡང་ཡག་པོ་ཡོང་གི་འདུག ཅེས་བརྗོད་བྱུང་།

ཁོ་མོས་མུ་མཐུད་དུ། ངའི་རི་མོ་མང་ཆེ་བ་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་ཡིན། ཅ་དངོས་དེ་མཐོང་བ་ཙམ་གྱིས་བོད་པའི་ཅ་དངོས་ཤིག་རེད་བསམ་པའི་སེམས་ཚོར་སྤྲོད་ཐུབ་པ་གང་ཞིག་ལ། དེང་དུས་ཀྱི་མིའི་འདོད་བློ་དང་མཐུན་པ་རྐྱང་རྐྱང་ཡིན། ངས་བོད་དོན་ཆབ་སྲིད་ཀྱི་རི་མོ་འབྲི་ཡི་མེད། གང་ཡིན་ཟེར་ན། རིམ་པས་མི་མང་པོ་ཞིག་ཉོབ་འགྲོ་བ་རེད། དེ་ལས་བོད་རང་གི་རིག་གནས་རིན་ཐང་དང་མཛེས་པའི་ཁྱད་ཆོས་ཕྱིར་མངོན་ཐུབ་པ་ཡིན་ན་མིའི་ངོས་འཛིན་དང་དགའ་སྣང་འགུག་ཐུབ་ཀྱི་འདུག ཅེས་བརྗོད་བྱུང་།

བསོད་ནམས་ཆོས་འཛོམས་ལགས་ཀྱིས་མོ་རང་བོད་ནང་ཡང་ཡང་འགྲོ་བཞིན་ཡོད་པའི་སྐོར་ངོ་སྤྲོད་གནང་དོན། ངའི་ནུ་མོའི་ནང་མི་ཚང་མ་དང་ཨ་མ་ལགས་སོགས་ཁྱིམ་མི་མང་ཆེ་བ་བོད་དུ་ཡོད་སྟབས། ང་བོད་ནང་ལོ་རེར་ཐེངས་གཉིས་རེ་འགྲོ་བཞིན་ཡོད། མ་འོངས་པར་ཐེངས་གསུམ་རེ་འགྲོ་ཐུབ་པའི་འཆར་གཞི་ཡོད། འགྲོ་ཐེངས་རེར་བདུན་ཕྲག་གསུམ་ཙམ་ལ་བསྡད་དེ། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེ་འཁྲིས་ངེད་ཚང་གི་ནོར་ལྷ་ཚོང་གཉེར་ཁང་ཡོད། དེར་ནོར་གྱི་ཁུ་ལུ་སོགས་ཀྱི་ཅ་དངོས་དཔེ་གསར་དང་ལས་རྟགས་རིགས་བཟོ་བཀོད་བྱེད་ཀྱིན་ཡོད། དེའི་ཞོར་དུ་ས་གནས་ཀྱི་བོད་རིགས་ཚོར་ཅ་དངོས་དཔེ་གསར་བཟོ་སྟངས་སློབ་བཞིན་ཡོད། སྤྱིར་བཏང་ས་གནས་བོད་མི་ཚོས་དབུས་སྐད་དང་དབྱིན་སྐད་ཤེས་ཀྱི་མེད་སྟབས་དཀའ་ངལ་ཏོག་ཙམ་འདུག་ཀྱང་། ངའི་ནུ་མོ་བདེ་ཆེན་གྱིས་ཁོང་ཚོར་དབྱིན་སྐད་སློབ་ཀྱི་ཡོད་སྟབས་རྒྱ་མི་ཚོ་དང་བསྡུར་ན་ཡག་པོ་འདུག ད་ལོའི་ཕྱི་ཟླ་བཞི་པ་ལྔ་པའི་ནང་ང་བོད་དུ་སོང་སྟེ་ལས་བཟོ་བ་ཚོར་དབུས་གཙང་ཕྱུ་བ་བཟོ་སྟངས་ཡག་པོ་ཞིག་བསླབ་དགོས་བསམ་ཡོད། གང་ཡིན་ཟེར་ན། མ་འོངས་པར་ལྷ་སར་ནོར་ལྷའི་ཚོང་ཁང་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད། ད་ལྟའི་ཆར་ནོར་ལྷ་ཚོང་གཉེར་ཁང་ནས་ཁུ་ལུ་སོགས་ཀྱིས་བཟོས་པའི་ཐོན་རྫས་མང་པོ་ཧྥ་རན་སི་དང་ཨ་རི། རྒྱ་ནག་བཅས་སུ་ཕྱིར་ཚོང་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་ཁོ་མོས་རང་གི་ཆེད་ལས་ཐོག་བཟུང་བའི་ལྟ་ཚུལ་བརྗོད་དོན། མི་སུ་འདྲ་ཞིག་ཡིན་ནའང་སོ་སོའི་ལས་ཀར་སྤྲོ་སྣང་ཡོད་པའི་ཐོག རང་ཉིད་ཀྱི་སྤྱི་ཚོགས་ནང་ལས་ཀ་དེའི་ཐོག་ནས་ཞབས་འདེགས་བསྒྲུབ་ཐུབ་ན། རང་ཉིད་ཀྱི་འདོད་པ་མང་བ་ཁེངས་ཀྱི་འདུག ང་ཚོའི་སྤྱི་ཚོགས་ནང་འཆར་འགོད་ཆེད་ལས་དང་འབྲེལ་བའི་གལ་ཆེ་ཤོས་ཤིག་ནི་རང་རྐྱ་ཐུབ་པ་ཞིག་ཡོང་ཐབས་དགོས་རྒྱུ་དཔེ་གལ་ཆེན་པོ་རེད། ང་རང་འཆར་འགོད་ཀྱི་ལས་ཀ་འདིར་ཧ་ཅང་དགའ་བོ་ཡོད། ལས་ཀ་འདི་མེད་ན་ངའི་མི་ཚེའི་ནང་སྟོང་སེང་སེང་ཞིག་ཆགས་འགྲོ་ས་རེད་ཅེས་ཟེར།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་ ག་ལེར་ངས་སྡེ་ཚན་དེ་ཡར་རྒྱས་བཏང་ནས་གྲུབ་ཆ་ཤིང་བརྐོས་དང་གོས་ཆེན་སོགས་མ་ཡིན་པའི་རྒྱུན་སྤྱོད་ཅ་དངོས་ཙག་ཙིག་རིགས་ཀྱི་ཐོག བོད་འབྲོག་པའི་རི་མོ་འདྲ་མིན་དང་སྲོག་ཆགས་སོགས་དཔར་ཏེ། བོད་རང་གི་རིག་གནས་སྒྱུ་རྩལ་ཁྱབ་བསྒྲགས་བྱུང་བ་དང་སྦྲགས་དངུལ་ཡང་ཡག་པོ་ཡོང་གི་འདུག ་་་་་་་་་

    Reply
  2. ཨེ says:
    ལོ་ 11 སྔོན།

    སྐུ་ངོ་མཆོག་གི་བུ་མོ་ཨ་རིའི་ལ་དེང་དུས་རི་མོ་དང་འཆར་འགོད་སྦྱངས་མྱོང་ཡོད་པ་ལས་སྲོལ་རྒྱུན་རི་མོ་སྦྱོང་ཡོད་པ་གོ་མྱོང་མེད་།དེ་སྒང་ལ་སྲོལ་རྒྱུན་མེ་ཏོག་པདྨ་ཞིག་བྲིས་འདུག་པས་རི་མོ་སུ་ཞིག་གི་བྲིས་པ་ཡིན་ན།

    Reply
  3. ཁ་བ་དཀར་པོ། says:
    ལོ་ 11 སྔོན།

    བོད་མི་ཚོ་ལག་ཤེས་ལ་མི་དགའ་བར་རྩོམ་ཡིག་འབྲི་རྒྱུར་དགའ་བ་དེ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་སོགས་ཀྱི་ཤུགས་རྐྱེན་ཐེབས་པ་རེད། ཁོང་ཅག་ལ་རྒྱ་ནག་གི་སྔ་རབས་པ་ཚོའི་ཤུགས་རྐྱེན་ཐེབས་པ་རེད། རྒྱ་རིགས་དེ་གནའ་སྔ་མོ་ནས་རྩོམ་ཡིག་དང་སྙན་ངག་པ་ཆགས་རྒྱུར་དགའ་བོ་ཡོད་རེད།

    Reply
  4. རང་བཙན་པ། says:
    ལོ་ 11 སྔོན།

    བུ་མོ་འདི་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་གི་བུ་མོ་ཆུང་བ་ཡིན་བསམ་སོང་། མོ་རང་ལ་ཁྱད་ཆོས་མང་པོ་ཞིག་ཡོད་པ་སྔོན་མ་ནས་གོ་ཐོས་བྱུང་། དེངས་རབས་ཀྱི་ཐོན་གསར་ཇུས་འགོད་ཐོག་ཧ་ཅང་སྒྱུ་རྩལ་གཏིང་ཟབ་པོ་ཡོད་པ་རེད་ཟེར་བ་ཞིག་གོ་སོང་། རང་ཉིད་ལ་ཁྱད་ཆོས་ལྡན་པའི་ཤེས་ཡོན་ལག་རྩལ་ཡོད་པ་དེ་ལ་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་ཞུ་བཞིན་ཡོད། སྒང་དུ་དྲ་གྲོགས་ཤིག་གིས་གསུང་པ་ལྟར་བོད་པ་ཚང་གིས་ལག་ཤེས་ལ་དོ་སྣང་མི་བྱེད་པ་དེ་བོད་པ་ཚང་གི་མི་རབས་གསར་པ་རྣམས་འཕོངས་ལ་སྦྱོར་བའི་ལམ་སྲོལ་གཙོ་བོ་དེ་རེད།

    Reply
  5. བཀྲ་ཤིས་རྣམ་རྒྱལ། says:
    ལོ་ 11 སྔོན།

    གསར་འགྱུར་འདི་ཀློག་ནས་སྔོན་མ་ནས་བཤད་འདོད་པའི་སྐད་ཆ་ཞིག་ཡང་བསྐྱར་དྲན་སོང་། འུ་ཅག་བོད་པ་ཚང་འདི་ཤེས་ཡོན་ལས་ལག་ཤེས་ལ་དོ་སྣང་མེད་མཁན་ཞིག་རེད། ཤེས་ཡོན་གྱི་ནང་ནས་ཀྱང་རྒྱལ་རབས་ལོ་རྒྱུས་དང་། སྙན་ངག་སྒྲུང་གཏམ། ལྟ་གྲུབ་ཆོས་ལུགས་སོགས་ལས་སྨན་དང་རྩིས་རིག་སོགས་ལ་དོ་སྣང་མེད།
    འདི་དམིགས་ཡུལ་གང་རེད་ཟེར་ན་དཔོན་པོར་འདུག་རྒྱུ་དང་མཁས་པ་ཆགས་རྒྱུ། རྐུབ་སྟེགས་སྟེང་ནས་བསྡད་དེ་འབྲི་རྒྱུ་དང་བཤད་རྒྱུ་ཙམ་ལས། སོ་སོ་དངོས་སུ་མར་བབས་ཏེ་ལས་ཀ་བྱེད་རྒྱུའི་འགོད་པ་མེད་པ་དང་། དེ་ལ་དགའ་མོས་ཀྱང་མེད་པར་སོ་སོ་ཆེན་པོ་མཐོན་པོ་ཞིག་གི་སྒང་ནས་འདུག་འདོད་ཡོད་མཁན་གྱི་ཧམ་སེམས་ཅན་དག་ཡིན།
    དེང་སྐབས་ནུབ་ཕྱོགས་ཡར་ཐོན་ཅན་གྱི་སྤྱི་ཚོགས་ནང་དུ་ལག་ཤེས་ཨང་དང་པོར་རྩི་བཞིན་ཡོད། ལག་ཤེས་ཡག་པོ་ཡོད་མཁན་ཞིག་ཡིན་ན་ལས་ཀ་མི་རེག་པར་སེམས་འཁྲུལ་ཁྱོན་ནས་མེད་ལ་མི་སྒེར་སོ་སོའི་འཚོ་བ་ཡང་ཧ་ཅང་ཡག་པོ་ཞིག་བསྐྱེད་ཐུབ་ཀྱི་ཡོད།
    ལས་ཀ་ཞིག་འཚོལ་དུ་ཕྱིན་ན་ཨང་དང་པོ་ཁྱོད་ལ་ལག་ཤེས་ཅི་ཞིག་ཡོད་ཅེས་འདྲི་བ་ལས། ཁྱོད་ཀྱི་ཤེས་ཡོན་སློབ་སྦྱོང་གི་ཆ་ཚད་དང་ལག་འཁྱེར་གང་འདྲ་ཡོད་ཅེས་མི་འདྲི། ང་ལ་ལག་ཤེས་འདི་ཡོད་ཅེས་ལབ་པའི་རྗེས་ལ་གཞི་ནས་ཁྱོད་ཀྱི་སློབ་སྦྱོང་གི་གོ་རིམ་གང་འདྲ་ཡིན་པ་འདྲི་བ་རེད།
    ནུབ་ཕྱོགས་སྤྱི་ཚོགས་ནང་རྩོམ་པ་པོ་དང་ལྟ་གྲུབ་བཤད་མཁན་རིགས་སྤྱི་ཚོགས་ལ་འགན་མི་འཁུར་མཁན་ཡིན་པ་མ་ཟད། མཐའ་ན་སོ་སོའི་ཁྱིམ་ཚང་དང་ལྟ་རྒྱབ་ལའང་འགན་མི་འཁུར་མཁན་གྱི་ལེ་ལོ་ཅན་ཟེར་ན་འདྲ། ཞེ་ས་མ་ཞུས་པ་ཡིན་ན་མི་འདི་རིགས་ནི་སྤྱི་ཚོགས་དང་ཁྱིམ་ཚང་། གཟའ་ཟླ་བུ་ཕྲུག་བཅས་ལ་ཁྲལ་མེད་བྱེད་མཁན་དེ་ཡིན།
    འཛམ་གླིང་ཤར་ཕྱོགས་དང་ནུབ་ཕྱོགས་གང་ལ་བལྟས་ཀྱང་རྒྱལ་རབས་ལོ་རྒྱུས་བཤད་མཁན་དང་སྒྲུང་དང་སྙན་ངག་འབྲི་མཁན། དེ་བཞིན་ལྟ་གྲུབ་དང་གྲུབ་མཐའ་བཤད་མཁན་གྱི་རྩོམ་པ་པོ་ཡོངས་རྫོགས་མེད་པོ་སྤྲང་སྤྲུག་ཡིན་ཟེར་མཆོག་ལ། ལག་ཤེས་སྣ་གཅིག་ཤེས་ཀྱང་སྤྲང་མྱུལ་གྱི་འཚོ་བ་རོལ་མི་དགོས་པ་ཁག་ཐེག་བྱེད་ཐུབ་པ་ཞགི་རེད།
    མཐའ་དོན་ངས་བཤད་ན་འདོད་པ་ནི་དེ་རིང་གི་བུ་མོ་བསོད་ནམས་ཆོས་འཛོམས་བརྒྱུད་དེ་བོད་པའི་གཞོན་སྐྱེས་ཚོས་ལག་ཤེས་སྟེང་ལ་འབད་བརྩོན་བྱེད་དགོས་པ་དང་། དགེ་རྒན་རྣམ་པ་དང་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན། བོད་གཞུང་དང་ཆབ་སྲིད་མི་སྣ་དག་གིས་ཀྱང་སྔོན་མ་ནས་ལམ་ཁ་ནོར་བ་ཞིག་ལ་སྐྱོད་བཞིན་པའི་སྤྱི་ཚོགས་འདིར་དྲང་ལམ་ཞིག་སྟོན་རྒྱུ་ཧ་ཅང་གལ་ཆེན་དོན་ཆེན་རེད་ཟེར་བཞིན་ཡོད། ངས་དེ་རིང་གི་གསར་འགྱུར་འདི་བརྒྱུད་ནས་སྐད་ཆ་དེ་དག་མི་བཤད་ཐབས་མེད་ཆགས་སོང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese