མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་པར་གྲིས་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཉིན་ལྷོ་ཀོ་རི་ཡའི་ཨ་རིའི་གཞུང་ཚབ་ཆེན་མོར་ཡུལ་མི་ཞིག་གིས་གྲིས་བརྒྱབ་པའི་གནད་དོན་དེར་བྱང་ཀོ་རི་ཡར་འབྲེལ་བ་ཡོད་མེད་རྩད་ཞིབ་བྱེད་བཞིན་ཡོད་འདུག  

ཟླ་འདིའི་ཚེས་ ༦ ཉིན་གྱི་སྔ་དྲོར་ལྷོ་ཀོ་རི་ཡའི་ཨ་རིའི་གཞུང་ཚབ་ཆེན་མོ་མག་ལེ་པར་ཌི་ (Mark Lippert)ལྷོ་བྱང་ཀོ་རི་ཡའི་ཞོགས་ཟས་ལྷན་ཚོགས་ཤིག་གི་ཐོག་ཞུགས་སྐབས། ལྷོ་ཀོ་རི་ཡའི་ཀེམ་ཁེ་ཇོང་ (Kim Ki-jong)ཟེར་བ་ཞིག་གིས་གློ་བུར་གྲིས་བརྒྱབ་སྟེ་ཁོའི་སྐེ་དང་ལག་གཡོན་པ་བཅས་སུ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་མ་ཐག་སྨན་ཁང་དུ་བསྐྱལ་ཏེ་ཁྱོན་འཚེམ་བུ་ ༨༠ ཙམ་རྒྱག་དགོས་བྱུང་ཡོད་འདུག ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཁ་པར་བརྒྱུད་གཞུང་ཚབ་ཆེན་མོར་འཚམས་འདྲི་ཞུས་ཡོད་འདུག

ཀེམ་ཁེ་ཇོང་ནི་ལྷོ་ཀོ་རི་ཡའི་མཁྲེགས་འཛིན་ཕྱོགས་ཁག་གི་མི་སྣ་ཞིག་ཡིན་པ་དང་། ཁོ་བྱང་ཀོ་རི་ཡར་ཐེངས་མང་སྐྱོད་མྱོང་ཡོད་སྟབས། ད་ལྟ་ལྷོ་ཀོ་རི་ཡའི་ཕྱོགས་ནས་ཀེམ་ཁེ་ཇོང་དང་བྱང་ཀོ་རི་ཡའི་བར་འབྲེལ་བ་ཅི་ཞིག་ཡོད་མེད་རྩད་ཞིབ་བྱེད་བཞིན་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་བྱང་ཀོ་རི་ཡའི་གསར་ལམ་ཁག་གིས་ཨ་རིའི་གཞུང་ཚབ་ལ་གྲིས་བརྒྱབ་པ་དེ་ཨ་རི་ལ་བདེན་པ་ར་སྤྲོད་བྱས་པ་རེད་ཟེར་བ་དང་། ཨ་རི་ལ་སྐྱིན་ཚབ་ཆུང་ཆུང་ཞིག་བླངས་པ་རེད་ཟེར་བ་སོགས་བརྗོད་ཡོད་འདུག ལྷོ་ཀོ་རི་ཡའི་མང་ཚོགས་མང་པོ་ཞིག་གིས་ཨ་རིའི་གཞུང་ཚབ་ཆེན་མོར་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་བྱས་ཡོད་འདུག

ཁ་སང་ལྷོ་ཀོ་རི་ཡའི་རྒྱལ་སའི་ཇུན་ཎོ་ས་ཁུལ་གྱི་མགོ་གཙོ་ཡོན་མེ་ཡུང་སུང་ (Yoon Myeong-seong) གིས་རོའུ་ཌར་དང་ཡོན་ཧབ་ (Yonhap) གསར་ལམ་ཐོག “ད་ལྟ་ང་ཚོས་ཀེམ་ཁེ་ཇོན་གྱིས་ཨ་རིའི་གཞུང་ཚབ་ཆེན་མོར་གྲིས་བརྒྱབ་པ་དང་། ཁོ་དེ་སྔོན་བྱང་ཀོ་རི་ཡར་ཕར་འགྲོ་ཚུར་འོང་ཐེངས་མང་བྱས་པའི་བར་འབྲེལ་བ་ཅི་ཡོད་རྩད་ཞིབ་བྱེད་བཞིན་ཡོད། གཞུང་གིས་ཁོས་མི་གསོད་རྩིས་བྱས་པ་མ་ཟད་ཕྱི་རྒྱལ་སྐུ་ཚབ་ལ་དྲག་སྤྱོད་སྤེལ་ཏེ་རྒྱལ་ཁབ་ཀྱི་ཚོང་འབྲེལ་ལ་འགོག་རྐྱེན་བཟོས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད།”ཅེས་བརྗོད་འདུག

དེ་རིང་གསར་ལམ་ཁག་ཅིག་ནང་ཀེམ་ཁེ་ཇོང་ཟེར་བ་དེའི་ལོ་རྒྱུས་འཁོད་པའི་ནང་། ༡༩༨༥ ལོར་ཀེམ་ཁེ་ཇོན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཁབ་ཁང་དུ་འཛུལ་ཏེ་ཨ་རིའི་རྒྱལ་དར་ཕབ་ནས་བསྲེགས་ཡོད་པ་དང་། ༢༠༠༦ དང་ ༢༠༠༧ ལོའི་བར་ཁོ་བྱང་ཀོ་རི་ཡར་ཐེངས་ ༦ ཙམ་ཕྱིན་ཡོད་པ་མ་ཟད། ༢༠༡༠ ལོར་ཉི་ཧོང་གི་གཞུང་ཚབ་ཆེན་མོ་ཌོ་ཤེ་ཎོ་རེ་ལ་ལག་བཀྱགས་ཏེ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༡༡ ལོར་རྒྱལ་ས་སོལ་གྱི་ལྟེ་གནས་ཤིག་ཏུ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོན་ཨེལ་ (Kim Jong-il) ལ་དྲན་རྟེན་རྡོ་རིང་འཛུགས་ཐབས་བྱས་ཡོད་འདུག

ཁོས་ད་བར་ཨ་རིའི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་ཐེངས་ ༡༢ ལྷག་སྤེལ་ཡོད་པ་དང་། བདུན་ཕྲག་སྔོན་མའི་ནང་ཁོའི་བྱ་འགུལ་ཚོགས་པ་ཝུ་རེ་མཱ་ཌན་(Woorimadang)ཟེར་བས་ཨ་རིའི་གཞུང་ཚབ་ཁང་མདུན་དུ། ཨ་རི་དང་ལྷོ་ཀོ་རི་ཡའི་བར་རེས་གཟའ་ཟླ་བ་ནས་བཟུང་ཟླ་ ༤ པའི་ཟླ་མཇུག་བར་མཉམ་འབྲེལ་དམག་སྦྱོང་བྱ་འཆར་ཡོད་པར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། ཁོས་ད་རེབ་ཨ་རིའི་གཞུང་ཚབ་ཆེན་མོར་གྲིས་བརྒྱབ་རྗེས་ཉེན་རྟོག་པས་འཁྲིད་འགྲོ་སྐབས་ཀྱང་། ལྷོ་བྱང་ལྷོ་ཀོ་རི་ཡ་ཆིག་སྒྲིལ་དགོས་པ་དང་མཉམ་འབྲེལ་དམག་སྦྱོང་ལ་ངོ་རྒོལ་ཡོད་སྐོར་སྐད་འབོད་བརྒྱབ་ཡོད་འདུག

ཀེམ་ཁེ་ཇོན་གྱིས་ཨ་རིའི་གཞུང་ཚབ་ཆེན་མོར་གྲིས་བརྒྱབ་རྗེས། བྱང་ཀོ་རི་ཡའི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་དགའ་བསུའི་རྣམ་འགྱུར་དེའི་ཐད། ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་མགྲིན་ཚབ་པ་གཞོན་པ་ལྕམ་མཱ་རེ་(Marie Elizabeth Harf ) ཡིས། ང་ཚོས་ཡ་ང་སྙིང་རྗེ་མེད་པའི་བསྒྲགས་གཏམ་དེ་དག་མཐོང་སོང་ཡང་། དེ་ནི་སྲིད་དབང་སྒེར་འཛིན་པ་ཞིག་གི་འགྱུར་མེད་རང་བཞིན་དང་འུད་སྒྲོག་ཅིག་ཏུ་ངོས་འཛིན་བྱེད་རྒྱུ་ལས་སྐྱོན་འཛུགས་གང་ཡང་བྱེད་འདོད་མེད་ཅེས་བརྗོད་འདུག ད་ལྟ་ཨ་རབ་ནང་སྐོར་སྐྱོད་བྱེད་བཞིན་ཡོད་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་ཡིས། ཨ་རིའི་ཕྱི་འབྲེལ་མི་སྣ་དང་ཨ་རིར་གནོད་འཚེ་གཏོང་མཁན་དག་ལ་ང་ཚོ་འཇིགས་སྣང་བྱེད་དགོས་དོན་མེད་སྐོར་བརྗོད་ཡོད་ཀྱང་། ཉེས་ཅན་པ་ཀེམ་ཁེ་ཇོན་གྱིས་ངས་ཨ་རིའི་གཞུང་ཚབ་ཆེན་མོ་མཆོག་གསོད་རྩིས་མེད་ལ། ང་དང་བྱང་ཀོ་རི་ཡའི་བར་འབྲེལ་བ་གང་ཡང་མེད་ཅེས་བརྗོད་འདུག

ལྷོ་ཀོ་རི་ཡའི་ཀང་ཎམ་ (Kyungnam) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཡུ་ཧན་ཅང་ (Yu Hyung-chang) གིས། ནག་ཉེས་ཅན་གྱི་མི་དེ་འདྲ་དུས་སྟོན་ལ་གཏོང་དགོས་དོན་གང་ཡིན་ནམ། གལ་སྲིད་གཏོང་དགོས་ན་ཁོ་ལ་རྟོག་ཞིབ་བྱེད་མཁན་ཞིག་ངེས་པར་དུ་འཇོག་དགོས་ཀྱང་བཞག་མེད་པ་དེ་གཞུང་གི་ནོར་འཁྲུལ་ཆེན་པོ་ཞིག་རེད། ཞེས་བརྗོད་འདུག

ད་ལྟ་ཨ་རིའི་གཞུང་ཚབ་ཆེན་མོ་མག་ལེ་པར་ཌི་ལྷོ་ཀོ་རི་ཡའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། སྨན་པས་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་དང་མིག་དམར་ཉིན་ཁོང་གི་འཚེམ་བུ་བཀྲོལ་ཏེ་སྨན་ཁང་ནས་ཕྱིར་ལོག་ཆོག་ཚུལ་བརྗོད་འདུག  

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese