མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་ཞིང་ལྗོངས་གཞན་ལས་ལྡབ་འགྱུར་གྱི་རྗེས་ལུས་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཆབ་སྲིད་གནས་སྟངས་དང་འཕྲོད་བསྟེན་གང་ཐད་ནས་ཧ་ཅང་སྐྱོ་ཤོས་ཀྱི་གནས་སྟངས་ཆགས་ཡོད་པ་དང་། དེང་སྐབས་བཙོན་འོག་ཏུ་གནས་སྡོད་ཆབ་སྲིད་བཙོན་པ་ ༢༡༡༠ ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་ ༡༣༧ འདུག་ཟེར།

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ ༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོ་འདོན་སྤེལ་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདས་ལོར་བོད་ནང་ཛ་དྲག་ཆེ་ཤོས་ཀྱི་གནད་དོན་གསུམ་ནི། བོད་མི་རྣམས་འཛིན་བཟུང་དང་བཀག་སྡོམ་འོག་འདས་གྲོངས་ཕྱིན་པ་དང་། བོད་མི་ཐུན་མོང་ལ་སྡུག་སྦྱོང་ཁྲིམས་གཅོད་གཏོང་བཞིན་པ། བོད་མིའི་འདུ་འཛོམས་རང་དབང་ལ་བརྡལ་བཤིག་གཏོང་གི་ཡོད་པ་བཅས་ཆགས་ཡོད་སྐོར་འཁོད་འདུག

གསལ་བསྒྲགས་ནང་འཁོད་དོན། ལྟེ་གནས་ཁང་གི་ངོས་ནས་ ༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ལོ་འཁོར་སྙན་ཐོ་དེ། དེབ་གཟུགས་དང་གློག་རྡུལ་པར་དེབ་གཉིས་ཀྱི་ལམ་ནས་འགྲེམས་སྤེལ་དང་། དེ་བཞིན། ལོ་འཁོར་སྙན་ཐོ་འདི་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྱབ་སྤེལ་ཡོང་ཐབས་སུ་བོད་དབྱིན་རྒྱ་གསུམ་སྐད་ཡིག་ཐོག་པར་འགྲེམས་བྱས་ཡོད།

ལོ་འཁོར་སྙན་ཐོའི་ནང་། རྒྱ་གཞུང་གིས་དེ་སྔོན་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མང་པོ་ཞིག་གི་ཐད་ལེགས་བཅོས་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་རྣམས་དོན་དངོས་ལག་ལེན་བྱས་མེད་པར། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་མཐའ་དག་སྔར་བས་ཇེ་སྡུག་ཇེ་ཞན་དུ་གྱུར་ཡོད། དེ་བས་སྙན་ཐོའི་ནང་རྒྱ་གཞུང་གིས་བོད་མི་རྣམས་འཇུ་བཟུང་བཀག་སྡོམ་འོག་འདས་གྲོངས་བཏང་བ་དང་། བོད་མི་ཐུན་མོང་ལ་སྡུག་སྦྱོང་ཁྲིམས་གཅོད་གཏོང་བཞིན་པ། བོད་མིའི་འདུ་འཛོམས་རང་དབང་བརྡལ་བཤིག་བཏང་ཡོད་པ་བཅས། དོན་ཚན་གསུམ་དམིགས་བསལ་འབུར་དུ་བཏོན་ནས་གླེང་སློང་བྱས་ཡོད། གནད་དོན་དེ་གསུམ་གྱི་ཐོག་ནས་རྒྱ་གཞུང་གིས་བོད་མི་སྤྱི་ཡོངས་ལ་དྲག་གནོན་ཚབས་ཆེན་བྱས་ཡོད།

དེ་བཞིན། བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་གཅར་རྡུང་དང་མནར་གཅོད་བཏང་ཡོད་པ་མ་ཟད། ཁོང་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྦྱར་བར་སྡུག་སྦྱོང་བཏང་ཡོད། ༢༠༡༤ ལོའི་ལོ་ཧྲིལ་པོའི་ནང་རྒྱ་གཞུང་གིས་བཀག་ཉར་འོག་སྡུག་སྦྱོང་མནར་གཏོང་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་བོད་མི་ཆབ་སྲིད་བཙོན་པའི་གྲངས་འབོར་སྔར་ལས་མང་དུ་ཕྱིན་ཡོད། དཔེར་མཚོན་ཙམ་བརྗོད་ན། རྒྱ་གཞུང་གིས་བཙོན་འཇུག་འོག་བོད་མི་བསྟན་འཛིན་ཆོས་གྲགས་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་རྗེས། རྐང་པ་གཉིས་ལ་རྐང་ལྕགས་རྒྱབ་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། སྨན་ཁང་ནང་གསོན་ཐབས་བྲལ་བའི་གནས་སྟངས་ཤེས་རྟོགས་བྱུང་མཐར། བཙོན་འཇུག་དུས་ཡུན་མ་རྫོགས་པར་གློད་བཀྲོལ་གྱི་རྣམ་པའི་ཐོག་ནས་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་། ཉིན་གཉིས་ལ་མ་གཏོགས་འཚོ་བཞུགས་མ་ཐུབ་པར་འདས་གྲོངས་ཕྱིན་ཡོད།

ད་དུང་རྒྱ་གཞུང་གིས་བོད་མིའི་ཐོག་སྡུག་སྦྱོང་ཁྲིམས་གཅོད་གཏོང་བའི་ཁྱབ་རྒྱ་ཆེ་རུ་བཏང་ཡོད། དཔེར་ན། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་དང་། ཡང་ན། རྒྱ་གཞུང་གིས་བཀག་སྡོམ་བྱེད་ཀྱིན་པའི་ཆོས་ལུགས་བྱེད་སྒོར་མི་སྒེར་གང་རུང་འཛུལ་ཞུགས་བྱས་སྐབས། གནད་དོན་དང་འབྲེལ་ཡོད་མི་སྒེར་སོ་སོ་ཁོ་ན་ཙམ་མ་ཡིན་པར། ཁོ་ཚོའི་ནང་མི་དང་སྡེ་པ། དགོན་སྡེ་སྤྱི་ཡོངས་ལ་སྡེབ་གཅིག་ཏུ་སྡུག་སྦྱོང་ཁྲིམས་གཅོད་བཏང་ཡོད། དེར་མ་ཟད། ས་གནས་སྡེ་གྲོང་སོ་སོའི་བོད་རིགས་མགོ་བ་རྣམས་ཉེས་མེད་འཇུ་བཟུང་བྱས་པ་རྣམས་ཀློད་གྲོལ་དང་། གཏེར་ཁ་བསྔོག་འདོན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བཞིན་པ་བཀག་སྡོམ་བཅས་ཀྱི་ཆེད། ས་གནས་བོད་རིགས་མང་ཚོགས་འདུ་འཛོམས་ཀྱིས་ཞུ་འབོད་ངོ་རྒོལ་བྱས་སྐབས། རྒྱ་གཞུང་གིས་བོད་མིའི་ཞི་བའི་འདུ་འཛོམས་རང་དབང་ཐོབ་ཐང་མཐའ་གཅིག་ཏུ་བརྡལ་བཤིག་བཏང་སྟེ་དྲག་གནོན་ཤུགས་ཆེན་བྱས་ཡོད།

གཞན་ཡང་། ལོ་འཁོར་སྙན་ཐོའི་ནང་བོད་ཁུལ་དུ་དུས་ཡུན་རིང་པོའི་ནང་བོད་མིའི་འཕྲོད་བསྟེན་དང་སློབ་གསོའི་ཐད། རྒྱ་གཞུང་གིས་གོ་རིམ་དང་སྒྲིག་གཞི་ལྡན་པའི་སྲིད་ཇུས་ཀྱི་གནད་དོན་ཐད་ལ་དབྱེ་ཞིབ་དང་འགྲེལ་བརྗོད་བྱས་ཡོད། རྒྱ་གཞུང་གིས་སྡོམ་རྩིས་བྱས་པའི་མི་འབོར་ཞིབ་བཤེར་ཡིག་ཆར་དབྱེ་ཞིབ་བརྒྱུད་འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་དོན། བོད་ཁུལ་ཡོངས་སུ་མང་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ནི་རྒྱ་ནག་རྒྱལ་ཡོངས་ཁྲོད་ཆེས་སྐྱོ་ཤོས་དང་། བོད་རིགས་བྱིས་པ་རྣམས་སློབ་ཞུགས་ཀྱི་གོ་སྐབས་ཧ་ཅང་ཉུང་བའི་རྐྱེན་གྱིས། བོད་ཁུལ་གྱི་བྱིས་པའི་སློབ་ཞུགས་ཚད་ནི་ཧ་ཅང་དམའ་བོ་ཆགས་ཡོད། རྒྱ་གཞུང་གི་ཡིག་ཆ་གཞིར་བཟུང་ཞིབ་འཇུག་བྱས་པའི་གྲུབ་དོན་དེ་དག་དང་། རྒྱ་གཞུང་གིས་ནམ་རྒྱུན་༼བོད་ཁུལ་གྱི་འཚོ་བའི་གནས་ཚད་ཡར་རྒྱས་ཆེན་པོ་ཕྱིན་ཡོད༽ པར་དྲིལ་སྒྲོག་བྱེད་པ་གཉིས་ཕན་ཚུན་རྒྱབ་འགལ་ཆགས་ཡོད། དངོས་ཡོད་གནས་སྟངས་ཐོག་ནས་བོད་ཁུལ་གྱི་སློབ་གསོ་དང་འཕྲོད་བསྟེན་གནས་སྟངས་ནི། རྒྱ་ནག་རྒྱལ་ཡོངས་ཀྱི་ཞིང་ལྗོངས་གཞན་པ་དག་ལས་ལྡབ་འགྱུར་གྱི་རྗེས་སུ་ལུས་ཡོད།

འདི་ག་ལྟེ་གནས་ཁང་གིས་ལོ་ལྟར་ཆབ་སྲིད་བཙོན་པའི་མིང་ཐོ་ཕྱོགས་བསྒྲིག་བྱེད་བཞིན་ཡོད་པ་ལྟར། རྒྱལ་སྤྱིའི་བརྒྱུད་ལམ་དང་གནས་ཚུལ་སོགས་ཕྱོགས་མང་པོ་གཤིབ་བསྡུར་དང་དབྱེ་ཞིབ་བརྒྱུད། ཕྱི་ལོ་ ༢༠༡༤ ལོའི་ཆབ་སྲིད་བཙོན་པའི་མིང་ཐོ་ནི་སྔར་ལས་ཞིབ་ཚགས་དང་འཐུས་ཚང་དུ་བཏང་ཡོད། འདི་ལོའི་ཆབ་སྲིད་བཙོན་པའི་མིང་ཐོའི་རེའུ་མིག་གཞིར་བཟུང་ལྟར་ན། དེང་སྐབས་བཙོན་འོག་ཏུ་གནས་སྡོད་ཆབ་སྲིད་བཙོན་པ་ ༢༡༡༠ ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་ ༡༣༧ འདུག

སྙན་ཐོའི་ནང་གཞན་ད་དུང་། བོད་ནང་དུ་རྒྱ་གཞུང་གིས་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་བརྡལ་བཤིག་བཏང་ཡོད་པའི་གནས་སྟངས་གསལ་བཤད་བྱས་ཡོད། དཔེར་ན། རྒྱལ་ཁབ་ཀྱི་བདེ་འཇགས་ཁ་གཡར་ཏེ་བཀག་སྡོམ་ཞིབ་བཤེར་ཁྱབ་ཁོངས་རྒྱ་བསྐྱེད་ཀྱིས་མི་སྒེར་གྱི་གསང་བ་ཉར་འཇོག་གི་ཐོབ་ཐང་བརྡལ་བཤིག་དང་། དེ་མིན་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་བརྡལ་བཤིག་བཏང་སྟེ། བཙན་ཤུགས་ཀྱི་སྒོ་ནས་འབྲོག་དམངས་གཏན་སྡོད་འཆར་འགོད་བྱེད་བཞིན་པའི་གནས་སྟངས་སོགས་བཀོད་ཡོད།

དེ་བཞིན། མཇུག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་དོ་སྣང་དང་། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བོད་དོན་ལས་འགུལ་གྱི་འཕེལ་རིམ་དང་ཤུགས་རྐྱེན་བཅས་གླེང་སློང་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་ བོད་ནང་གི་ཆབ་སྲིད་གནས་སྟངས་དང་འཕྲོད་བསྟེན་གང་ཐད་ནས་ཧ་ཅང་སྐྱོ་ཤོས་ཀྱི་གནས་སྟངས་ཆགས་ཡོད་པ་དང་།
    དེང་སྐབས་བཙོན་འོག་ཏུ་གནས་སྡོད་ཆབ་སྲིད་བཙོན་པ་ ༢༡༡༠ ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་བཙོན་འཇུག་ཁྲིམས་ཐག་བཅད་པའི་བཙོན་པ་ ༡༣༧ འདུག་ཟེར། ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese