མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་བར་གྱི་རྩོད་པ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཨི་སི་རེལ་གྱི་སྲིད་བློན་བྷན་ཇེ་མིན་ནེ་ཁྲན་ཡཱ་ཧོ་ཡིས་ཨ་རིའི་གྲོས་ཚོགས་ནང་གཏམ་བཤད་སྤེལ་བར་སྲིད་འཛིན་ཨོ་བྷ་མ་གཙོས་པའི་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ངོ་རྒོལ་བྱས་འདུག

ཉིན་འདི་གར་ཨི་སི་རེལ་གྱི་སྲིད་བློན་བྷན་ཇེ་མིན་ནེ་ཁྲན་ཡཱ་ཧྭོ་ (Benjamin Netanyahu)ཨ་རིའི་ནང་སྐོར་སྐྱོད་བྱེད་བཞིན་ཡོད་པ་དང་། ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཇོང་བྷེ་ནེར་(John Boehner)གྱིས་གདན་ཞུ་གནང་བ་ལྟར། ནེ་ཁྲན་གྱིས་ཨ་རིའི་གྲོས་ཚོགས་ནང་གཏམ་བཤད་སྤེལ་སྐབས། སྲིད་འཛིན་ཨོ་བྷ་མ་གཙོ་བྱས་པའི་དམངས་གཙོ་ཚོགས་པའི་འཐུས་མི་ ༤༠ ཙམ་གྱིས་ངོ་རྒོལ་གྱི་རྣམ་པའི་ཚོགས་ཞུགས་བྱས་མེད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་གནད་དོན་དེ་ནི་ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་བར་གྱི་འགལ་བ་ཞིག་ཡིན་སྐོར་བརྗོད་འདུག

སྲིད་བློན་ནེ་ཁྲན་ཡཱ་ཧྭོ་ཡིས་ཨ་རིས་གྲོས་ཚོགས་ཀྱིས་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གནད་དོན་ཐད་གྲོས་ཆོད་ཅིག་འཇོག་འཆར་ཡོད་པ་དེ་ནི་ལམ་ནང་ལ་འགད་རྫས་ཤིག་བཞག་པ་དང་གཅིག་མཚུངས་ཡིན་སྟབས། དེ་ལས་གྲོས་ཆོད་མ་བཞག་ན་ཡག་པོ་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཁོང་གིས་ཨི་རན་ནི་འཛམ་གླིང་ཡོངས་ལ་འཇིགས་སྐུལ་བྱེད་མཁན་ཞིག་ཡིན་སྐོར་གྱི་སྐྱོན་བརྗོད་ཡང་བྱས་ཡོད་འདུག

ནེ་ཁྲན་ཡཱ་ཧྭོ་ཡིས་གཏམ་བཤད་མ་སྤེལ་བའི་ཉིན་གཅིག་གི་སྔོན་ལ་ཨ་རིའི་ཕོ་བྲང་དཀར་བོའི་ཕྱོགས་ནས། སྤྱི་མཐུན་ཚོགས་པས་ཕོ་བྲང་དཀར་བོར་གྲོས་མོལ་མ་བྱས་པར་ཨི་སི་རེལ་སྲིད་བློན་གདན་འདྲེན་བྱས་ཏེ། གྲོས་ཚོགས་ནང་གཏམ་བཤད་བྱ་འཆར་ཡོད་པ་དེར་སྐྱོན་བརྗོད་བྱས་ཡོད་པ་དང་། དེ་ནི་ཨི་སི་རེལ་གྱི་མགོ་ཁྲིད་ཀྱིས་ཨ་རིས་ཨི་རན་ལ་གྲོས་ཆོད་ག་རེ་འཇོག་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག

སྲིད་བློན་ནེ་ཁྲན་ཡཱ་ཧྭོ་ཡིས་གཏམ་བཤད་དེ་སྤེལ་རྗེས་སྲིད་འཛིན་ཨོ་བྷ་མས་བརྒྱུད་ལམ་ཁག་ཏུ་བརྗོད་བརྗོད་དོན། “ཨི་སི་རེལ་སྲིད་བློན་གྱིས་སྐད་ཆ་གསར་བ་གཅིག་ཀྱང་བཤད་མེད་པ་མ་ཟད། གནད་དོན་གཙོ་བོ་སྟེ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆར་འགོག་ཐབས་ག་འདྲ་ཡོད་མེད་དང་གནོད་སྐྱོན་ཉེན་ཁའི་སྐོར་གྱི་ཐབས་ལམ་གསར་པ་གང་ཡང་བཏོན་མི་འདུག་” ཅེས་བརྗོད་འདུག

ཁོས་མུ་མཐུད་དུ། ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཨུ་རི་སུ། རྒྱ་ནག་བཅས་ཀྱིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞིའི་གནད་དོན་དང་ཨི་རན་ལ་རོགས་སྐྱོར་གཏན་འབེབས་གཉིས་བརྗེ་བོ་རྒྱག་རྒྱུའི་གྲོས་ཆོད་ལ་རེ་ལྟོས་བྱས་ཡོད་པ་དང་། ཁོ་ཚོ་འཇིགས་སྣང་སྐྱེས་དགོས་པ་ཞིག་ལ་ཨི་རན་གྱིས་རྡུལ་ཕྲན་འགད་རྫས་བཟོ་བཞིན་ཡོད་པ་དེར་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། དེ་ནི་རྡུལ་ཕྲན་གྱི་སྦྱོང་བརྡར་ཞིག་ཡིན་པ་དང་། ཞི་བདེའི་ལས་དོན་ཐད་རྡུལ་ཕྲན་བཟོ་སྐྲུན་གྱི་ཐོབ་ཐང་ཡོད་ཚུལ་བརྗོད་རྒྱུ་དེ་རེད། ཅེས་སོགས་བརྗོད་འདུག

ཨ་རིས་ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་སྐོར་གྱི་སྔོན་འགྲོའི་གྲོས་ཆོད་དེ་ཟླ་འདིའི་མཇུག་ཙམ་ལ་འཇོག་འཆར་ཡོད་པ་དང་། ཞིབ་ཕྲའི་གྲོས་ཆོད་འབྱུང་འགྱུར་ཕྱི་ཟླ་དྲུག་པའི་ནང་འཇོག་རྒྱུ་ཡིན་ཡང་། སྲིད་བློན་ནེ་ཁྲན་ཡཱ་ཧྭོ་ཡིས་ “ གྲོས་ཆོད་སྡུག་ཅག་ཅིག་འཇོག་པ་ལས་མ་བཞག་ན་བཟང་། ཅེས་པའི་གསལ་སྲོལ་ཡོད་པ་ལྟར། འདི་ནི་གྲོས་ཆོད་སྡུག་ཅག་ཅིག་རེད།”ཅེས་བརྗོད་ཡོད་འདུག

བྷེ་བྷེ་སི་གསར་ཁང་གི་དཀྱུལ་ཤར་ཡུལ་གྲུའི་སྡེ་ཚན་གྱི་རྩོམ་སྒྲིག་པས་དཔྱད་བརྗོད་སྤེལ་བ་ལྟར་ན། ནེ་ཁྲན་ཡཱ་ཧྭོ་ཡི་གཏམ་བཤད་སྔར་བཞིན་ཡིན་པ་དང་། ཁོས་ཆབ་སྲིད་ཀྱི་ཞེ་སྣང་དང་སྙིང་སྟོབས་གཉིས་ཀྱི་འབྱུང་རྩ་མཉམ་གཅིག་ཏུ་སྦྱོར་འདུག ཨི་རན་གྱིས་དཀྱུལ་ཤར་རྒྱལ་ཁབ་ཁག་ཧམ་ཟ་བྱེད་བཞིན་ཡོད་པ་དང་། སེ་རེ་ཡ་དང་ལེ་ཝ་ནོན། ཨི་རག ཡེ་མན་བཅས་མཉམ་འབྲེལ་གྱིས་ཨི་སི་རེལ་རྒྱལ་ཁབ་བརྟན་པོ་ཆགས་དགོས་པ་དང་། དུས་ནམ་ཡང་ཇེའུ་མི་རིགས་བསྐྱར་དུ་གནོད་འཚེ་ཕོག་ཡུལ་ཞིག་ཏུ་ཆགས་མི་འཇུག་ཆེད་རེད། ཡིན་ན་ཡང་ཨི་སི་རེལ་གྱི་གནད་དོན་དེར་ཐད་ཀར་ཨ་རིས་ཆབ་སྲིད་ཐེ་གཏོགས་བྱ་དགོས་པ་ཞིག་ཆགས་སྟབས། ཁོས་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨི་རན་དང་འབྲེལ་བའི་གྲོས་ཆོད་དེ་འགོག་ཐབས་ལ་རེ་བ་རྒྱག་གི་ཡོད་པ་རེད། ཅེས་བརྗོད་འདུག

ད་དུང་དཔྱད་བརྗོད་དེའི་ནང་། སྲིད་བློན་ནེ་ཁྲན་ཡཱ་ཧྭོ་ལ་སྐྱོན་བརྗོད་བྱེད་མཁན་ཚོས། ནེ་ཁྲན་ཡཱ་ཧོ་ཡིས་ཁོའི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཨ་རི་དང་ཨི་སི་རེལ་གཉིས་འབྲེལ་བ་ཡག་པོ་ཡོད་ཚུལ་བརྗོད་པ་དེ་དག་ནི་གཡོ་བྱུས་ཀྱི་འུད་བརྗོད་ཅིག་ཡིན་ཚུལ་བརྗོད་པ་དང་། ཨ་རིའི་དམངས་གཙོ་ཚོགས་པའི་མགོ་ཁྲིད་ནན་སི་ཕེལོ་སི་(Nancy Pelosi)ཡིས། སྲིད་བློན་ནེ་ཁྲན་ཡཱ་ཧྭོ་ཡི་གཏམ་བཤད་ཀྱིས་མོ་མིག་ཆུ་ཤོར་གྲབས་བྱས་སོང་། གང་ཡིན་ཞེས་ན། ཁོས་ཨ་རིའི་གསང་འཕྲིན་ལ་མཐོང་ཆུང་དང་དམའ་འབེབས་བྱེད་ཀྱིན་འདུག་ཅེས་བརྗོད་ཡོད།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist