མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གསུམ་དུས་ཐོག་གདན་ཞུ་གནང་བར་སྤོབས་པ་ཆེན་པོ་སྐྱེས་བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ཁ་ལོ་ཌི་ཡ་མཆོག་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པར་གདུང་སེམས་མཉམ་སྐྱེད་གནང་བར་ཕེབས་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣ པ་ཐོག གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དམིགས་བསལ་སྐུ་མགྲོན་འཇར་མན་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྕམ་ཁ་ལོ་ཌི་ཡ་ (Hon. Claudia Roth)མཆོག་གིས་གཙོས་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་། དེ་བཞིན་སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་སོགས་ཕེབས་འདུག་པ་དང་། སྐུ་མགྲོན་གཙོ་བོ་རྣམ་གཉིས་ནས་གསུང་བཤད་གནང་ཚར་རྗེས་གསར་འགོད་པའི་དྲི་བ་ཁག་ཅིག་ལ་ལན་འདེབས་བཅས་གནང་སོང་།

ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལྕམ་ཁ་ལོ་ཌི་ཡ་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་བ་དང་འབྲེལ་གསུངས་དོན། ན་ནིང་ཕྱི་ཟླ་ ༨ ནང་མགྲོན་ཤོག་ཕུལ་བ་ལྟར། ལྕམ་ཁ་ལོ་ཌི་ཡ་མཆོག་ཆེད་དུ་འཇར་མན་ནས་དྷ་རམ་ས་ལར་ཕེབས་པ་དེ་བཀའ་དྲིན་ཆེན་པོ་དང་ཐུགས་རྗེ་ཆེ་ཞེས་ཞུས་པ་ཡིན། གང་ཡིན་ཟེར་ན། སྐབས་དེར་ཁོང་ལ་ལོ་ངོ་ ༥༦ འཁོར་བའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་ཞེ་དྲགས་གལ་ཆེན་པོ་ཡིན་ལ། ཆབ་སྲིད་ཀྱི་ཐོག་ནས་ཀྱང་གནད་འགག་ཆེན་པོ་ཞེ་དྲགས་ཡིན་པས། ཁྱེད་རང་ཕེབས་རོགས་གནང་ཞེས་ཞུ་སྐབས། ཁོང་གིས་ཡིན་དང་ཡིན་ངེས་པར་དུ་ཕེབས་ཀྱི་ཡིན་ཞེས་གསུངས་སོང་། སྐབས་དེར་ངས་ནན་ཏན་བྱས་ནས་ག་རེ་ཞུས་པ་ཡིན་ཟེར་ན། དེ་ཆབ་སྲིད་དང་འབྲེལ་བ་ཡོད་པ་རེད། གསུམ་བཅུའི་དུས་དྲན་ཟེར་དུས་ང་ཚོའི་རྩ་དོན་རྩོད་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད་ཅེས་ཞུས་པར། ངའི་མི་ཚེ་ཧྲིལ་པོ་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་བཏང་བཞག་པ་ཡིན་ལ། ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཡོད་པའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ལའང་དྷ་རམ་ས་ལར་བཅར་གྱི་ཡིན། བོད་མི་ཚོར་འཕྱར་གྲུ་མཉམ་འདེགས་ཡོད། ཁྱེད་རང་ཚོའི་དབུ་མའི་ལམ་གྱི་གཙོས་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་པ་དང་། བོད་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དེ་གལ་ཆེན་པོ་ག་ཚོད་ཡོད་མེད་ཀྱི་ཐོག་ནས་ང་ངེས་པར་དུ་དྷ་རམ་ས་ལར་བཅར་ཏེ། དུས་དྲན་ཉིན་མོར་གཏམ་བཤད་བྱ་རྒྱུ་ཡིན་ཞེས་ཞལ་བཞེས་གནང་བ་ལྟར་འདིར་ཕེབས་པར་ཤིན་ཏུ་དགའ་བོ་བྱུང་། ཞེས་གསུངས་སོང་།

ལྕམ་ཁ་ལོ་ཌི་ཡ་མཆོག་གིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྐོར་གསུང་བཤད་གནང་དོན། ང་ཚོའི་འབྲེལ་ལམ་ནི་མི་དང་མིའི་བར་གྱི་ཆེ་མཐོང་དེ་ཡིན་ལ། དེ་ནི་རིགས་རུས་དང་ཕོ་མོ། ཆོས་ལུགས་དང་ལོ་ན། རིག་གཞུང་དང་མི་རིགས། འབྱུང་ས་སོགས་ཁྱད་མེད་པར་འགྲོ་བ་མིའི་རིགས་ཚང་མར་ཁྱད་མེད་དུ་དབང་བ་ཞིག་ཀྱང་ཆགས་ཡོད། ང་ཚོས་འགྲོ་བ་མིའི་རིགས་ཀྱི་ཆེ་མཐོང་ལ་གུས་བརྩི་མ་ཞུས་པར་རྡོག་རོལ་དང་སྣང་མེད་བཏང་ཚེ། དམག་འཁྲུག་དང་སྨྲེ་སྔགས། ཁྲག་སྦྱོར་དང་སྡུག་བསྔལ་ཡོང་གི་ཡོད་པ་དེ་ཀུན་ལ་ཤེས་རྟོགས་བྱུང་དུ་འཇུག་དགོས། འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི་གཏམ་བཤད་སྤེལ་བ་ཙམ་མིན་པར། རྒྱལ་ཁབ་ཚང་མས་སོ་སོའི་རྒྱལ་ཁབ་ནང་བརྟན་ལྷིང་དང་ཞི་བདེ། རང་དབང་ཡོང་ཆེད་དེ་ལ་སྲུང་སྐྱོབ་དང་བརྩི་འཇོག་བྱེད་དགོས་ལ། དེ་ནི་འགྲོ་བ་མིའི་རིགས་ཚང་མར་ཡོངས་ཁྱབ་ཅིག་ཆགས་ཡོད་པ་མ་ཟད། ཁ་བྲལ་ཐབས་མེད་པ་ཞིག་ཀྱང་ཆགས་ཡོད་སྟབས། ང་རང་སང་ཉིན་གྱི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཐོག་གདན་ཞུ་གནང་བར་སྤོབས་པ་ཆེན་པོ་སྐྱེས་བྱུང་། ཞེས་སོགས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist