མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་ཁྲིད་སུ་ཐུག་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་ཞིག་གིས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་ཡིན་ནའང་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤཱིང་ཊོན་དུ་ཚོགས་འཆར་ཡོད་པའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ལྷན་ཞུགས་གནང་བར་གདན་འདྲེན་ཞུས་ཡོད་སྟབས། ཁ་སང་རྒྱ་གཞུང་གི་ཕྱི་འབྲེལ་མགྲིན་ཚབ་པ་ཧོང་ལི་ཡིས། རྒྱལ་ཁབ་ཀྱི་དབུ་ཁྲིད་སུ་ཞིག་གིས་རྣམ་པ་གང་འདྲ་ཞིག་གི་ཐོག་ནས་༧གོང་ས་མཆོག་ལ་མཇལ་འཕྲད་གནང་བ་ཡིན་ནའང་། རྒྱ་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བསྒྲགས་འདུག

ཕྱི་ཚེས་ ༢ ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག གསར་འགོད་པ་ཞིག་གིས་ཕྱི་ཚེས་ ༥ ཉིན་༧གོང་ས་མཆོག་ཨ་རིའི་རྒྱལ་ཡོངས་སྨོན་ལམ་གསོལ་སྟོན་ཐོག་ཞུགས་འཆར་ཡོད་པས། རྒྱ་གཞུང་ལ་དེའི་ཐོག་བསམ་ཚུལ་ཅི་ཡོད་ཅེས་དྲིས་པར་རྒྱ་གཞུང་གི་མགྲིན་ཚབ་པ་ཧོང་ལི་ཡིས། བོད་ཀྱི་གནད་དོན་ལ་ཐེ་གཏོགས་བྱེད་པ་དེ་རྒྱ་ནག་གི་རྩ་བའི་ཁེ་ཕན་དང་མི་རིགས་བར་གྱི་མཛའ་བརྩེ་ལ་འབྲེལ་བ་ཡོད་སྟབས། རྒྱལ་ཁབ་གང་ཞིག་གིས་བོད་ཀྱི་གནད་དོན་བེད་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ན་ང་ཚོས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་མགོ་ཁྲིད་སུ་ཞིག་གིས་རྣམ་པ་གང་འདྲ་ཞིག་གི་སྒོ་ནས་ཏཱ་ལའི་བླ་མར་ཐུག་འཕྲད་བྱས་ནའང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ཨ་རིའི་ཕྱོགས་ནས་བོད་ཀྱི་གནད་དོན་ཐད་ཀྱི་དམ་བཅར་བརྩི་སྲུང་བྱས་ཏེ། ཨ་རྒྱ་བར་གྱི་ཕྱོགས་ཡོངས་ཀྱི་འབྲེལ་ལམ་གཞི་རྩར་བཟུང་ནས་དེ་འབྲེལ་གྱི་གནད་དོན་འོས་འཚམ་གྱིས་ཐག་གཅོད་བྱེད་པའི་རེ་བ་ཡོད། ཅེས་བརྗོད་འདུག

ཡང་གསར་འགོད་པས་ཕྱི་ཚེས་ ༣༡ ཉིན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་(ISIS)ཡིས། ཉི་ཧོང་གི་གསར་འགོད་པ་ཞིག་གི་སྐེ་བཅད་ནས་དམར་གསོད་བཏང་བ་དེར་རྒྱ་གཞུང་ལ་བསམ་ཚུལ་ཅི་ཡོད་དྲིས་པར། རྒྱ་ནག་ཕྱོགས་ནས་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཚང་མར་ངོ་རྒོལ་བྱེད་ཀྱི་ཡོད་ལ། ཉེས་མེད་ཀྱི་མི་མང་ལ་ཚད་བརྒལ་གྱི་དྲག་སྤྱོད་སྤེལ་བར་ངོ་རྒོལ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་རྩ་དོན་དང་། སྤྱི་མོས་བྱུང་བའི་རྒྱལ་སྤྱིའི་མཉམ་འབྲེལ་རྩ་དོན་གཞིར་བཟུང་ནས་སྔར་ལས་མཉམ་འབྲེལ་ཤུགས་སྣོན་རྒྱག་དགོས་པ་དང་། མཉམ་འབྲེལ་གྱི་ཐོག་ནས་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ལ་ཁ་གཏད་བཅག་སྟེ། ས་ཁུལ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པ་རེད་བསམ་གྱི་ཡོད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༥ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༩ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    རྒྱ་གཞུང་གིས་འཛམ་གླིང་ནང་ཡུལ་གྲུ་ཁག་གི་དབུ་ཁྲིད་རྣམས་ཀྱི་སྒེར་གྱི་སྐུ་དབང་ལ་ཐེ་ཇུས་དང་ཚོད་འཛིན་དཔུང་ངོམ་བྱེད་པ་ལ་ངོ་རྒོལ་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese