མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེན་རྟོག་པས་མེ་མདའ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

བྲག་མགོ་འབྲོག་རུ་སྡེ་བའི་བོད་མི་ཚོ་རི་མགོར་བསང་གསོལ་གཏོང་དུ་འགྲོ་སྐབས་རྒྱའི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་པའི་ཕོ་གསར་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག

འདི་གར་གནས་ཚུལ་ཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཚེས་ ༡༠ ཉིན་གྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་དང་བསྟུན་ཏེ་དཀར་མཛེས་ཁུལ་བྲག་མགོ་རྫོང་། མདའ་མདོ་ཞིང་འབྲོག་རུ་སྡེ་བའི་ཕོ་གསར་ཁག་ཅིག་སྦག་སྦག་སྟེང་དར་ལྕོག་བཏགས་ཏེ། རི་མགོར་བསང་གསོལ་དུ་འགྲོ་སྐབས་རྒྱ་གཞུང་ཉེན་རྟོག་པས་བཀག་འགོག་བྱས་ཏེ་ཁོང་ཚོའི་བར་ཁ་རྩོད་ཤོར་ཡོད་པ་དང་། ཁོང་ཅག་གིས་བསང་གསོལ་གཏོང་བ་ནི་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས། ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་དེ་མུ་མཐུད་བསྐྱོད་སྐབས། རྒྱའི་ཉེན་རྟོག་པས་རྗེས་འདེད་བཏང་སྟེ་མེ་མདའ་བརྒྱབ་པས་མིང་ལ་རྟ་མགྲིན་ཞུ་བ་ཞིག་གི་རྐང་པའི་གཡས་པའི་བརླ་སྟེང་དུ་མེ་མདའ་ཕོག་ཡོད་འདུག་ལ། མི་གཞན་མང་པོ་ཞིག་གིས་ཉིན་དེར་བསང་གསོལ་ཆེན་པོ་གཏོང་ཐུབ་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉིན་འགའི་གོང་ནས་བཟུང་ས་གནས་དེ་ཁུལ་གྱི་དགོན་སྡེ་དང་གྲོང་པ་ཁག་ཏུ་རྒྱ་ནག་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་དུས་ངེས་མེད་དུ་སྐོར་གཡེང་བྱེད་ཀྱིན་ཡོད་པ་དང་། མཚམས་རེར་སྟེང་དུ་ཉེན་བརྡའི་གློག་དམར་དང་དུང་སྒྲ་རྒྱག་མཁན་གྱི་ཉེན་རྟོག་པ་དང་དམག་མིའི་རླངས་འཁོར་ཡང་འགྲོ་ཚུར་འོང་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་འདུག དེ་བཞིན་ཚེས་ ༡༠ ཉིན་མི་མང་འདུ་འཛོམས་སོགས་བྱེད་དུ་བཅུག་མེད་ཀྱང་མང་ཚོགས་རང་ངོས་ནས་བསང་གཏོང་བ་དང་། གྲྭ་བཙུན་གྱི་དགོན་སྡེ་ཁག་ཏུའང་སྨོན་ལམ་གསུང་འདོན་དོགས་གསུམ་བཅུའི་དུས་དྲན་སྲུང་གཙིའི་རྣམ་པ་བསྟན་ཡོད་སྐོར་བརྗོད་བྱུང་།

ད་དུང་ཁོས། གོ་ཐོས་ལྟར་ན་ཉིན་དེར་བྲག་མགོ་རྫོང་ཐོག་ཏུའང་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཡོད་འདུག བྲག་མགོ་ས་ཁུལ་གྱི་བོད་མི་ཚོས་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་ལ་ངོ་རྒོལ་རབས་དང་རིམ་པ་བྱས་ཡོད་པ་དང་། དེ་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མི་ཚོས་དྲག་གནོན་བྱས་ཏེ། ད་སྔ་མིང་དང་ལོ་རྒྱུས་གསལ་བོ་ར་འཕྲོད་པ་སྐྱ་གསེར་ཕོ་མོ་གྲངས་བརྒྱད་དགུ་ཞིག་དམར་གསོད་བཏང་ཡོད་པ་དང་། རྨས་སྐྱོན་ཕོག་པ་དང་བཙོན་འཇུག་བྱས་པ་སོགས་ཧ་ཅང་མང་པོ་བྱུང་ཡོད་ལ། ཁག་ཅིག་ཟླ་བ་ལྔ་དྲུག་དང་ལོ་གཅིག་རེའི་རྗེས་ལ་མ་གཏོགས་ཧ་མ་གོ་བ་དེ་འདྲ་ཡང་མང་པོ་བྱུང་ཡོད་ཅེས་སོགས་བརྗོད་བྱུང་།

ཕྱི་ལོ་ ༢༠༠༨ ནས་ ༢༠༡༢ ལོའི་བར་བྲག་མགོ་ས་ཁུལ་གྱི་བོད་རིགས་མི་མང་གིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བར། རྒྱ་གཞུང་ཉེན་རྟོག་པ་དང་དམག་གིས་དྲག་གནོན་བྱས་ཏེ་ཚེ་སྲོག་ཤོར་བ་དང་། རྨས་སྐྱོན་ཕོག་པའི་གནས་ཚུལ་སྐབས་དེར་ཕྱི་ལོགས་སུ་ཐོན་པ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༧ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

མཆན། 1

  1. བསོད་རྡོར། says:
    ལོ་ 11 སྔོན།

    (༢༠༡༢ ཟླ་ ༡ ནང་གི་གསར་འགྱུར་ཁག་ཅིག)
    ཕྱི་ལོ ༢༠༡༢ ཟླ ༡ ཚེས་ ༢༣ ཉིན་སྟེ། རྒྱ་ནག་གི་དཔྱིད་གསར་དུ་ཆེན་གྱི་ཉིན་དང་པོར། མགོན་པོ་རིག་འཛིན་བྲག་མགོ་རྫོང་ཐོག་ཏུ་བྱུང་བའི་བོད་མིའི་ཞི་རྒོལ་དུ་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ཟླ་༣ ཚེས་ ༢༩ ཉིན་བྲག་མགོ་རྫོང་གི་ཉེན་རྟོག་པས་ཁོང་འཇུ་བཟུང་བྱེད་པར་ཡོང་སྐབས། ཁོང་གིས་རྒྱ་དམར་གཞུང་གི་སྡུག་རྩུབ་ཀྱི་དྲག་སྤྱོད་ལ་མ་བཟོད་པར་རང་གིས་རང་ལ་གྲི་བཙུགས་ཏེ་འདས་གྲོངས་སུ་གྱུར་འདུག མགོན་པོ་རིག་འཛིན་ནི། མདོ་ཁམས་ཏྲེ་ཧོར་བྲག་མགོ་རྫོང་གི་གཞི་མདའ་གྲོང་སྡེའི་ཉེ་འདབས་སུ་ཆགས་པའི་ འཕྲང་བར་གྲོང་དུ་ཕ་རིག་པོ་དང་མ་ཡེ་ཤེས་སྒྲོལ་མ་གཉིས་སུ་སྐྱེས་ཤིང། གྲོང་པའི་ནང་གི་རྒན་གཞོན་ཚང་མས་ནམ་རྒྱུན་ཁོང་ཉིད་མི་ཡ་རབས་དང་། ཀུན་ལ་འཆམ་མཐུན་ལ་རྒྱ་ཅན་ཞིག་ཏུ་བརྩི་སྲོལ་ཡོད་པ་དང་ད་ལོར་རང་ལོ་ ༢༥ ལ་སོན་ཡོད་པ་རེད།

    ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༩ ཉིན་རྒྱ་གཞུང་དྲག་ཆས་ཉེན་རྟོག་པ་རྣམས་བྲག་མགོ་ནོར་བ་འབྲོག་སར་ཕྱིན་ཏེ། ཡེ་ཤེས་བསམ་འགྲུབ་ཀྱི་ཁང་ཁྱིམ་གྱི་མཐའ་སྐོར་རྗེས་ནང་མིའི་ཐོག་གང་བྱུང་མེ་མདའ་བརྒྱབ་ནས། དེ་སྔོན་བྲག་མགོའི་ཞི་རྒོལ་ཁྲོད་རྨས་སྐྱོན་ཕོག་མཁན་གྲྭ་ཡེ་ཤེས་རིག་གསལ་དང་། ཁོང་གི་སྤུན་མཆེད་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བྱས་ཡོད། སྐབས་དེར་སྤུན་མཆེད་ཡོན་ཏན་བཟང་པོར་མེ་མདས་བརྒྱབ་སྟེ་རྨས་རྗེས་འཇུ་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་དང་། རང་ལོ་ ༧༠ ཙམ་ཡིན་པའི་ཁོ་ཚོའི་ཨ་མ་སངས་ལྷ་དང་བྱིས་པ་ལྔ་ལའང་མེ་མདས་བརྒྱབ་སྟེ་རྨས་ཡོད། ཉིན་ ༡༥ ཙམ་གྱི་རྗེས་སུ་ཡོན་ཏན་བཟང་པོ་མ་ཤི་བར་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཡོད་རབས་གོ་ཐོས་བྱུང་ཡང་། ཁོང་གི་གཟུགས་པོའི་གནས་སྟངས་ངོ་མ་ཅི་ཡིན་ཤེས་རྟོགས་བྱུང་མེད།

    ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ པོའི་ཚེས་ ༢༣ ཉིན་བོད་མདོ་ཁམས་བྲག་མགོའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་མང་པོས་བྲག་མགོའི་རྫོང་གི་ཁྲོམ་གཞུང་སུམ་མདོར་རིམ་ཀྱིས་འདུས་ནས། རྒྱ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་ལ་རང་དབང་དགོས་ཞེས་པ་སོགས་ཀྱིས་སྐད་འབོད་ཀྱིས་རྒྱ་གཞུང་གི་སྲིད་ ཇུས་ལ་ལ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གི་དྲག་དམག་དང་ཉེན་རྟོག་པས། མང་ཚོགས་ཁྲོད་དུ་གང་བྱུང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པའི་འོག་རང་ལོ་ ༤༩ ཡིན་པའི་མི་སྐྱ་ཡོན་ཏན་གྱི་མགོར་མེ་མདའ་བརྒྱབ་སྟེ་དེ་གར་དམར་གསོད་བཏང་ཡོད་པ་དང་། ལི་ཁོ་མ་ལོ་བརྒྱ་ཚང་གི་བུ་ཡང་དམར་གསོད་བཏང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese