མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕགས་དྲའི་ནང་གསོན་བསྲེཊ་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཆེ་དྲག་སྤྱོད་པས་ཇོར་ཌན་གྱི་གནམ་གྲུའི་ཁ་ལོ་བ་ལྕགས་དྲའི་ནང་བཅུགས་ཏེ་གསོན་བསྲེགས་བྱས་རྗེས་ཇོར་ཌན་གཞུང་གི་བཙོན་འོག་ཏུ་ཡོད་པའི་ཁ་ཆེ་དྲག་སྤྱོད་པ་གཉིས་ཀྱང་དེ་མ་ཐག་སྲོག་ཐོག་ཏུ་བཏང་ཡོད་འདུག

ཁ་སང་ཨི་རག་དང་སེ་རི་ཡའི་ཁ་ཆེ་མཉམ་འབྲེལ་ཤོག་ཁག་(ISIS)གི་འཛིན་བཟུང་འོག་ཡོད་པའི་ཇོར་ཌན་རྒྱལ་ཁབ་ཀྱི་གནམ་གྲུའི་ཁ་ལོ་བ་མུ་ཋ་ཁཱ་སེ་སི་བྷེ་ (Muath Kasaesbeh) ལྕགས་དྲའི་ནང་བཅུགས་ཏེ་གསོན་བསྲེགས་བྱེད་བཞིན་པའི་བརྙན་ཐུང་སྐར་མ་ ༢༢ ཅན་ཞིག་ཁྱབ་བསྒྲགས་བྱས་མ་ཐག ཇོར་ཌན་གཞུང་གི་འཛིན་བཟུང་འོག་ཡོད་པའི་ཁ་ཆེ་དྲག་སྤྱོད་མ་སཱ་ཇེ་ཌ་ཨལ་རེ་ཤཱ་ཝེ་(Sajida al-Rishawi)དང་། གཟེ་ཡཌ་ཁཱ་བྷོ་ལི་(Ziyad Karboli)གཉིས་སྒེ་ཐག་དཔྱེང་སྟེ་སྲོག་ཐོག་བཏང་ཡོད་འདུག

དེ་ནི་ཉེ་ལམ་ཕྱི་ཟླ་ ༡ ཚེས་ ༢༧ ཉིན། ཨི་རག་དང་སི་རི་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་ཉི་ཧོང་གི་གསར་འགོད་པ་ཁཱན་ཇེ་གྷོ་ཌོ་ (Kenji Goto)ཡིས་ཇོར་ཌན་གྱི་གནམ་གྲུ་གཏོང་མཁན་མུ་ཋ་ཁཱ་སེ་སི་བྷེའི་འདྲ་པར་བཟུང་ཡོད་པའི་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཏེ། གལ་ཏེ་ཇོར་ཌན་གཞུང་གིས་ཆུ་ཚོད་ ༢༤ ནང་ཚུད་དུ་དེ་སྔོན་ ༢༠༠༥ ལོར་ཇོར་ཌན་ནང་དྲག་སྤྱོད་སྤེལ་ཏེ་འཛིན་བཟུང་ཐེབས་པའི་སཱ་ཇེ་ཌ་ཨལ་རེ་ཤཱ་ཝེ་ཀློད་གྲོལ་མ་བཏང་ཚེ། ཁཱན་ཇེ་གྷོ་ཌོ་དང་མུ་ཋ་ཁཱ་སེ་སི་བྷེ་དམར་གསོད་གཏོང་རྒྱུ་ཡིན་ཚུལ་བསྒྲགས་ཡོད།

ཉི་ཧོང་དང་ཇོར་ཌན་གཞུང་གིས་ཁ་ཆེ་དྲག་སྤྱོད་པ་ཚོའི་དགོས་འདུན་དུས་ལྟར་མ་བསྐོང་སྟབས། ཚེས་ ༢༩ ཉིན་ཁ་ཆེ་དྲག་སྤྱོད་པས་ཉི་ཧོང་གི་གསར་འགོད་པ་ཁཱན་ཇེ་གྷོ་ཌོ་ཡི་སྐེ་གྲིས་བཅད་དེ་དམར་གསོད་གཏོང་བཞིན་པའི་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་ཡོད། ཇོར་ཌན་གཞུང་གིས་ཁོ་རང་ཚོའི་གནམ་གྲུའི་ཁ་ལོ་བ་དེ་སྔོན་ནས་ཁ་ཆེ་དྲག་སྤྱོད་པ་ཚོས་དམར་གསོད་བཏང་ཟིན་པའི་ཡིད་ཆེས་བཞིན་ཡོད་འདུག

ཟླ་འདི་ཚེས་ ༣ ཉིན་ཁ་ཆེ་དྲག་སྤྱོད་པ་(IS)ཚོས་ཇོར་ཌན་གྱི་གནམ་གྲུའི་ཁ་ལོ་བ་མུ་ཋ་ཁཱ་སེ་སི་བྷེ་ལྕགས་དྲའི་ནང་བཅུགས་ཏེ་གསོན་བསྲེགས་བྱེད་བཞིན་པའི་བརྙན་ཐུང་སྐར་མ་ ༢༢ ཅན་ཞིག་ཁྱབ་བསྒྲགས་བྱས་པ་དང་། ཆུ་ཚོད་ཁ་ཤས་རྗེས་ཇོར་ཌན་གཞུང་གི་འཛིན་བཟུང་འོག་ཡོད་པའི་རེ་ཤཱ་ཝེ་དང་ཁཱ་བྷོ་ལི་གཉིས་སྐེ་ཐག་དཔྱེང་སྟེ་སྲོག་ཐོག་བཏང་ཡོད་པ་མ་ཟད། གཞན་བཙོན་འོག་ཏུ་ཡོད་པའི་ཁ་ཆེ་དྲག་སྤྱོད་པ་ཁག་ཅིག་སྲོག་ཁྲིམས་ཐག་གཅོད་བྱས་པ་ཁྱབ་བསྒྲགས་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༣ ཉིན་ཇོར་ཌན་གཞུང་འབྲེལ་མི་སྣ་མོ་ཧཱམ་མ་གྷི་ཨལ་མོ་མན་(Mohammad al-Moman)གྱིས། ཉིན་དེའི་ཞོགས་པའི་ཆུ་ཚོད་ ༤ པའི་སྟེང་། ཇོར་ཌན་གཞུང་གི་འཛིན་བཟུང་འོག་ཡོད་པའི་ཁ་ཆེ་དྲག་སྤྱོད་མ་རེ་ཤཱ་ཝེ་དང་གཟེ་ཡཌ་ཁཱ་བྷོ་ལི་གཉིས་ཀྱི་ནག་ཉེས་ཁྲིམས་ཆད་ལག་བསྟར་བྱས་ཡོད་ཅེས་གསལ་བསྒྲགས་བསྐྱངས་འདུག

ཁཱ་སེ་སི་བྷེ་གསོན་བསྲེགས་བྱེད་བཞིན་པའི་བརྙན་ཐུང་གནས་ཚུལ་དེ་ཐོན་མ་ཐག་ཇོར་ཌན་གཞུང་གི་དམག་དཔོན་མན་ཌོ་ཨལ་མེརུ་ (Mamdouh al-Ameri)གྱིས། “ ང་ཚོའི་དཔའ་ངར་ལྡན་པའི་ཁཱ་སེ་སི་བྷེ་དོན་མེད་དུ་ཚེ་སྲོག་ཤོར་བ་ཞིག་མིན། ང་ཚོ་ཇོར་ཌན་གཞུང་གིས་ཁོང་ལ་འདྲ་མཉམ་གྱི་དགྲ་ཤ་ལེན་རྒྱུ་ཡིན” ཞེས་ཁ་ཆེ་དྲག་སྤྱོད་པར་བརྡ་ལན་སྤྲད་ཡོད་འདུག

 ཨ་རིའི་ནེའུ་ཡོག་དུས་བབ་སྟེང་། ཁ་ཆེ་དྲག་སྤྱོད་པས་གསོན་བསྲེགས་བཏང་བའི་ཁཱ་སེ་སི་བྷེ་ཡི་ནང་མིའི་གནས་ཚུལ་ཞིག་བཀོད་ཡོད་པའི་ནང་། གཟའ་མིག་དམར་ཉིན་ཁཱ་སེ་སི་བྷེ་ཡི་གནས་ཚུལ་མི་མཐོང་བ་བྱེད་ཆེད་ཐོག་མར་ཁོང་ཚང་གིས་བརྙན་འཕྲིན་སོགས་ཀྱི་སྒོ་བརྒྱབ་ཡོད་ཀྱང་། ཁཱ་སེ་སི་བྷེ་ཡི་སྐྱེས་དམན་ཨན་ཝ་ (Anwar)ཡིས་ཁ་པར་བརྒྱུད་གནས་ཚུལ་ཞིག་མཐོང་ཡོད་སྟབས། དེ་མ་ཐག་མོ་རང་ཕྱིར་བརྒྱུགས་ཏེ་མོ་རང་གི་ཁྱོ་གའི་མིང་ནས་འབོད་བཞིན། “དཀོན་མཆོག་ལགས། སྐུ་མཁྱེན། གནས་ཚུལ་འདི་མངོན་སུམ་མིན་པ་ཤོག”ཅེས་ངུ་འབོད་བྱས་ཡོད་པ་དང་། ཁཱ་སེ་སི་བྷེ་ཡི་ཨ་མ་ཨཱ་སཱ་ཧྥ་ (Issaf)ཡིས་ཀྱང་མ་རང་གི་མགོ་དཀྲུས་བཤུས་རང་གི་སྐྲ་ནས་འཐེན་བཞིན་ངུ་འབོད་བྱས་ཡོད་འདུག

ཐེངས་འདིར་ཁ་ཆེ་དྲག་སྤྱོད་པས་གསོན་བསྲེགས་བཏང་ཟིན་པའི་ཁཱ་སེ་སི་བྷེ་ནི། ༢༠༡༤ ལོའི་ཟླ་ ༡༢ པའི་ཚེས་ ༢༤ ཉིན། དམག་མིའི་གནམ་གྲུ་(F-16)རྟགས་ཅན་ཞིག་བཏང་སྟེ་ཁ་ཆེ་དྲག་སྤྱོད་པར་མཁའ་ཐོག་ནས་ཕར་རྒོལ་བྱེད་སྐབས། སྟབས་མ་ལེགས་པར་སི་རི་ཡའི་བྱང་ཕྱོགས་ས་ཁུལ་(Ar-Raqqa)ཞེས་པར་གནམ་གྲུ་ཟགས་ཏེ་དྲག་སྤྱོད་པས་བཙན་ཁྲིད་བྱས་ཡོད་འདུག

ཇོར་ཌན་གཞུང་གིས་སྲོག་ཐོག་ཏུ་བཏང་བའི་རང་ལོ་ ༤༦ ཡིན་པའི་ཁ་ཆེ་དྲག་སྤྱོད་མ་སཱ་ཇེ་ཌ་ཨལ་རེ་ཤཱ་ཝེ་ནི། ཨི་རག་རྒྱལ་ཁབ་ནས་ཡིན་པ་དང་ ༢༠༠༥ལོར་ཁ་ཆེ་དྲག་སྤྱོད་པས་ལུས་སྟེང་ལ་འབར་རྫས་བཏགས་ཏེ་ཇོར་ཌན་རྒྱལ་ས་ཨ་མན་ནང་གི་མགྲོན་ཁང་ཞིག་ལ་དྲག་སྤྱོད་སྤེལ་ཏེ་མི་ ༥༧ ལྷག་བསད་སྐབས་ཇོར་ཌན་གཞུང་གིས་ཁོ་མོ་འཛིན་བཟུང་བྱས་ཡོད།

དེ་བཞིན། གཟེ་ཡཌ་ཁཱ་བྷོ་ལི་ཡང་ཨི་རག་ནས་ཡིན་པ་དང་ཨལ་ཁེ་ཊ་ (al-Qaeda)ཚོགས་ཁག་གི་དྲག་སྤྱོད་པ་ཞིག་ཡིན་པ་དང་ ༢༠༠༨ ལོར་ཇོར་ཌན་གྱི་མི་ཞིག་བསད་ཡོད་པའི་ཉེས་ཅན་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༢༤ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

མཆན། 2

  1. ཤིང་ལོ། says:
    ལོ་ 11 སྔོན།

    སྲོག་ཚབ་སྲོག་བྱས་ན་བཟང་ངམ། སྲོག་ལན་རྒྱུ་བྱས་ན་བཟང་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་ ཟླ་འདི་ཚེས་ ༣ ཉིན་ཁ་ཆེ་དྲག་སྤྱོད་པ་(IS)ཚོས་ཇོར་ཌན་གྱི་གནམ་གྲུའི་ཁ་ལོ་བ་མུ་ཋ་ཁཱ་སེ་སི་བྷེ་ལྕགས་དྲའི་ནང་བཅུགས་ཏེ་གསོན་བསྲེགས་བྱེད་བཞིན་པའི་བརྙན་ཐུང་སྐར་མ་ ༢༢ ཅན་ཞིག་ཁྱབ་བསྒྲགས་བྱས་པ་དང་། ཆུ་ཚོད་ཁ་ཤས་རྗེས་ཇོར་ཌན་གཞུང་གི་འཛིན་བཟུང་འོག་ཡོད་པའི་རེ་ཤཱ་ཝེ་དང་ཁཱ་བྷོ་ལི་གཉིས་སྐེ་ཐག་དཔྱེང་སྟེ་སྲོག་ཐོག་བཏང་ཡོད་པ་མ་ཟད། གཞན་བཙོན་འོག་ཏུ་ཡོད་པའི་ཁ་ཆེ་དྲག་སྤྱོད་པ་ཁག་ཅིག་སྲོག་ཁྲིམས་ཐག་གཅོད་བྱས་པ་ཁྱབ་བསྒྲགས་བྱས་ཡོད་འདུག ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese