མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ཉི་ཤུ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ ༢༠ ཟེར་བ་ཞིག་བཀྲམ་ཡོད་འདུག

ཕྱི་ཚེས་ ༢ ཚེས་ ༡༢ ཉིན་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་གིས་བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ཉི་ཤུ་ཟེར་བའི་ཡིག་ཆ་ཞིག་བཀྲམ་ཏེ། རང་ལུས་མེར་བསྲེག་ལ་ངན་སྐུལ་དང་གདུང་སེམས་མཉམ་སྐྱེད། བོད་རང་བཙན་དྲིལ་བསྒྲགས། ཕྱི་ཕྱོགས་ཀྱི་ཁ་བྲལ་བར་ལྐོག་འབྲེལ་བྱེད་པ། དེ་བཞིན།  བོད་རང་བཙན་གྱི་ཁ་བྲལ་སིམ་འཛུལ་བྱ་འགུལ་དང་བསྟུན་ནས་གཞན་གྱིས་དུས་ཆེན་ལ་རོལ་བ་དང་། གཉེན་སྟོན་དང་དགའ་སྟོན་བྱ་འགུལ་ལ་ཐེ་གཏོགས་བྱེད་པ། བཙན་ཤུགས་ཀྱིས་བོད་སྐད་རྐྱང་མ་བཤད་པ་དང་ཚེ་ཐར་གཏོང་དུ་འཇུག་པ། ༸གོང་ས་མཆོག་ལ་སྨོན་ལམ་གསོལ་འདེབས་ཀྱི་འདུ་ཚོགས་བསྡུ་བ་སོགས་སྤྱི་ཚོགས་སྒྲིག་ལམ་ལ་ཟིང་ཆ་བཟོ་བའི་ཁྲིམས་འགལ་བྱ་སྤྱོད་འདི་རིགས་བྱེད་མཁན་ཚོ། གཏན་ནས་གུ་ཡངས་མི་གཏོང་བར་བྱ་འགུལ་སྣེ་འཁྲིད་པར་ཐག་གཅོད་ནན་མོ་དགོས་པ་མ་ཟད། དེའི་ཁྱིམ་མིར་དམངས་ཕན་སྲིད་བྱུས་ལོངས་སུ་སྤྱོད་པ་མེད་པར་བཟོ་རྒྱུ་དང་། ཁྲིམས་འགལ་བྱ་སྤྱོད་ནང་འཛུལ་ཞུགས་བྱེད་མཁན་ཚང་མར་འཛིན་གྲྭ་བཙུགས་ཏེ། བོད་རང་བཙན་ལས་འགུལ་ནང་ཞུགས་པའི་གནོད་འཚེ་རང་བཞིན་ངོས་ཟིན་དུ་འཇུག་དགོས་ལུགས་དང་། ཁྲིམས་འགལ་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་པར་ཏང་སྒྲིག་ལྟར་ཐག་གཅོད་ནན་མོ་དགོས་པ་མ་ཟད། ཟླ་ཕོགས་སྤྲོད་རྒྱུ་མཚམས་འཇོག་དགོས་སྐོར་སོགས་བརྗོད་འདུག

ཁྲིམས་འགལ་བྱ་སྤྱོད་རིགས་ཉི་ཤུ་བསྒྲགས་པའི་གཅིག་ནི་རང་སྲེག་སོགས་ཐལ་དྲགས་བྱ་སྤྱོད་ལ་ངན་སྐུལ་དང་འུད་སྒྲོག་མཛེས་བསྒྱུར་བྱེད་པ། གཉིས་ནི་བོད་རང་བཙན་གྱི་དར་ཆ་འགེལ་བ་དང་སྦྱར་ཡིག་སྦྱོར་བ། བསྒྲགས་ཡིག་འགྲེམ་པ་དང་གཏམ་གླེང་སྤེལ་བ། གསུམ་ནི་མི་རིགས་ཁ་བྲལ་རིང་ལུགས་དང་མི་རིགས་ཐལ་དྲགས་རིང་ལུགས་ཀྱི་བསམ་བློ་ལྡན་པའི་དཔེ་དེབ་དང་རི་མོ། སྒྲ་བརྙན་ཐོན་རྫས་བཅས་གསར་རྩོམ་སྒྲིག་བཟོ། ཕྱིར་འཚོང་དང་སྒྲོག་སྤེལ་བཅས་བྱེད་པ། བཞི་ནི་ཕ་སྐད་སྲུང་སྐྱོབ་དང་སྐྱེས་ཁམས་སྲུང་སྐྱོབ། རྨོངས་སེལ་འཛིན་གྲྭ་སོགས་ལ་ཁ་གཡར་ནས་ཁྲིམས་འགལ་གྱི་ཚོགས་པ་རྩ་འཛུགས་བྱེད་པ་དང་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ། ལྔ་ནི་སྐད་ཡིག་འདྲ་མཉམ་དང་ཟས་རིགས་བདེ་འཇགས། སྲོག་ཆགས་སྲུང་སྐྱོབ་ལ་སོགས་པའི་མིང་གཡར་ཏེ་ཁྲིམས་འགལ་གྱི་འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར། དེ་ལས་གཞན་པའི་ཁྲིམས་འགལ་གྱི་བྱ་འགུལ་ཅི་རིགས་སྤེལ་བར་རྩ་འཛུགས་དང་། སྣེ་ཁྲིད། ངན་སྐུལ་བཅས་བྱེད་པ།

དྲུག་ནི་ཁུའུ་ཁུའུ་དང་སྐད་འཕྲིན་སོགས་ཀྱི་དྲ་ལམ་སྤྱད་ནས་བོད་རང་བཙན་གྱི་ནང་དོན་ལྡན་པའི་བརྡ་འཕྲིན་དང་རི་མོ། བརྙན་ཟློས་ཕབ་ལེན་བྱས་ཏེ་ཉན་པ་དང་བལྟ་བ། བརྒྱུད་སྤེལ་བཅས་བྱེད་པ་དང་ཡང་ན་མི་རིགས་མཐུན་སྒྲིལ་ལ་གནོད་པ་ཡོད་པའི་བརྡ་འཕྲིན་འབྱོར་རྗེས་བརྒྱུད་བསྐུར་མ་བྱས་མོད། འོན་ཀྱང་ལག་ཁྱེར་དང་གློག་ཀླད་སོགས་ཀྱི་ནང་ནས་ཉར་ཚགས་བྱེད་པ་དང་དུས་ལྟར་མ་གསུབ་པར་མི་གཞན་ལ་དྲིལ་སྒྲོག་དང་བལྟ་རུ་འཇུག་པ། བདུན་ནི་མངའ་ཁོངས་ཕྱིའི་ཁ་བྲལ་སྟོབས་ཤུགས་དང་ངན་འབྲེལ་བྱས་ཏེ་མངའ་ཁོངས་ཕྱིའི་དགྲར་འཛིན་སྟོབས་ཤུགས་ལ་བརྡ་འཕྲིན་ཅི་རིགས་འདོན་སྤྲོད་བྱེད་པ། བརྒྱད་པ་ནི་མངའ་ཁོངས་ཕྱིའི་དགྲར་འཛིན་སྟོབས་ཤུགས་ཀྱིས་བོད་རང་བཙན་གྱི་བསམ་བློ་འུད་སྒྲོག་བྱེད་པའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལེ་ཚན་ལ་ཉན་པ་དང་བལྟ་བ། དགུ་ནི་མངའ་ཁོངས་ཕྱི་ལ་འགྲོ་བ་དང་ཁྲིམས་འགལ་གྱིས་མངའ་ཁོངས་ཕྱི་ལ་སོང་ནས་ཆོས་ལུགས་ཀྱི་བྱེད་སྒོ་གང་རུང་ལ་ཞུགས་པ། བཅུ་ནི་མི་ཚོགས་འདུ་ས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་འདྲ་པར་དང་བོད་རང་བཙན་པའི་འདྲ་པར་འགེལ་བ།

བཅུ་གཅིག་ནི་རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་ཀྱི་ནང་དུ་བོད་རང་བཙན་གྱི་ནང་དོན་འདུས་པའི་རི་མོ་སྦྱོར་བ་དང་སྒྲ་ཟློས་གཏོང་བ། བཅུ་གཉིས་ནི་རང་སྲེག་རྒྱག་མཁན་གྱི་རྗེས་སུ་བསང་ཕུད་པ་དང་ཆོས་འདོན་པ། ཚེ་ཐར་གཏོང་བ་མཆོད་མེ་འཇོག་པ་སོགས་རང་སྲེག་རྒྱག་མཁན་ལ་སྨོན་ལམ་ཞུ་བ་དང་ཡང་ན་དེའི་ཁྱིམ་མིར་འཚམས་འདྲི་བྱེད་པ། བཅུ་གསུམ་ནི་མངའ་ཁོངས་ཕྱིའི་མི་རིགས་ཁ་བྲལ་སྟོབས་ཤུགས་དང་མི་སྒེར་གྱི་དོན་དུ་ཞལ་འདེབས་བསྡུ་བ་དང་ཞལ་འདེབས་བསྡུ་བར་རྩ་འཛུགས་བྱེད་པ། བཅུ་བཞི་ནི་སློབ་གྲྭའི་ནང་དུ་བོད་རང་བཙན་གྱི་གཏམ་གླེང་སྤེལ་བ་དང་མི་རིགས་ཐལ་དྲགས་རིང་ལུགས་ཀྱི་བསམ་བློ་སྒྲོག་སྤེལ་བྱེད་པ། བཅོ་ལྔ་ནི་ཆོས་ལུགས་དང་གྲུབ་མཐའ། རུས་རྒྱུད་བཅས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་ཁྲིམས་འཛིན་དང་སྲིད་འཛིན། སྤྱི་ཚོགས་ཀྱི་ལས་དོན་ལ་ཐེ་གཏོགས་དང་མི་རིགས་ལས་དོན་གྱི་མིང་གཡར་ཏེ་ལས་བྱེད་མང་ཚོགས་ལ་འཇིགས་སྐུལ་བ་དང་འཁོན་ལན་སློག་པ། དགྲ་རུ་འཛིན་པ།

བཅུ་དྲུག་ནི་མངའ་ཁོངས་ཕྱིའི་མི་རིགས་ཁ་བྲལ་སྟོབས་ཤུགས་དང་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་བོད་རང་བཙན་དང་འབྲེལ་བའི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ཀྱི་བྱ་བའི་ཐག་གཅོད་ལ་མི་བསྟུན་པ་དང་། མི་གཞན་ལ་བཙན་སྐུལ་དང་རྩ་འཛུགས་བྱས་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པ། བཅུ་བདུན་ནི་དུས་ཆེན་དང་ཡང་ན་ཚོར་སྐྱེན་གྱི་དུས་སུ་དགོན་པ་དང་ཡང་ན་སྤྱི་སྤྱོད་ར་བ་ནས་མངོན་གསལ་སྒོས་མི་གཞན་ལ་ངན་སྐུལ་དང་རྩ་འཛུགས་བྱས་ཏེ་འདུ་ཚོགས་བརྒྱབ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་གསོལ་འདེབས་སྨོན་ལམ་གྱི་བྱ་འགུལ་སྤེལ་བ། བཅོ་བརྒྱད་ནི་ཆོས་ལུགས་དང་དམངས་སྲོལ་བྱ་འགུལ་བེད་སྤྱད་ནས་མི་གཞན་ལ་ངན་སྐུལ་དང་། རྩ་འཛུགས་བྱས་ནས་འདུ་ཚོགས་བརྒྱབ་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་བསང་ཕུད་པ་དང་། མཆོད་མེ་སྒྲོན་པ། གསོལ་འདེབས་སྨོན་ལམ་ཞུ་བ། བཅུ་དགུ་ནི་ངན་སེམས་བཅངས་ནས་རང་ཁུལ་གྱི་རྒྱུན་ལྡན་ཆོས་དོན་བྱ་འགུལ་དང་ཡང་ན་དམངས་སྲོལ་བྱ་འགུལ་སྣ་ཚོགས་དེ། བོད་རང་བཙན་དང་འབྲེལ་བའི་བརྡ་འཕྲིན་དང་། བརྙན་ཟློས་སུ་འཁྱོག་བཟོ་བྱས་ནས་བརྒྱུད་སྒྲོག་དང་དཀྲོག་གཏམ་དུ་བསྒྱུར་བ། དྲིལ་སྒྲོག་སློབ་གསོ་དང་། གཙོ་གནད་འབྲེལ་གཏུག་བྱ་ཡུལ་གྱི་སློབ་གསོར་རོགས་སྐྱོར། གནད་སའི་ཞང་ད་གྲོང་རྡལ་གྱི་སྡེ་བ་དང་དགོན་པ་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་། ཁྲིམས་འགལ་གྱི་རྩ་འཛུགས་དག་ཐེར་དང་ཁྲིམས་འགལ་སྒྲིག་འགལ་གྱི་མི་སྣ་ཐག་གཅོད་སོགས་ཀྱི་བྱ་བར་ངན་སེམས་བཅངས་ནས་འཁྱོག་བཤད་བྱས་ཏེ་མངའ་ཁོངས་ཕྱི་ལ་བསྐུར་བ་དང་། དགྲར་འཛིན་སྟོབས་ཤུགས་ཀྱིས་འུད་སྒྲོག་བྱེད་པར་རྒྱུ་ཆ་འདོན་སྤྲོད་བྱེད་པ།ཉི་ཤུ་ནི་མངའ་ཁོངས་ཕྱིའི་བོད་རང་བཙན་གྱི་ཁ་བྲལ་སིམ་འཛུལ་བྱ་འགུལ་དང་བསྟུན་ནས་གཞན་གྱིས་དུས་ཆེན་ལ་རོལ་བ་དང་། གཉེན་སྟོན་དང་དགའ་སྟོན་བྱ་འགུལ་བཅས་ལ་ཐེ་གཏོགས་བྱེད་པ། བཙན་ཤུགས་ཀྱིས་བོད་སྐད་རྐྱང་མ་བཤད་པ་དང་། ཕྱུགས་ཟོག་གསོད་པ་དང་ཡང་ན་ཕྱིར་བཙོང་བ་བཀག་འགོག་བྱས་ཏེ། བཙན་གྱིས་ཚེ་ཐར་གཏོང་དུ་འཇུག་པ། ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཁ་གཡར་ནས་སྤྱི་ཚོགས་སྒྲིག་ལམ་ལ་ཟིང་ཆ་བཟོ་བ་བཅས་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese