མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་སྒར་ནང་གི་སྟག་རྒན་ཚོར་ལག་པ་འཆིང་།

བོད་ཀྱི་དུས་བབ།
༢༠༡༥/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་དམག་དོན་ཨུ་ཡོན་འགན་འཛིན་གཞོན་པ་ཟུར་པ་ལིའུ་ཧོན་ཇེད་འཛིན་བཟུང་བཀག་བྱས་པའི་གནས་ཚུལ་དང་བསྟུན་ཏེ་མིག་འབེན་གཉིས་པ་སྟག་རྒན་ཀོ་པའོ་ཞོན་རྙི་རྩར་བསླེབས་ཚར་ཡོད་ཟེར།

ཟླ་འདི་ཚེས་ ༡༣ ཉིན་པེ་ཅིན་གྲོང་ཁྱེར་གྱི་སྐབས་ ༡༤ བའི་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་ཆེན་ཐེངས་ ༡༧ པའི་སྟེང་། རྒྱ་ནག་བཅིངས་འགྲོལ་དམག་མིའི་དབུས་ཐད་གཏོགས་དམག་དོན་ཞིབ་བཤེར་ཁང་གིས་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་། པེ་ཅིན་གྲོང་ཁྱེར་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་དང་དབུས་དོ་དམ་འགན་སྲུང་ལྷན་ཁང་གི་མགོ་གཙོ་གཞོན་པ་ལིའུ་ཧོན་ཇེད་(Liu Hongjie)ཀྱིས་ ༢༠༡༣ ལོར་དབང་ཆ་སྒེར་སྤྱོད་བྱས་པ་དང་། གཞན་ལ་རོགས་རིམ་གྱི་མིང་ཐོག་ནས་ལྐོག་རྔན་འབོར་ཆེན་བླངས་པ་བཅས་ཀྱི་ནག་ཉེས་ཡོད་སྟབས། ཁོ་ལ་ཁྲིམས་ལྟར་ནག་ཉེས་ཞིབ་བཤེར་བཀག་ཉར་ཆོག་མཆན་སྤྲོད་རོགས་ཞེས་འཁོད་ཡོད་པ་ལྟར་ཚོགས་ཐོག་ནས་ཆོག་མཆན་སྤྲད་ཡོད་སྟབས། གཞུང་འབྲེལ་ཐོག་བཀག་ཉར་བྱས་ཟིན་པ་ཁྱབ་བསྒྲགས་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་ཧོང་ཀོང་ཀུ་ཤུ་ཉིན་རེ་དྲ་བའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་ ༡༠ ཉིན་རྒྱ་ནག་དབུས་དམག་དོན་ཨུ་ཡོན་འགན་འཛིན་གཞོན་པ་ཟུར་བ་ཀོ་པའོ་ཞོན་དང་། ཀོ་པའོ་ཞོན་གྱི་བུ་ཀྲའུ་ཅང་ཞིང་ཆེན་གྱི་དམག་དཔོན་གཞོན་པ་ཀོ་ཀྲིན་ཀོང་(Guo Zhenggang)གཉིས་གཞུང་གི་ཞིབ་བཤེར་འོག་ཚུད་ཡོད་སྐོར་གྱི་གནས་ཚུལ་ཞིག་ཐོན་ཡོད་ཀྱང་། དེའི་སྐོར་རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་གང་ཡང་སྤེལ་མི་འདུག ཀོ་ཀྲིན་ཀོང་ནི་ཁོ་རང་གི་ཨ་ཕ་ཀོ་པའོ་ཞོན་གྱི་དྲུང་ཡིག་ཀྱང་ཡིན་འདུག

སྐབས་འདི་དང་བསྟུན་ནས་རྒྱ་ནག་གི་ཆབ་སྲིད་དཔྱད་ཞིབ་པ་ཚོས་ལིའུ་ཧོན་ཇེད་ནི་ཀོ་པའོ་ཞོན་དང་ཞི་ཚད་ཧོ་གཉིས་ཀྱི་བློ་འཁེལ་པའི་མི་སྣ་ཡིན་སྟབས། ད་རེབ་ལིའུ་ཧོན་ཇེད་གོ་གནས་ནས་ཕབ་པ་སྟེ་ཀོ་པའོ་ཞོན་གཞུང་ནས་ཕྱིར་འཕུད་བྱ་རྒྱུའི་སྔ་ལྟས་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཁ་སང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་ཧོང་ཀོང་གི་གསར་ལམ་ཞིག་གི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་ལིའུ་ཧོན་ཇེད་སྐོར་གྱི་གནས་ཚུལ་ཁྱད་མཚར་ཞིག་བསྒྲགས་ཡོད་ཅིང་། དེ་ནི་ ༢༠༡༣ ལོ་ནས་ལིའུ་ཧོན་ཇེད་འཛིན་བཟུང་བྱས་ཡོད་ཀྱང་ད་ལྟ་གཞི་ནས་ཁྱབ་བསྒྲགས་བྱས་པ་དང་། སྔོན་ཆད་ལིའུ་ཧོན་ཇེད་ཀྱི་གནས་ཚུལ་དྲ་ལམ་དུ་མཐོང་རྒྱུ་མེད་པ་ལྟར་ད་ལྟའང་ཞིབ་ཕྲའི་གནས་ཚུལ་གང་ཡང་རག་ཐབས་མེད་སྐོར་འཁོད་འདུག

ཉེ་ཆར་ཀོ་པའོ་ཞོན་ཕ་བུ་གཉིས་འཛིན་བཟུང་གི་གནས་ཚུལ་ཞིག་ཕྱི་གྱར་བྱུང་རྗེས། ཝེ་པའོ་དྲ་ཚིགས་སྟེང་ཀོ་པའོ་ཞོན་ཕ་བུ་གཉིས་འཚོལ་ཞིབ་མི་ཐུབ་པ་ཆགས་ཡོད་པ་དང་། དཔྱད་ཞིབ་པ་ཁག་ཅིག་གིས་གནས་ཚུལ་ཡ་མཚན་འདི་དག་གི་མཇུག་འབྲས་ནི་གང་མགྱོགས་སྟག་རྒན་ཞིག་ཕྱིར་འདོན་རྒྱུ་ཡིན་པའི་ཚོད་དཔག་བྱས་འདུག

ཧོང་ཀོང་གི་ནན་ཧྭ་ཙའོ་པའོ་ (nanzao)དྲ་བའི་སྟེང་། ལོ་ན་ ༥༥ གསོན་པའི་རྒྱ་ནག་དབུས་དམག་དོན་ཨུ་ཡོན་འགན་འཛིན་གཞོན་པ་ཟུར་པ་ལིའུ་ཧོན་ཇེད་རུལ་སུངས་རྒོལ་རྡུང་གི་རྙི་ནང་དུ་ཚུད་དོན་སྐོར་ལ། རྒན་ཡོལ་ཞུས་ཟིན་པའི་དམག་དཔོན་ཞིག་གིས་བརྗོད་དོན། “སྔོན་ཆད་ལིའུ་ཧོན་ཇེད་ནི་ཆབ་སྲིད་པའི་ཁྲོད་དུ་འོད་མདངས་བཀྲ་བའི་སྐར་ཆེམ་དེ་ཡིན་པ་དང་། ཞི་ཚད་ཧོ་ཡིས་རོགས་སྐྱོར་འོག་ཁོ་རང་ ༢༠༡༡ ལོར་རྒྱ་ནག་དབུས་དམག་དོན་ཨུ་ཡོན་ཆབ་སྲིད་གཞུང་སྒྲུབ་ཁང་གི་གཙོ་གཉེར་པ་བྱས་ཡོད་པ་མ་ཟད། ཀོ་པའོ་ཞོན་དང་ཞི་ཚད་ཧོ་གཉིས་ཀྱི་ལས་དོན་མང་པོ་ཞིག་ཁོས་ཐད་གར་བསྒྲུབས་ཡོད། ལྷག་པར་དུ་ཀོ་པའོ་ཞོན་དང་ཞི་ཚད་ཧོ་གཉིས་ཀྱི་གསང་བ་མང་པོ་ཞིག་ཀྱང་ཁོས་ཤེས་ཀྱི་ཡོད་སྟབས་ད་རེབ་ཁོ་འཛིན་བཟུང་ཐེབས་པ་རེད།” ཅེས་བརྗོད་འདུག

སྔོན་ཆད་རྒྱ་ནག་གཞུང་འབྲེལ་གསར་ལམ་ (renmingribao) ཞེས་པའི་སྟེང་། ལིའུ་ཧོན་ཇེད་རྒྱ་ནག་དམག་དོན་ཆབ་སྲིད་གཞུང་སྒྲུབ་ཁང་གི་མགོ་གཙོ་ཡིན་སྐབས་ཤིག་ལ། ལིའུ་ཧོན་ཇེད་ཞི་ཚད་ཧོ་ཡི་སྐུ་ཚབ་བྱས་ཏེ་ལའོ་ཉེན་ཞིང་ཆེན་ཏཱ་ལན་མ་ཡུམ་སློབ་གྲྭར་ལྟ་སྐོར་དུ་བསྐྱོད་ཡོད་པའི་གནས་ཚུལ་འཁོད་འདུག

ཞི་ཚད་ཧོ་ནི་ ༢༠༡༤ ལོའི་ཟླ་ ༣ པའི་ནང་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་ཡོད་པ་དང་། ལོ་དེའི་ཟླ་ ༦ ཚེས ༣༠ ཉིན་ཞི་ཚད་ཧོ་གོ་གནས་ནས་ཕབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད། སྐབས་དེར་དཔྱད་ཞིབ་པ་ཚོས་སྲིད་གཞུང་གི་མིག་འབེན་རྗེས་མ་དེ་ཀོ་པའོ་ཞོན་ཡིན་སྐོར་གླེང་སློང་བྱས་ཡོད།

ཉེ་ལམ་ཀོ་པའོ་ཞོན་དང་འབྲེལ་བ་ཡོད་པའི་དཔོན་རིགས་ཁག་ཅིག་སྔ་རྗེས་སུ་གོ་གནས་ནས་ཕབ་པ་དང་། ཞིབ་བཤེར་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཅིང་། དེ་དག་ཁྲོད་ཀོ་པའོ་ཞོན་གྱི་དྲུང་ཡིག་དང་པེ་ཅིན་དམག་ཁུལ་གྱི་དམག་དཔོན་གཞོན་པ་ཟུར་པ་ལིའུ་ཀྲི་ཀོང་ (Liu Zhigang) དང་། ལན་ཀྲུག་དམག་ཁུལ་དང་པེ་ཅིན་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཧོང་ཅེན་ཀའོ་ (Huang Jianguo)། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་སྡེ་ཁག་གི་དམག་དཔོན་ལེད་ཚུ་ཡཱེ་ (Lai Ceyi)། ལན་ཀྲུག་དམག་ཁུལ་ཆབ་སྲིད་ཨུ་ཡོད་གཞོན་པ་ཧྥན་ཀྲོང་མའི་ (Fan Zhangmi)། ད་རེབ་ཚེས་ ༡༣ ཉིན་ཞིབ་བཤེར་ཁྱབ་བསྒྲགས་བྱས་པའི་ལིའུ་ཧོན་ཇེད་སོགས་ཚུད་ཡོད།

ཟླ་འདིའི་ཚེས་ ༡༤ ཉིན་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་ཀྱིས་ཕྱིའི་གསར་ལམ་ཐོག་གི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། ལོ་སྔོན་མའི་ཟླ་ ༧ པའི་ནང་ཞི་ཚད་ཧོ་གོ་གནས་ནས་ཕབ་པ་དང་བསྟུན་ཏེ། ཀོ་པའོ་ཞོན་གྱི་མིང་རྒྱ་གཞུང་གི་དྲ་ཚིགས་ཁག་ཏུ་འཚོལ་ཞིབ་བཀག་འགོག་བྱས་ཡོད་པ། ཉེ་ལམ་ཀོ་པའོ་ཞོན་དང་ཁོའི་བུ་ཀོ་ཀྲིན་ཀོང་ཕ་བུ་གཉིས་ཀྱི་གནས་ཚུལ་ཝེ་པའོ་དྲ་ཚིགས་སྟེང་དུའང་འཚོལ་ཞིབ་བཀག་འགོག་བྱས་ཡོད། ཟླ་འདིའི་ཚེས་ ༩ ཉིན་རྒྱ་ནག་དབུས་དམག་དོན་ལྷན་ཁང་གིས་ལོ་གསར་དགོང་ཚོགས་སྐོར་གྱི་གནས་ཚུལ་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་སྐབས། དམག་དོན་འགན་འཛིན་གཞོན་པ་ཀོ་པའོ་ཞོན་གྱི་མིང་མཐོ་མཐོང་རྒྱུ་མེད་པ་ཆགས་ཡོད་ཚུལ་སོགས་འཁོད་འདུག

མདང་དགོང་རྒྱ་ནག་གི་ཆུ་ཚོད་ ༡༡ སྟེང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་ཐོན་པར། ལོ་གསར་ཚེས་མགོ་དང་བསྟུན་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དེ་སྔའི་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་དག་ལ་ལོ་གསར་འཚམས་འདྲི་ཞུས་ཡོད་པའི་མིང་ཐོའི་ཁྲོད་ཀོ་པའོ་ཞོན་གྱི་མིང་དེ་སླར་ཡང་མངོན་ཡོད་པ་མ་ཟད། དམག་དོན་ལྷན་ཁང་གི་ལོ་གསར་དགོང་ཚོགས་ཁྱབ་བསྒྲགས་ཀྱི་མིང་ཐོའི་ཁྲོད་དུའང་ཀོ་པའོ་ཞོན་གྱི་མིང་ཡར་འཇུག་བྱས་ཡོད་འདུག

ཕྱིའི་དཔྱད་ཞིབ་པ་ཚོས། ཉེ་ལམ་བའི་ལོ་འགའི་རིང་རྒྱ་ནག་གི་དམག་དོན་ལམ་ལོག་ཏུ་ཕྱིན་ཡོད་པ་ད་ཆར་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་དང་། ༢༠༡༥ ལོའི་སྔ་རྗེས་གཉིས་ལ་དམག་དོན་ཕྱོགས་ཀྱི་དཔོན་རིགས་ཆེ་འབྲིང་ཆུང་གསུམ་ལ་ཞིབ་བཤེར་རྒྱ་ཆེ་རུ་འགྲོ་བཞིན་ཡོད། དམག་མི་ཡོངས་ཀྱི་ལོ་གཅིག་གི་དཔལ་འབྱོར་ལ་ཞིབ་འཇུག་བྱེད་མགོ་ཚུགས་པ། དེ་བཞིན། དམག་འཁྲུག་གི་གྲོས་འཆར་འདོན་ཏེ་དམག་མིའི་རྒྱས་ཤོམ་བགྲེམ་སྟོན་བྱས་པ་བཅས་ལ་བརྟེན་ཏེ། རྒྱ་ནག་མཁའ་དམག་གཞུང་བསྒྲུབས་ཁང་གི་འགན་འཛིན་གཞོན་པ་ལིའུ་ཙི་རོན་ (Liu Zirong) ཟླ་འདིའི་ཚེས་ ༡༠ ཉིན་ཁང་ཐོག་ནས་ལྕེབས་ཏེ་རང་ཤི་བརྒྱབ་ཡོད་པ་དང་། ༢༠༡༤ ལོའི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་ལྐོག་ནས་གནམ་གྲུ་འཕུར་སྐྱོད་བཀག་སྡོམ་བྱས་པའི་གསང་བའི་གནས་ཚུལ་བཅས་ལ་ཞུགས་ན། ད་དུང་སྟག་རྒན་གཞན་ཞིག་ལ་དམིགས་ཡོད་པ་གསལ་པོ་ཡིན་པ་དང་། སྟག་རྒན་དེ་ནི་ཀོ་པའོ་ཞོན་ཡིན་པའང་གསལ་བོ་རེད། ཅེས་སོགས་བརྗོད་འདུག

ཕྱི་ཕྱོགས་སུ་ཀོ་པའོ་ཞོན་གྱི་གནས་ཚུལ་གླེང་སློང་བྱས་པའི་ཁྲོད། རྒྱ་ནག་གཞུང་གིས་ལོ་གསར་གྱི་སྔ་རྗེས་ཤིག་ལ་ཀོ་པའོ་ཞོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། དེར་འབྲེལ་ཡོད་མི་སྣ་ཞིག་གིས། རྒྱ་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀོ་པའོ་ཞོན་གྱི་གནས་ཚུལ་གསོག་འཇོག་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་། ཁོ་ཚོས་རྒྱ་ནག་གི་ལོ་གསར་གུང་སེང་དང་བསྟུན་ཏེ་ཚོགས་འདུ་ཐེངས་གཉིས་པ་གང་མགྱོགས་བསྐོང་མིན་ལ་བསམ་བློ་གཏོང་དགོས། ཚོགས་འདུ་བསྐོང་རྒྱུ་མིན་ཚེ་ཀོ་པའོ་ཞོན་གྱི་གྱོད་དོན་གང་མགྱོགས་ཁྱབ་བསྒྲགས་བྱ་ངེས་རེད།

དཔྱད་ཞིབ་པ་ཁ་ཤས་ཀྱིས། ཞི་ཚད་ཧོ་ལོ་སྔོན་མའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཞིབ་བཤེར་བྱས་སྐབས། གནས་ཚུལ་དེ་གཞུང་གིས་དུས་ཐོག་ལ་ཁྱབ་བསྒྲགས་བྱས་མེད། ཀོ་པའོ་ཞོན་ཕྱིར་འཕུད་བྱ་རྒྱུ་གཏན་ཁེལ་མ་བྱས་སྔོན་ལ་ནང་ཁུལ་ནས་བརྟག་དཔྱད་བྱ་དགོས་པ་དང་། ༢༠༡༥ ལོ་ཚོགས་འདུ་ཐེངས་གཉིས་པ་བསྐོང་རྗེས་གཞི་ནས་ཕྱིར་འཕུད་བྱ་རྒྱུ་རེད། ཅེས་སོགས་ཀྱི་ཚོད་དཔག་བྱས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༤ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༩ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese