མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་གྲོས་ནང་གཙང་འཕྱག་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ཚོགས་ལ་ཉེ་བ་དང་བསྟུན་ཏེ། ལིན་ཅི་ཧྭ་གཙོས་པའི་འཐུས་མི་ ༩ ཡི་ལས་གནས་ཕྱིར་བསྡུ་བྱས་ཡོད་པ་དང་། དེ་བཞིན་ཐེངས་འདིར་རྒྱུན་ལས་ཨུ་ཡོན་ ༡༣ དང་མི་མང་འཐུས་མི་ ༣༤ ཚོགས་བཞུགས་བྱེད་ཐུབ་མེད་སྐོར་གསལ་བསྒྲགས་སྤེལ་འདུག

ཁ་སང་རྒྱ་གཞུང་གིས་གསར་འགྱུར་རྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་པ་ལྟར་ན། ཉེ་ལམ་ཕྱི་ཟླ་ ༢ ཚེས་ ༢༨ ཉིན། རྒྱ་ནག་དབུས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་མཇུག་བསྡུས་བསྐོངས་པའི་ཐོག ལིན་ཅི་ཧྭ་གཙོ་ཞེས་པའི་རྒྱུན་ལས་ཨུ་ཡོན་ ༩ ཡི་གོ་གནས་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། ཁྲོ་པའོ་ཞིན་ (Chou Baoxing)རྒྱ་སྲིད་སྤྱི་ཁྱབ་ཁང་དུ་གནས་སྤོར་བྱས་ཡོད་པ་དང་། སྔོན་ཏ་ལེན་གྲོང་ཁྱེར་སྲིད་གྲོས་འགན་འཛིན་ཞོ་ཧྲིན་ཧྥིན་ (Xiao Shengfeng)ཏ་ལེན་གྲོང་ཁྱེར་འགན་འཛིན་གྱི་གོ་གནས་སུ་སྤར་ཡོད་འདུག

དེ་བཞིན། དབུས་བརྙན་འཕྲིན་ཁང་གི་དམག་དོན་ལས་ཚན་གྱི་མདོ་འཛིན་པ་དང་སྲིད་གྲོས་ཨུ་ཡོན་ཧྥིན་ལིན་ (Feng Lin) སྲིད་གྲོས་ཨུ་ཡོན་ནས་རྩ་དགོངས་ཞུ་དགོས་པ་ཁྱབ་བསྒྲགས་བྱས་ཡོད་ཀྱང་ཁོ་རང་གི་ཉེས་པ་གང་ཡིན་སོགས་གསལ་ཁ་མི་འདུག

དེ་རིང་རྒྱ་གཞུང་གིས་ཚད་ཞིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། སང་ཉིན་རྒྱ་ནག་སྲིད་གྲོས་ཨུ་ཡོན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་སྲིད་གྲོས་ཚོགས་ཆེན་ཐེངས་ ༣ པ་པེ་ཅིན་དུ་བསྐོང་རྒྱུ་ཡིན་པ་དང་། ཐེངས་འདིར་རྒྱལ་ཡོངས་སྲིད་གྲོས་འགན་འཛིན་གཞོན་པ་ཟུར་བ་སུ་རོན་ (Su Rong) དང་། འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་དང་སྲིད་གྲོས་འགན་འཛིན་གཞོན་པ་ཟུར་བ་ལིན་ཅི་ཧྭ་ (Ling Jihua)། རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གིས་འགན་འཛིན་གཞོན་པ་ཟུར་བ་མཱ་ཅན་ (Ma Jian)། སི་ཁྲོན་ཞིང་ཆེན་དམག་དོན་སྲིད་གྲོས་ཨུ་ཡོན་ཟུར་བ་ཡཱེ་ཝན་ཡོན་ (Ye Wanyong)། ཀོང་ཏོན་ཞིང་ཆེན་གྱི་སྲིད་གྲོས་འགན་འཛིན་ཟུར་བ་ཀྲུའུ་མིན་ཀོ་ (Zhou Mingguo)། ཧོང་ཀོང་རང་དབང་ཤོག་ཁག་གི་འགན་འཛིན་ཟུར་བ་ཐེན་པེ་ཅོན་ (Tian Baijun)། ཧྲན་ཞི་ཞིང་ཆེན་ཨུ་ཡོན་རྒྱུན་ལས་དང་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཛིན་ཟུར་པ་པེ་ཡོན་ (Bai Yun)། རྒྱ་ནག་ཧ་ཡང་བཟོ་ལས་ཁང་གི་འགན་འཛིན་སོན་ཀྲའོ་ཞའུ་ (Sun Zhaoxue)།  ཧྭ་རོན་ལྷན་ཚོགས་ཀྱི་འགན་འཛིན་སོན་ལིན་ (Song Lin)སོགས་ཚོགས་ཞུགས་བྱེད་ཐུབ་ཀྱི་མེད་དང་། ཨུ་ཡོན་གསར་པ་བཞི་ཁ་སྣོན་བྱས་ཡོད་སྐོར་སོགས་བསྒྲགས་འདུག

ཏཱ་ཅི་ཡོན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིར་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁང་གི་དམག་དོན་སྡེ་ཚན་གྱི་རང་ལོ་ ༣༩ ཡིན་པའི་མདོ་འཛིན་པ་མཛེས་མ་ཧྥིན་ལིན་སྲིད་གྲོས་ཨུ་ཡོན་ནས་གློ་བར་དུ་དགོངས་པ་ཞུ་དགོས་བྱུང་བ་དེ་ནི། སྲིད་གཞུང་གིས་བརྙན་འཕྲིན་ཁང་གི་རུལ་སུངས་ལ་རྒོལ་རྡུང་གཏོང་མགོ་བཙུགས་ཡོད་པ་མཚོན་པ་དང་། འདི་ནི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལས་ཀ་བྱེད་མཁན་ཚོས་དོ་སྣང་བྱ་དགོས་པ་ཞིག་ཡིན་སྐོར་དང་། འདས་པའི་ལོ་གཉིས་ལྷག་རིང་གི་རུལ་སུངས་ལ་རྒོལ་རྡུང་ལས་འགུལ་ཁྲོད། རུའི་ཁྲིན་ཀོང་དང་ཡཱད་ཡིན་ཁྲོན་སོགས་དབུས་བརྙན་འཕྲིན་ལས་ཁང་གི་མདོ་འཛིན་པ་ཁ་ཤས་ལ་ཞིབ་བཤེར་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ཁོང་ཅག་ད་དུང་སྲིད་གྲོས་ཨུ་ཡོན་རྒྱུན་ནས་ཕྱིར་འཕུད་བཏང་མི་འདུག་ཅེས་སོགས་བརྗོད་འདུག

འདས་པའི་ལོ་གཉིས་ལྷག་རིང་གི་རུལ་རྒོལ་ལས་འགུལ་ཁྲོད་ཁྱོན་ནག་མི་མང་འཐུས་མི་ ༣༤ དང་རྒྱ་ནག་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ ༡༣ ཙམ་གྱི་གོ་གནས་ཕྱིར་བསྡུ་བྱས་ཡོད། ཅེས་སོགས་འཁོད་འདུག

ཧྥིན་ལིན་ལ་མིང་གཞན་ཧད་ལིན་ཟེར་ཞིང་། ༡༩༧༦ ལོར་ཅི་ལིན་ཕད་ཧྲི་ནས་སྐྱེས་པ་དང་ ༡༩༩༦ ལོར་རྒྱ་ནག་བརྒྱུད་ལམ་སློབ་ཆེན་རྒྱང་སྲིང་སྡེ་ཁག་ནས་མཐར་ཕྱིན་ཏེ། དམག་དོན་བརྙན་འཕྲིན་རྒྱང་བསྒྲགས་ལྟེ་གནས་སུ་དམག་དོན་གསར་འགྱུར་རྒྱང་སྲིང་རི་ཁག་གི་མགོ་གཙོ་དང་། རྒྱལ་ཡོངས་གཞོན་ནུ་ལྷན་ཚོགས་གྱི་རྒྱུན་ལས་ཨུ་ཡོན། སྐབས་ ༡༠ བའི་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱི་འཐུས་མི། རྒྱལ་སྲུང་སློབ་ཆེན་གྱི་གདན་ཞུའི་ཆེད་མཁས་པ་སོགས་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༩ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༡
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

༢༠༢༦/༠༦/༠༡
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese