མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཤེས་ཡོན་ཅན་ཚོས་འདི་ལྟ་བུའི་བླུན་རྟཊ་མི་སྟོན་པའི་དམ་བཅའ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལི་བོད་སྒར་ཉེ་འཁྲིས་སུ་བོད་པའི་ན་གཞོན་ཤེས་ཡོན་ཅན་སེར་མོ་བ་ཞིག་དང་མི་སྐྱ་ཞིག་གིས་འཁྲུག་འཛིང་བྱས་ཏེ་གཉིས་ཀ་རྐྱེན་ལམ་དུ་ཕྱིན་པ་དེར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོས་བོད་ཀྱི་ཤེས་ལྡན་པ་ཚོས་འདི་ལྟ་བུའི་ངོ་གནོང་དགོས་པའི་ནང་དམེ་དང་ཆག་སྒོ་ཆེན་པོ་མི་བཟོ་རྒྱུར་སོ་སོར་དམ་བཅའ་བརྟན་པོ་དགོས་པའི་གཞེན་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པ་ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིའི་བོད་མིའི་གཞིས་སྒར་བསམ་ཡས་གླིང་གི་ཉེ་འཁྲིས་ཀྱི་མྱུར་བགྲོད་མེ་འཁོར་ལྕགས་ལམ་གྱི་ཟམ་ཆེན་འོག་ཏུ། བོད་པའི་གྲྭ་བ་ཞིག་དང་མི་སྐྱ་ཞིག་གིས་རྒྱག་རེས་བརྒྱབ་སྟེ་ཤི་རྨས་ཀྱི་གནས་ཚུལ་བྱུང་ཡོད་ཅིང་། དེ་མ་ཐག་རྒྱ་གར་ཉེན་རྟོག་པ་དང་། བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་སོགས་འབྱོར་སྐབས། གྲྭ་བ་དེ་ས་དེ་རང་དུ་གྲོངས་ཡོད་པ་དང་མི་སྐྱ་དེ་ཉེན་རྟོག་པའི་རླངས་འཁོར་ནང་སྨན་ཁང་དུ་སྐྱེལ་བའི་ལམ་བར་ནས་གྲོངས་ཡོད་འདུག རྗེས་སུ་ཤེས་རྟོགས་བྱུང་བར་གྲྭ་བ་དེ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བསྟན་འཛིན་ཆོས་གྲགས་དང་། མི་སྐྱ་དེ་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཆོས་གྲགས་ཡིན་པ་ངོ་རྟགས་ཆོད་ཡོད།

ཕྱི་ཚེས་ ༡༣ ཉིན་འདི་གའི་གསར་ཁང་གིས་ཁ་པར་བརྒྱུད་ལྡི་ལིའི་བརྒྱ་དཔོན་ལ་བཅར་འདྲི་ཞུས་པར། ཁོང་གིས་མདང་དགོང་གནས་ཚུལ་དེ་འདྲ་ཞིག་བྱུང་བ་དངོས་ཡོད་རེད། ཡིན་ནའང་ད་ཆར་གནས་ཚུལ་གསལ་བོ་གང་ཡང་ཡོད་པ་མ་རེད། ཁོང་གཉིས་ཀྱིས་འཁྲུག་པ་བརྒྱབ་ནས་གྲོངས་པ་ཡིན་ནམ། ཡང་ན་མི་གཞན་ཞིག་གིས་བསད་པ་ཡིན་ཤེས་ཐུབ་ཀྱི་མི་འདུག ད་ལྟ་རྒྱ་གར་ཉེན་རྟོག་པས་ཕུང་བོ་གཉིས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་རེད། མི་སྐྱ་དེའི་རྒྱབ་ཁུག་ནང་དུ་དབྱིན་ཡུལ་དུ་བསྐྱོད་རྒྱུར་ཐོངས་མཆན་ཞུས་ཏེ་མ་རག་པའི་ཡིག་ཆ་ཞིག་དང་ཧིན་སྒོར་ཁྲི་བདུན་འདུག དེ་དག་རྒྱ་གར་ཉེན་རྟོག་པས་ཉར་བསྡད་ཡོད་པ་རེད། ད་ཆར་དེ་ཙམ་ལས་གནས་ཚུལ་གཞན་ཤེས་ཐུབ་ཀྱི་མི་འདུག་ཟེར།

དོན་རྐྱེན་དེ་བྱུང་བའི་ཕྱི་ཉིན་ནས་བཟུང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྣ་ཚོགས་ཤིག་ཐོན་ཡོད་པ་དང་། ངོ་དེབ་དང་སྐད་འཕྲིན་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོ་གཉིས་རྒྱ་གར་བས་བསད་པ་རེད་ཟེར་བ་དང་དོལ་རྒྱལ་བས་བསད་པ་རེད་ཟེར་བ། ཡང་ཁག་ཅིག་གིས་སྔོན་མ་ནས་ཁོང་གཉིས་བར་རྙོག་གྲ་ཡོད་པ་རེད་ཟེར་བ་སོགས་དཀྲོག་གཏམ་སྣ་ཚོགས་ཁྱབ་ཡོད་པ་དང་། གལ་སྲིད་ཁོ་གཉིས་འཁྲུག་འཛིང་ཤོར་ཏེ་གསོད་རེས་བྱས་པ་ཡིན་ཚེ། ཤེས་ཡོན་པ་གཉིས་ཀྱིས་ཧ་ཅང་ཐབས་སྡུག་གླེན་ལྐུག་གི་བྱ་སྤྱོད་འཚབ་ཆེན་ཞིག་སྤེལ་བ་རེད་ཅེས་དམོད་མོ་གཏོང་བ། བོད་མི་གཞོན་སྐྱེས་རེ་བ་ཅན་གཉིས་མེད་བརླག་ཏུ་ཕྱིན་པར་བློ་ཕམ་བྱེད་མཁན་བཅས་གླེང་སློང་ཆེན་པོ་བྱུང་ཡོད།

རྗེས་སུ་རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་ཁང་གིས་དོན་རྐྱེན་བྱུང་སྐབས་དངོས་སུ་མཐོང་མཁན་རྒྱ་གར་བ་ཁག་ཅིག་བཀག་བསྐྱིལ་འདྲི་ཞིབ་བྱས་པ་དང་། འདས་པོ་གཉིས་ཀྱི་ཕུང་པོར་བརྟག་དཔྱད་བྱས་པ་བརྒྱུད་དེ། གྲྭ་བསྟན་འཛིན་ཆོས་གྲགས་ཀྱིས་བློ་བཟང་ཆོས་གྲགས་སུ་གྲི་ཐེངས་འགར་བཙུགས་རྗེས་ཁོ་རང་གི་སྐེ་ལ་གྲིས་བརྒྱབ་སྟེ་རང་ཤི་བརྒྱབ་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག

ཚེས་ ༡༥ ཉིན་སླར་ཡང་གསར་འགོད་པས་ཁ་པར་བརྒྱུད་བསམ་ཡས་གླིང་བརྒྱ་དཔོན་སྐལ་ལྡན་ཚེ་རིང་ལགས་སུ་ཉེན་རྟོག་ཕྱོགས་ནས་དོན་རྐྱེན་ཐད་འགྲེལ་བརྗོད་ག་རེ་བྱས་ཡོད་དྲིས་པར་ཁོང་གིས། སྨན་ཁང་གིས་ཕུང་པོར་བརྟག་དཔྱད་གནང་བའི་མཇུག་འབྲས་གསལ་བོ་ཤེས་མ་སོང་། ཡིན་ནའང་། རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་ཁང་གིས་ཁ་སང་གཞི་ནས་ཁོ་རང་གཉིས་འཁྲུག་པ་ཤོར་ཏེ་གྲྭ་བ་དེས་མི་སྐྱ་དེར་གྲི་ཡིས་བརྒྱབ་པ་དང་། དེའི་རྗེས་གྲྭ་བ་དེས་སོ་སོའི་སྐེ་ལ་གྲིས་བརྒྱབ་ནས་རང་སྲོག་བཅད་པར་ཐག་གཅོད་བྱས་འདུག ཁོ་རང་གཉིས་སྒེར་གྱི་རྩོད་པ་ཞིག་ལ་བརྟེན་ཏེ་འཁྲུག་པ་བརྒྱབ་པ་ལས་མི་གཞན་གྱིས་བསད་པའི་སྐད་ཆ་དེ་དག་དཀྲོག་གཏམ་རང་རེད། དོན་རྐྱེན་དེའི་ནང་མི་སྣ་གསུམ་པ་ཞིག་གི་གི་གནས་ཚུལ་གང་ཡང་མེད་པ་གསལ་བོ་ཆགས་ཚར་བ་རེད། ཅེས་བརྗོད་བྱུང་།

ཁ་སང་ཕྱི་དྲོར་སླར་ཡང་ལྡི་ལི་བོད་སྒར་རྒྱ་དཔོན་ལགས་སུ་འདས་པོ་གཉིས་ཀྱི་ཕུང་པོ་གང་འདྲ་ཆགས་ཡོད་མེད་དྲིས་པར། ཁོ་ཁོ་གཉིས་ཀྱི་ཕུང་བོ་དེ་རིང་སྔ་དྲོར་རྒྱ་གར་ཉེན་རྟོག་པས་རྩིས་སྤྲོད་བྱས་ཏེ་མེར་བསྲེགས་བཏང་ཚར་བ་རེད། དྷ་རམ་ས་ལ་ནས་མི་ཁ་ཤས་བསླེབས་འདུག དེ་ནས་ལྡི་ལི་ས་གནས་ཀྱི་མི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་ཕུང་པོ་རྩིས་ལེན་ཁར་གནས་ཚུལ་གསར་པ་དེ་འདྲ་ཧ་གོ་ཡོད་མེད་དྲིས་པར་ཁོང་གིས། ཉེན་རྟོག་པས་ཞིབ་འཇུག་བྱས་ཏེ། གྲྭ་བ་དེ་དང་རོགས་པ་གཞན་ཞིག་རྒྱ་གར་ལྷོ་ཕྱོགས་ནས་ཡོང་སྟེ་ཚེས་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༢།༣༠ ཙམ་ལ་སྒོ་མང་མགྲོན་ཁང་དུ་ཐོ་བརྒྱབ་འདུག ཁོ་རང་གཉིས་དྷ་རམ་ས་ལར་འགྲོ་རྒྱུའི་འཆར་གཞི་ཡོད་པ་འདྲ། མི་སྐྱ་དེ་གང་དུ་བསྡད་ཡོད་མེད་ད་དུང་ཤེས་ཐུབ་མི་འདུག གཅིག་བྱས་ན་གྲོགས་པོ་དེ་འདྲའི་ནང་བསྡད་པ་མིན་འགྲོ གནས་ཚུལ་འདི་ཐོག་མ་བྱུང་སྐབས་ཁོ་གཉིས་སྐོར་ཤེས་མཁན་མི་གཅིག་ཀྱང་བྱུང་མ་སོང་། ཡར་མར་སྐད་ཆ་མང་པོ་དྲིས་ཡིན། ཁོ་རང་གཉིས་ངོ་ཤེས་ཟེར་མཁན་ཡང་མི་འདུག ཉེན་རྟོག་པར་ཞེད་ཀྱི་ཡོད་ན་གང་ཤེས། རྗེས་སུ་ག་ལེར་ཁོ་གཉིས་ལ་རྒྱུས་ཡོད་ཟེར་མཁན་དང་། ཁོ་རང་གཉིས་སྔོན་མ་ངོ་ཤེས་རེད་ཟེར་མཁན་སོགས་མང་པོ་ཞིག་ཤོད་ཀྱི་འདུག དཀྲོག་གཏམ་མང་པོ་ཞིག་བཟོས་ཡོང་གི་འདུག དེ་ཡག་པོ་མ་རེད་དགོངས་པ་ཡག་པོ་བཞེས་དགོས་པ་རེད། ཅེས་བརྗོད་བྱུང་།

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་སུ་མཐུན་ཚོགས་ཀྱི་ངོས་ནས་གཟིགས་ཚུལ་ག་རེ་ཡོད་དྲིས་པར་ཁོང་གིས། བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདིས་ང་ཚོར་བཤད་མི་ཤེས་པའི་ཚོར་སྣང་ཞིག་བྱིན་སོང་། ཡིན་ན་ཡང་ཁ་སང་རྒྱ་གར་དུས་བབ་ཚགས་ཤོག་ཐོག་བཀོད་པའི་གནས་ཚུལ་ལས་གཞན་ཞིག་གཞི་འཛིན་ས་ཁག་པོ་ཡིན་སྟབས། གནས་ཚུལ་དེ་འདྲ་ཞིག་ཅིའི་ཕྱིར་བྱུང་དགོས་པའི་རྒྱབ་ལྗོངས་གསལ་བོ་ཞིག་ཆགས་རྒྱུའི་རེ་བ་ཡོད། གལ་ཏེ་བསྟན་འཛིན་ཆོས་གྲགས་ཀྱིས་གྲི་དེ་འདྲ་མང་པོ་བསྣུན་ནས་མཐར་རང་ཤི་རྒྱག་སྟངས་ལ་བསམ་ན་སྒེར་འབྲེལ་གསང་དོན་ཆེན་པོ་ཞིག་ལོས་ཡོད་བསམ་པ་འདུག གཅིག་བྱས་ན་གསང་དོན་དེ་གཏན་ནས་ཤེས་ཐབས་མེད་ཀྱང་སྲིད། གང་ལྟར། མི་རེ་བ་ཅན་གཉིས་མེད་སོང་བ་འདིར་བློ་ཕམ་ཆེན་པོ་བྱུང་། གསོན་པའི་སྐབས་སུ་ཁོ་གཉིས་ཀ་བྱས་རྗེས་དང་འཇོན་ཐང་ཅན་ཡིན་ཡང་མཇུག་ཏུ་དེ་འདྲའི་བླུན་རྟགས་ཚབས་ཆེན་བསྟན་ཏེ་གྲོངས་པ་དེར་མི་ཚང་ཧང་སངས་པ་ཞིག་དང་། ངོ་གནོང་དགོས་པ་ཞིག་ཆགས་ཡོད་སྟབས། རྩོམ་པ་པོའམ་ཤེས་ཡོན་ཅན་ཚོས་འདི་ལྟ་བུའི་ནང་དམེ་དང་ཆག་སྒོ་ཆེན་པོ་མི་བཟོ་རྒྱུར་སོ་སོར་དམ་བཅའ་བརྟན་པོ་དགོས་པའི་གཞེན་སྐུལ་ཞུ་འདོད་བྱུང་། ཞེས་བརྗོད་བྱུང་།

གནད་དོན་དེའི་ཐད་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མྱ་ངན་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ངོས་ནས་ང་ཚོའི་གྲོགས་པོ་དང་ལས་རོགས་བློ་བཟང་ཆོས་གྲོགས་ལགས་རྒྱ་གར་ལྡི་ལི་ནས་སྐུ་གྲོངས་བའི་གནས་ཚུལ་ཐོས་པས་ཡིད་སེམས་རབ་ཏུ་གདུང་ཞིང་། ཁོང་ཉིད་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་པའི་ཆ་ནས་རིག་གཞུང་དང་སྨྲ་བརྗོད་རང་དབང་། སྐད་ཡིག་གི་ཐོབ་ཐང་ཐོག་སྐུ་ངལ་འཛེམས་མེད་ཀྱིས་ལས་དོན་གནང་ཡོད་ལ། ཁོང་གིས་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་མི་དང་ལྷན་བོད་ནང་གི་བཙོན་འོག་ཏུ་ལུས་བའི་རྩོམ་པ་པོ་དང་། བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་སྐད་ལ་ཕྱག་ལས་མང་པོ་གནང་ཡོད། ང་ཚོས་ཁོང་གི་ནང་མི་དང་གྲོགས་པོ་སོགས་ལ་གདུང་སེམས་མཉམ་སྐྱེད་དང་སེམས་གསོའི་འཚམས་འདྲི་ཞུ་བཞིན་ཡོད་ཅེས་འཁོད་འདུག་ལ། དབུས་སྤྱི་ཁྱབ་ཚོགས་གཙོ་ཇོན་རལ་སི་ཊོན་སོལ་(John Ralston Saul)ལགས་ཀྱིས། “ང་ཚོ་མང་པོ་ཞིག་གིས་བློ་བཟང་ཆོས་གྲགས་མཁྱེན་གྱི་ཡོད་ལ། ཁོང་གིས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་ཐོབ་ཐང་སྐོར་ལ་སྙིང་སྟོབས་ཆེན་པོས་སྐད་ཆ་ཤོད་ཀྱིན་ཡོད། འདི་ནི་སྐྱི་གཡའ་བའི་གནས་ཚུལ་ཞིག་རེད་ལ། ད་ལྟ་ང་ཚོས་ག་རེ་བྱུང་ཡོད་མེད་གསལ་བོ་ཤེས་རྟོགས་ཐུབ་རྒྱུར་སྒུག་ཡོད། ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ང་ཚོ་དང་གཏན་དུ་གྱེས་བར་བསམ་བློ་གཏོང་དགོས་བ་ཞིག་ཆགས་པ་རེད།” ཅེས་སོགས་བརྗོད་འདུག

དབུས་འཛིན་སྐྱོང་འགན་འཛིན་ཁར་ལི་སི་ཊོར་ནུར་ (Carles Torner)ལགས་ཀྱིས། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཁར་ལིས་སི་ཊོན་ནུར་ལགས་ཀྱིས་གསུངས་དོན། ང་ཚོའི་ཡིད་སེམས་སྐྱོ་གདུང་གིས་ཁེངས་ཡོད། བློ་བཟང་ལགས་ནི་མི་ཧ་ཅང་ཞི་འཇམ་དང་སྤྲོ་སྣང་ལྡན་པ་ཞིག་ཡིན། ལྷག་པར་ཏུ་ཁོང་གིས་བོད་མི་རིགས་གྱི་རིག་གཞུང་གི་ཐོབ་ཐང་ཆེད་འབད་བརྩོན་ཆེན་པོ་གནང་ཡོད་ལ། ཁོང་གིས་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་སྐུ་ཚབ་ཚོགས་ཆེན་སྟེང་རྒྱ་ནག་གཞུང་གིས་ཁོང་གི་མི་རིགས་ལ་དྲང་བདེན་གནང་གི་མེད་པའི་བསྒྲགས་གཏམ་དེ་ད་དུང་ང་ཚོའི་རྣ་ལམ་ན་གྲག་གི་འདུག ངས་གསལ་བོ་དྲན་པ་ཞིག་ལ་ན་ནིང་ཕྱི་ཟླ་ལྔ་བའི་ནང་གྷེས་རོ་ན་ནས་ཚོགས་པའི་ཚོགས་ཆེན་མཇུག་ཏུ་ངས་ཁོང་ལ། གྲོགས་པོ་ལགས་བསམ་བློ་ཆེན་པོ་ཞིག་ཐོངས་དང་ང་ཚོས་ཅིའི་ཕྱིའི་རྒྱལ་སྤྱིའི་ཡིག་སྒྱུར་དང་སྐད་ཡིག་ཐོབ་ཐང་གི་ཚོགས་འདུ་ཞིག་དྷ་རམ་ས་ལ་ནས་འཚོགས་མ་ཐུབ་པ་རེད་ཅེས་དྲིས་བར། ཁོང་གིས་ངས་ནམ་རྒྱུན་རྨི་ལམ་ཆེན་པོ་ཞིག་རྨི་བཞིན་ཡོད་པ་དེ་ནམ་ཞིག་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་ཆེན་དེ་ལྷ་ས་རུ་འཚོགས་རྒྱུ་དེ་ཡིན་ཅེས་ལན་སྤྲད་བྱུང་། ཉིན་མོ་དེར་ང་ཚོས་ཁོ་ལ་བསྐྱར་ཏུ་ཆེ་མཐོང་གནང་ངེས་ཡིན། ཞེས་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 10

  1. ཤིང་ལོ། says:
    ལོ་ 8 སྔོན།

    <གང་ལྟར། མི་རེ་བ་ཅན་གཉིས་མེད་སོང་བ་འདིར་བློ་ཕམ་ཆེན་པོ་བྱུང་། གསོན་པའི་སྐབས་སུ་ཁོ་གཉིས་ཀ་བྱས་རྗེས་དང་འཇོན་ཐང་ཅན་ཡིན་ཡང་མཇུག་ཏུ་དེ་འདྲའི་བླུན་རྟགས་ཚབས་ཆེན་བསྟན་ཏེ་གྲོངས་པ་དེར་མི་ཚང་ཧང་སངས་པ་ཞིག་དང་། ངོ་གནོང་དགོས་པ་ཞིག་ཆགས་ཡོད་སྟབས། རྩོམ་པ་པོའམ་ཤེས་ཡོན་ཅན་ཚོས་འདི་ལྟ་བུའི་ནང་དམེ་དང་ཆག་སྒོ་ཆེན་པོ་མི་བཟོ་རྒྱུར་སོ་སོར་དམ་བཅའ་བརྟན་པོ་དགོས་པའི་གཞེན་སྐུལ་ཞུ་འདོད་བྱུང་།>

    Reply
  2. ཡེ་ཤེས། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་གླག་རྒོད་འཕུར་ནས་སླེབས་སོང་།།
    བྱ་བྱིའུ་འབའ་འབུའི་ཅ་ཅོ་བཅོམ་ནས་བུད་སོང་།།
    ཟླུམ་གཟུགས་གོ་ལའི་གནས་ཚུལ་སྔོག་ནས་སླེབས་སོང་།།
    ས་ཡ་དྲུག་གི་མངོན་འདོད་བསྒྲུབ་ནས་བུད་སོང་།།

    Reply
  3. བཙན་པོའི་བུ། says:
    ལོ་ 8 སྔོན།

    དུས་བབ་ཚང་གིས་གསར་འགོད་ཀྱི་མྱུར་ཚད་དེ། ཧ་ཅང་གི་འགུལ་པོ་རེད། སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་ལ་རིང་འཐུང་སྣ་ཚོགས་ཤིག་བརྗོད་སོང་། སྐབས་དེར་ངའི་རེ་བར། རང་རེའི་ཆ་འཇོག་འཕེར་བའི་གསར་ལམ་ཁག་གི་སྤྱི་ཚོགས་དྲ་ལམ་གྱི་བཤད་ཡམས་དེ་རིགས་ཞི་ཆེད། དགོས་ངེས་ཀྱི་དོ་སྣང་ཞིག་སྤྲོད་ངེས་རེད་སྙམ་སོང་། འོན་ཀྱང་། དུས་ཡུན་ཉིན་གྲངས་དྲུག་ཙམ་རྗེས་སུ། གཞི་ནས་དུས་བབ་ཚང་གི་གསར་འགྱུར་རྙིང་པ་དེ་ཕེབས་བྱུང་ང་།

    Reply
  4. lobsangnamgyal says:
    ལོ་ 8 སྔོན།

    ད་རེས་བོད་ཀྱི་དུས་བབ་གསར་ཁང་གིས་ནོར་འཁྲུལ་ཆེན་པོ་གཉིས་བཟོས་སོང་། ནོར་འཁྲུལ་དང་པོ་གསར་འགྱུར་དུས་འགྱངས་ཆེན་པོ་ཕྱིན་སོང་། དེ་རིང་ཉིན་དྲུག་པའི་ཉིན་གཞི་ནས་གསར་འགྱུར་སྤེལ་སོང་། ནོར་འཁྲུལ་གཉིས་པ་རྒྱ་གར་དུས་བབ་གསར་ཤོག་སོགས་རྒྱ་གར་གཞུང་དང་ཉེན་རྟོག་ལས་ཁུངས་སོགས་དང་འབྲེལ་བ་ཤུགས་ཆནེ་པོ་ཡོད་པའི་གསར་འགྱུར་ལས་ཁུངས་ཀྱི་གནས་ཚུལ་ལ་ཁུངས་གཏུག་མ་བྱས་པ་དེ་གཉིས་རེད།

    Reply
  5. འཛུམ་ཆུང་མ། says:
    ལོ་ 8 སྔོན།

    (གནས་ཚུལ་འདི་གླེང་སློང་བྱེད་མཁན་ཞིག་གི་ངོ་དེབ་ལས་བཤུས།)

    རུལ་དྲི་ཁ་བའི་ཤེས་ཡོན་པའི་སྡེ།
    ཁ་སང་དེ་རིང་། ལྷག་པར་དུས་ཚོད་འདི་འདྲ་ཞིག་ལ། གསལ་བོར་བཤད་འདོད་པ་ནི། ངས་”ཤེས་ཡོན་པ”དང་”ཡིག་རྨོངས་པ” གཉིས་ཀྱི་བར་ཁྱད་དེ། ལག་གི་ཡོ་བྱད་ཀྱི་ཆ་ནས་ཕྱེས་ན་འདོད། ལག་ལ་གྲི་ཐོག་ནས་གཞན་ཐོག་ལ་ཐེངས་དྲུག་བདུན་རྩེག་ཐུབ་མཁན་དེ་ལ། སློབ་སྦྱོང་དང་བརྒྱུད་རིམ། ཡང་ན། མི་གཞི་དང་གྲུབ་འབྲས་བཅས་ཀྱི་ས་མཚམས་གང་ཡང་མེད། མཐར་གཏུགས་ན། ཁོ་”སྨྱུ་གུའི་ཁོག་ལ་གཏུབ་གྲི་སྦས་པའི་གཤེད་མ་”ཙམ་ཡིན།

    ང་བོད་པའི་ཤེས་ཡོན་པ་ཚོར་ཧང་སངས་ས་འདི་ཡིན་ལ། ལྷག་པར་བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོར་བློ་ཕམ་སའང་འདི་ཡིན། དོན་དག་བྱུང་རྗེས། “ཤེས་ཡོན་པའི་”རྒྱབ་ལ་”ཤེས་ཡོན་པ”ལངས་ནས ད་དུང་གསལ་བཤད་རྫུན་མ་དང་། འདྲ་ཆག་ཆག་གི་དཔྱད་བརྗོད་སྤེལ་བཞིན་ཡོད། བོད་པའི་ཤེས་ཡོན་པ་དང་། བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོར། མཐར་གཏུགས་ན་ཚེ་རིང་དོན་གྲུབ་གྱི་སྒྲུང་གཏམ་ནང་གི་”རྭ་ལོ”ལའང་མི་དོ་བའི་ལན་པ་འདི་གང་ནས་བྱུང་བ་ཡིན། “རྭ་ལོས” རང་ཉིད་དགའ་སའི་ཆུང་མའི་ཆེད་དུ། “ཁྲིམས་འགལ་གཉེན་སྒྲིག” ངོས་ལེན་བྱས་ནས་ལོ་གསུམ་གྱི་ཁྲིམས་ཐག་དང་ལེན་བྱས་ཡོད། ཡིན་ཡང་། བཙན་བྱོལ་ནང་གི་ཤེས་ཡོན་པ་ཚོས་ད་བར་རང་སྐྱོན་ངོས་ལེན་ག་རེ་བྱས་ཡོད། སྐྱོན་མེད་པ་ཡིན་ནམ། ད་རེས་ཀྱི་བྱུང་བ་འདི་སྐྱོན་ཡིན་ནམ། འདི་”སྐྱོན་”ལ་མི་རྩིས་མཁན་དང་། “དཀར་འདོན” བྱེད་མཁན་ཚོ་གཙོ་བོ་སུ་ཡིན་ནམ། མཐར་གཏུགས་ན། ཕ་ཡུལ་གཅིག་པ་དང། ཤེས་ཡོན་པའི་སྡེ་ཆགས་ཡོད། དེ་ལས་ཀྱང་ཤེད་ཤུགས་འདོན་མཁན་ཕ་ཡུལ་གཅིག་པ་ལས། ཤེས་ཡོན་པའི་སྡེ་ཆགས་ཡོད། ཤེད་ཤུགས་དེ་ལྟར་འདོན་དོན་གང་ཡིན་ཡིན་ནམ།

    ངའི་མི་ཚེའི་ནང་བོད་དོན་བདེན་མཐའ་སེལ་བར་རེ་བ་དེ་ཙམ་མེད། ཡིན་ཡང་། ངའི་རེ་བ་ང་དང་མཉམ་དུ་འཆི་མི་སྲིད། ང་ལ་ངའི་རེ་བ་བཅོལ་སའི་བུ་ཆུང་བཀྲ་ཤིས་བ་ཟླ་བ་ཡོད་ལ། ཁོ་ལ་ཁོ་དང་མཉམ་དུ་བོད་དོན་འཐབ་རྩོད་ནང་ཞུགས་ཐུབ་པའི་ན་མཉམ་གྲོགས་པོ་”བསྟན་འཛིན་” མང་པོ་ཡོད། ངས་ཁོ་ཚོས་བོད་དོན་ལ་འགྱུར་བ་གཏོང་ཐུབ་ཉིན་དེར། བོད་ཀྱི་འཇིག་རྟེན་རིན་ཐང་ལྟ་སྟངས་དང་། ལྷག་པར་བོད་ཀྱི་ཤེས་ཡོན་པའི་སྡེའི་རིན་ཐང་ལྟ་ཚུལ་ལའང་། ཡང་དག་དང་དགོས་ངེས། འཇིག་རྟེན་རིན་ཐང་ལྟ་སྟངས་དང་། ཁྲིམས་ཀྱི་མི་ཚེའི་ཐོབ་དབང་ལ་གུས་བརྩི་དང་འགན་སྲུང་ཐུབ་པའི་ངེས་ཤེས་ལ་ལམ་སྟོན་ཐུབ་པའི་རེ་བ་འཛིན་བཞིན་ཡོད།

    “འདས་པ་”ང་ཚོས་མི་གླེང། གླེང་རུང་ས་འོག་དུར་ཐོག་རེད། “ད་ལྟ་”ང་ཚོས་མི་བཤད། ཤེས་ཡོན་པ་རུལ་ཟིན་པའི་སྤྱི་ཚོགས་དེ། གཅོང་ནད་ཀྱིས་བཟུང་ཚར་བའི་ཤི་མིན་རོ་མིན་གྱི་མི་གཟུགས་ཙམ་ཡིན། “མ་འོངས་” དེ་རིང་འདི་ནས་ཡག་བཤད་ཡིན་ན་རེད། སྡུག་བཤད་ཡིན་ན་རུང། བོད་ལ་བློ་དཀར་ཞིང་སྙིང་ཉེ་བའི་བྱིས་པ་ཚོས་ཆེད་དུ་སྤུངས་དགོས་པར་འདོད།

    Reply
  6. གངས་བུ། says:
    ལོ་ 8 སྔོན།

    ད་རེས་དུས་བབ་ཚང་གིས་ཧ་ཅང་གཟི་བརྗིད་ཆེན་པོ་བྱས་སོང་། ཧ་ཅང་མ་འོས་པ་དང་མ་ལེགས་པའི་ཛ་དྲག་པོའི་གནས་ཚུལ་ཞིག་ལ་ཐུག་ཡོང་སྐབས་གཟབ་གཟབ་ནན་ནན་བྱས་ཏེ་ཁུངས་འདྲི་མང་པོ་དང་ཡག་ཐག་སྡུག་ཐག་ཆོད་པའི་བར་དུ་བརྩད་ཞིབ་བྱས་ཏེ་སྣ་འཛོམས་པོ་དང་ཕྱོགས་སུ་མ་ལྷུང་བར་ཁྱོན་ཡོངས་ཀྱི་ཁུངས་སྣེ་དག་ཕོགས་བསྡུས་བྱས་པ་ཡག་བྱུང་།
    མཐའ་དོན་ད་རེས་དྲ་འབུ་ཚོ་དང་རྒྱ་མིའི་རྒྱུག་ཁྱུ་ཚོས་གོ་སྐབས་བཟུང་སྟེ་དཀྱོག་རྐྱེན་འདྲ་མིན་སློང་བ་དང་། པར་གང་བྱུང་མང་བྱུང་བེད་སྤྱོད་བཏང་བ་ལུང་ཚན་དང་ཆོས་ལུགས་ཀྱི་གནད་དོན་ཡོད་མདོག་མདོག་བཤད་པ་དག་ལ་ཧ་ཅང་བློ་ཕམ་དང་ཡིད་ཆད་ཆེན་པོ་བྱུང་སོང་།

    Reply
  7. ཁྱུང་རང་སྒྲ། says:
    ལོ་ 8 སྔོན།

    དུས་བབ་ཚང་གིས་དུས་ཐོག་ཆར་བཞིན་གྱི་གསར་འགྱུར་འདི་སྤེལ་བར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། རྩོམ་པ་པོ་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་འུ་ཅག་ལ་བཞག་པའི་མཐའ་མཇུག་གི་ལེགས་སྐྱེས་འདིར་ཀུན་གྱིས་གཟིགས་རོགས་ཞུ།
    http://www.khabdha.org/?p=68434
    བོད་ཀྱི་ལོ་རྒྱུས་རིག་པའི་གཞི་རྩའི་ཤེེས་བྱ་མཛུབ་མོ་རི་སྟོན།
    དེ་ཡང་བོད་མི་རིགས་ནི་ལོ་རྒྱུས་རིག་པར་མཐོང་ཆེན་བྱེད་པའི་མི་རིགས་ཤིག་རེད། བོད་ཀྱི་ཁྱིམ་མཚེས་རྒྱ་དཀར་ནག་གིས་དེ་སྔ་ལོ་རྒྱུས་ཡིག་འཁོད་བྱས་ཚུལ་དང་བསྡུར་ན། རྒྱ་ནག་ནང་བཞིན་རྒྱལ་རབས་རིམ་བྱུང་གི་སྲིད་ལུགས་ལོ་རྒྱུས་ཞིབ་ཚགས་ཀྱིས་ཐོ་འགོད་བྱས་ཐུབ་མེད་ཀྱང་། རིག་གནས་ལོ་རྒྱུས་སྐོར་བཀོད་པའི་ཡིག་འཇོག་ཧ་ཅང་མང་ཞིང་། རྒྱ་གར་དང་བསྡུར་ཚེ་རྒྱལ་རབས་རིམ་པའི་སྲིད་ལུགས་ལོ་རྒྱུས་ཀྱང་གང་འཚམ་ཡིག་འཁོད་ཐུབ་ཡོད་པ་རེད།

    Reply
  8. བསྟན་ཟླ། says:
    ལོ་ 8 སྔོན།

    རྒྱ་གར་ལོ་ཁོལ་གསར་འགྱུར་ནང་དུ་ཚེས་༡༤ ཉིན། བློ་བཟང་ཆོས་གྲགས་ཨིན་ཡུལ་དུ་སྐྱོད་ཀྱི་ཡོད་པར་བསྟན་འཛིན་ཆོས་གྲགས་བརྒྱུད་ནས་བོད་ནང་ནས་ཁོ་ལ་རྒྱ་མིའི་དངུལ་འབོར་ཆེན་ཞིག་འབྱོར་བ་དེ་ལྡི་ལིར་བསྐྱལ་ནས་ཡོང་སྟེ་ཨེམ་ཏྲེ་མགྲོན་ཁང་ནང་ནས་ཁོ་རང་གཉིས་དངུལ་དེ་ཛ་སྒྱུར་རྩིས་སྤྲོད་བྱེད་སྐབས་ཁོ་རང་གཉིས་བར་རྙོག་གྲ་བྱུང་ཡོད་པ་དང་དགོང་མོ་ཁོ་རང་གཉིས་གྲོང་པའི་ཕྱི་ལ་སོང་ནས་བསོད་རེས་རྩེ་པ་རེད་ཞེས་པ་ཞིག་ཀྱང་འཁོད་འདུག

    Reply
  9. ཉག་རོང་ལྷ་བུ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་གླག་རྒོད་འཕུར་ནས་བསླེབས་སོང་། བྱ་དང་བྱིའུ་ཅ་ཅོ་བཅོམ་ནས་ཞུ་འཇགས་བཏང་སོང་། ད་བར་དུས་བབ་ཚང་ལ་སྒུག་ནས་བསྡད་པ་ཡིན་། ཕྱོགས་གང་ས་ཅི་ཐད་ནས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་འདུག གསརའགོད་པ་མཆོག་གིས་ཁུང་ལུང་མང་པོ་བསྡུད་གསོག་གནང་འདུག སྤྱི་ཚོགས་ཀྱི་ཉོག་དྲ་འདི་དག་གསལ་བོ་བཟོ་དགོས་ཤིན་ཏུ་ནས་གལ་ཆེན་རེད

    Reply
  10. བྱ་གཞུང་དཔལ་རྡོར། says:
    ལོ་ 8 སྔོན།

    འདི་ཐོས་ནས་ཧང་སངས་ཧོན་ཐོར་བ་ཞིག་བྱུང་ལ། བློ་ཕམ་ཆེན་པོ་བྱུང་། ཁོང་གཉིས་ཤེས་ཡོན་ཅན་ནང་ནས་བྱས་རྗེས་ཡོད་མཁན་རེད། གང་ལྟར་ཚར་བ་རེད།

    དཀྲོགས་གཏམ་གྱི་གནས་འདྲ་མིན་གོ་རྒྱུ་འདུག དུས་བབ་ཅུང་ཞིབ་ཚགས་བཀོད་འདུག་ཀྱང་རྒྱ་གར་དུས་བབ་ནང་གི་གནས་ཚུལ་ཞིག་འདིར་གསལ་མི་འདུག དཔེར་ན་The two were staying in the Gummang hotel near the monastery in Majnu Ka Tilla. Tenzin was researching Buddhist scriptures and had taken Lobsang’s help to translate them. འདི་ལ་འགྲེལ་བཤད་ཅིག་དགོས་ཀྱི་འདུག འདིའི་ནང་དུ་ཁོང་གཉིས་ཀྱིས་མཉམ་དུ་ཡིག་བསྒྱུར་གྱི་ལས་ཀ་ཞིག་བྱེད་ཀྱི་ཡོད་པ་དང་བསྡད་ས་ཡང་སྒོ་མང་མགྲོན་ཁང་ཡིན་པར་བཤད་ཡོད་པས། ད་དུང་གསལ་ཁ་མེད་པའི་གནས་ཚུལ་མང་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist