མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པ་ཚོགས་གཏན་ཁེལ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སྤྱི་ལོ་ ༢༠༡༥ ཟླ་བ་ ༢ པའི་ཚེས་ ༩ ནས་ ༡༤ བར་ཉིན་དྲུག་གི་རིང་ཚོགས་གཏན་ཁེལ་ཡོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པ་དེ་ཉིད་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་མ་ཐུན་མོང་ནས་གོ་སྒྲིག་ཞུས་ཤིང་། ཚོགས་ཆེན་འདིར་ས་གནས་ཁག་མི་འདྲ་བ་༢༡ ནས་མཐོ་རིམ་སློབ་གཉེར་བ་༨༢ ཚོགས་ཞུགས་གནང་འཆར་ཡོད་ལ། ཚོགས་བཅར་བའི་ཁོངས་ནས་༤༨ བུ་ཡིན་ཞིང་། ༢༢ བུ་མོ་དང་། ༡༢ དགེ་འདུན་པ་ཡིན་འདུག ཐེངས་འདིའི་ཚོགས་ཆེན་གྱི་བགྲོ་གཞི་གཙོ་བོ་ནི་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་མའི་ཤེས་ཡོན་གནས་བབས་དང་གྲུབ་འབྲས་གླེང་བ་ཡིན་འདུག

ཚོགས་ཆེན་གྱི་ཉིན་དྲུག་གི་ནང་ནས་དུས་ཚོད་ཕལ་མོ་ཆེ་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་མའི་ཤེས་ཡོན་སློབ་གསོའི་གནས་བབས་དང་གྲུབ་འབྲས་ཞེས་པའི་བགྲོ་གཞི་ཐོག་འབུལ་རྒྱུ་ཡིན་འདུག བགྲོ་གཞི་དེ་བརྗོད་གཞི་ཆུང་གྲས་བཅུ་བཞི་ལས་གྲུབ་ཅིང་། སྔ་སོར་ནས་དེ་དག་ལ་ཉམས་ཞིབ་ཀྱི་ཆེད་རྩོམ་གྲ་སྒྲིག་བྱེད་མཁན་ས་གནས་ཆེད་བགོས་བྱས་ཡོད། ས་གནས་རང་རང་གི་ཚོགས་བཅར་བས་རང་བབས་ཀྱི་བརྗོད་གཞི་ཐོག་སྔ་སོར་ནས་ཉམས་ཞིབ་ཀྱི་ཆེད་རྩོམ་གྲ་སྒྲིག་བྱས་ཏེ། ཚོགས་ཆེན་སྐབས་ཆེད་རྩོམ་འགྲེལ་བརྗོད་དང་གླེང་སློང་བྱ་རྒྱུ་ཡིན། དེ་བཞིན་ཆེད་རྩོམ་དང་བགྲོ་གླེང་དག་ཀྱང་ཚོགས་ཆེན་ཆེད་དེབ་ནང་བསྡུས་སྒྲིག་བྱས་ཏེ་འགྲེམ་སྤེལ་བྱ་འཆར་ཡོད་འདུག

དེ་མིན་ཚོགས་ཆེན་འདིར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནས་དབུ་མའི་ལམ་གྱི་དགོངས་དོན་དངོས་དང་དེའི་གྲུབ་འབྲས་ལས་ཐོན་པའི་མ་འོངས་ཁ་ཕྱོགས་ཞེས་པའི་ཐོག་གཏམ་བཤད་དང་ཚོགས་བཅར་བ་མཉམ་དུ་དྲི་བ་དྲིས་ལན་བྱ་རྒྱུ་དང་། དེ་བཞིན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འཕྲིན་ལས་དབང་སྟོབས་ནས་བོད་ནང་གི་འབྲོག་པའི་གནས་སྟངས་ཞེས་པའི་ཐོག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ནས་བོད་དང་རྒྱ་ནག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལམ་ལུགས་ཞེས་པའི་ཐོག་གཏམ་བཤད་དང་དྲིས་ལན་གནང་རྒྱུ་ཡིན་འདུག

གཞན་ཡང་ཚོགས་ཆེན་གྱི་ཉིན་དྲུག་པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་། བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་རྒན་ཚེ་དབང་ཡེ་ཤེས་དབུས་ཞུགས་ཐོག བོད་རིགས་མཐོ་རིམ་སློབ་མས་བཙན་བྱོལ་སྒྲིག་འཛུགས་དང་བོད་ཕྲུག་ཁྱིན་སྡེ་ལ་དབུལ་རྒྱུའི་བསམ་འཆར་དང་རེ་འབུལ་རྣམས་སྙན་འབུལ་ཞུ་འཆར་ཡོད་འདུག

བཅས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་པའི་གོ་སྒྲིག་ཐུན་ཚོགས་ནས་སྤྱི་ལོ་ ༢༠༡༥ ཟླ་ ༢ པའི་ཚེས་ ༣ ཉིན་ཕུལ།1

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese