མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཕན་ཚུན་མཐུན་པོ་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་ཚོས་བླ་མ་ལ་སྐྱབས་སུ་མཆི། སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་ནས་སྐྱབས་སུ་འགྲོ་སྟངས་དེ་ངའི་བདེ་སྡུག་ཚང་མ་ཁྱེད་རང་གི་ལག་ཏུ་ཡོད་ཟེར་བ་འདྲ་བོ་ཆགས་འདུག དེ་སངས་རྒྱས་པའི་ཆོས་དང་ཡོངས་སུ་འགལ་བ་རེད་ཅེས་༧གོང་ས་མཆོག་གིས་གསུངས།

ཁ་སང་དང་དེ་རིང་ཉིན་ ༢ རིང་༧གོང་ས་མཆོག་སྦིར་ས་གནས་སུ་རྟེན་གཞི་བྱས་པའི་དཔལ་སྤུངས་ཤེས་རབ་གླིང་གི་རྟེན་བརྟེན་པ་ལེགས་འགྲུབ་རབ་གནས་དང་། བཀའ་ཆོས་སོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༡༠ ཐོག་ཤེས་རབ་གླིང་གི་ནཱ་རོའི་སྒྲུབ་སྡེར་ཆིབས་སྒྱུར་བསྐྱངས་ཏེ་མནྜལ་རྟེན་གསུམ་འདེགས་འབུལ་དང་། ནཱ་རོའི་ཆོས་དྲུག་དང་འབྲེལ་བའི་རྩ་རླུང་ཉམས་ལེན་སྤྱན་འབུལ་གྲུབ་རྗེས། བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་དུ་ཆིབས་བསྒྱུར་གྱིས་བཤད་གྲྭར་རབ་གནས་གནང་བ་དང་འབྲེལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས་བསྩལ་སོང་།

སྐབས་དེར་བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་དབུས་མཁན་སྤྲུལ་དང་གྲྭ་བཙུན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་སུ་ཇ་བོད་ཁྱིམ་སོགས་ཉེ་འཁོར་སློབ་གྲྭ་ཁག་གི་དགེ་སློབ་དང་། ཕྱོགས་མཐའ་ཁག་ནས་ཡོང་བའི་སེར་སྐྱ་མི་མང་བཅས་དད་ལྡན་ཆོས་ཞུ་བ་ ༦༠༠༠ ལྷག་འདུ་འཛོམས་གནང་འདུག་ལ། བཀའ་ཆོས་ཀྱི་མཇུག་ཏུ་༸བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་གིས་དབུས་འདུས་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞིག་ཀྱང་ཞུས་སོང་།

བཀའ་ཆོས་སྐབས་༸གོང་ས་མཆོག་གིས་སངས་རྒྱས་ཀྱི་ཆོས་མ་ནོར་བ་བྱེད་དགོས་སྐོར་བཀའ་གནང་དོན། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཁ་གཏུག་གིས་ཞུས་པ་ཡིན་ན། སངས་རྒྱས་པའི་ཆོས་ཟེར་བ་དེ་ག་འདྲ་ཡིན་པ་ཤེས་ཀྱི་ཡོད་པ་མ་རེད། བླ་མ་ལ་སྐྱབས་སུ་མཆི། སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་བ་མ་གཏོགས་མི་འདུག་གཱ སྐྱབས་སུ་འགྲོ་སྟངས་འདྲ་ བོ་དེའང་ངའི་བདེ་སྡུག་ཚང་མ་ཁྱེད་རང་གི་ལག་ཏུ་ཡོད་པ་རེད་ཟེར་བ་འདྲ་བོ་ཆགས་འདུག དེ་སངས་རྒྱས་པའི་ཆོས་དང་ཡོངས་སུ་འགལ་བ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཡིན་ན། ངའི་བདེ་སྡུག་ཚང་མ་ཁྱེད་ཀྱིས་མཁྱེན་ཞེས་ལབ་ན་འགྲིག་གི་ཡོད་པ་རེད། འཇིག་རྟེན་བཀོད་པ་པོས་ང་ཚོ་ཚང་མ་བཀོད་པ་རེད། ང་ཚོའི་བདེ་སྡུག་ཚང་མ་ ཁོང་གི་ཕྱག་ཏུ་ཡོད་པ་ཟེར་གྱི་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་གསུངས་འདུག་མ་གཏོགས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པ་པོ་ཡིན་གསུང་གི་མི་འདུག

ནང་པའི་གཞུང་དུ་འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་ན། རིག་པས་གནོད་པ་ཡོད་པ་མང་པོ་གསུངས་འདུག འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོར་ཕན་གྱི་ཡོད་པས་འགྲིག་གི་ཡོད་པ་རེད། ང་ཚོས་ཇུས་གཏོགས་བྱ་རྒྱུ་ཡོད་པ་མ་རེད། སངས་རྒྱས་པ་རང་གི་ཆོས་ལུགས་ཀྱི་ཐོག་ནས་བཤད་ན། འཇིག་རྟེན་བཀོད་པ་པོ་འདོད་པ་ཡིན་ན་འགྲིག་མིན་མང་པོ་གསུང་གི་ཡོད་པ་རེད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གལ་ཆེན་པོ་བྱས་ནས་ང་ཚོའི་སྡུག་བསྔལ་དེ་བག་ཆགས་ཀྱིས་སེལ་བ་མེད་པ་དང་། སྡུག་བསྔལ་གྱི་རྒྱུ་སྡིགས་པ་དེ་ཆོས་ཀྱིས་འཁྲུད་རྒྱུ་མེད་པ་གསུངས་ཡོད་པ་རེད། ཅེས་གསུངས་སོང་།

ཡང་ཁོང་གིས་བོད་ཀྱི་ཆོས་བརྒྱུད་ཕན་ཚུན་འཆམ་མཐུན་སྔར་ལྷག་ཡོང་ཐབས་དགོས་སྐོར་གསུངས་སོང་། ང་ཚོ་ནང་པའི་ཆོས་པ་ཞིག་ཆགས་ཡོད་སྟབས། ཆོས་ལུགས་ཚང་མར་མཐུན་པོ་དགོས་པ་དཔེ་གལ་ཆེན་པོ་རེད། ད་ལྟའི་ཆར་བྱམས་བརྩེ་བཤད་མཁན་དེ་ཆོས་ལུགས་པའི་ནང་མ་གཏོགས་མི་འདུག བྱམས་བརྩེ་བཤད་མཁན་ཕན་ཚུན་བར་མ་འཆམ་པར་རྒྱག་རེས་བརྒྱབ། གསོད་རེས་བྱས་བསྡད་པ་ཡིན་ན་ཐབས་སྐྱོ་བོ་རེད། དེར་བརྟེན་ཆོས་ལུགས་ཕན་ཚུན་བར་མཐུན་པོ་བྱེད་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། སྔ་མོ་ཡིན་ན་ཆོས་བརྒྱུད་སོ་སོས་ཆོས་བརྒྱུད་གཅིག་བསྟན་པ་གཅིག་བྱས་ནས་འགྲོ་བཞིན་ཡོད་ཀྱང་། དེ་རིང་ཁ་སང་ཆོས་དུ་མ་དང་། བསྟན་པ་དུ་མ་ཟེར་བའི་དུས་སྐབས་ཤིག་སླེབ་ཡོང་གི་ཡོད་ལ། རིམ་གྱིས་ཆོས་བརྒྱུད་ཕན་ཚུན་བར་མཐུན་པོ་བྱེད་པ་ཤུགས་ཆེ་རུ་འགྲོ་བ་ཞིག་ཏན་ཏན་རེད་འདུག ང་རང་ཚོ་བོད་པ་རང་ཉིད་ལ་ཆ་བཞག་ནའང་། ཆོས་བརྒྱུད་ཕན་ཚུན་མཐུན་པོ་བྱེད་རྒྱུ་དཔེ་གལ་ཆེན་པོ་ཆགས་འདུག

འཛམ་བུ་གླིང་འདིའི་སྒང་ལ་ཆོས་དད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་གི་འདུག་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། ང་རང་ཚོ་བོད་པའི་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་ན་ཡང་། ང་རང་ཚོས་སྔ་མོར་དཔེར་ན་དགེ་ལུགས་པས་བཀའ་བརྒྱུད་དང་རྙིང་མར་བརྡུངས་བ་དང་། ཡང་སྐབས་རེར་བཀའ་བརྒྱུད་རྙིང་མ་ཡིས་དགེ་ལུགས་པར་བརྡུངས་ནས་དམག་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད། མིང་ལའང་སེར་དམག་ཟེར་ནས་སེར་དམག་ཕབ་ཡོད་པ་རེད། ང་ཚོ་རྒྱ་གར་ནང་བསླེབས་པའི་དུས་ཡུན་ནང་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམ་པ་ཚང་མ་ཕན་ཚུན་ངོ་ཤེས་དང་ནང་ཚགས་ཆགས་ནས་མཐུན་པོ་ཡོད་པ་དེ་ཞེ་དྲག་ཡག་པོ་རེད། ཅེས་གསུངས་བ་དང་འབྲེལ། ད་དུང་ཡང་ཆོས་བརྒྱུད་ཚང་མས་ཕན་ཚུན་ངོ་ཤེས་པ་ཙམ་མ་ཡིན་པར། ཆོས་བརྒྱུད་ཕན་ཚུན་གྱི་གཞུང་ལ་སློབ་སྦྱོང་དང་བགྲོ་གླེང་སོགས་བརྒྱུད་ནས་ཚང་མ་སྔར་ལས་སེམས་ཐག་ཉེ་བོ་ཡོང་ཐབས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ་པདྨ་མཚོས། སྦིར་ཤེས་རབ་གླིང་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 3

  1. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    ་་་་་་་་་་་་་་་་་སྔ་མོ་ཡིན་ན་ཆོས་བརྒྱུད་སོ་སོས་ཆོས་བརྒྱུད་གཅིག་བསྟན་པ་གཅིག་བྱས་ནས་འགྲོ་བཞིན་ཡོད་ཀྱང་། དེ་རིང་ཁ་སང་ཆོས་དུ་མ་དང་། བསྟན་པ་དུ་མ་ཟེར་བའི་དུས་སྐབས་ཤིག་སླེབ་ཡོང་གི་ཡོད་ལ། རིམ་གྱིས་ཆོས་བརྒྱུད་ཕན་ཚུན་བར་མཐུན་པོ་བྱེད་པ་ཤུགས་ཆེ་རུ་འགྲོ་བ་ཞིག་ཏན་ཏན་རེད་འདུག ང་རང་ཚོ་བོད་པ་རང་ཉིད་ལ་ཆ་བཞག་ནའང་། ཆོས་བརྒྱུད་ཕན་ཚུན་མཐུན་པོ་བྱེད་རྒྱུ་དཔེ་གལ་ཆེན་པོ་ཆགས་འདུག་་་་་་་་་་

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    ད་ཡང་གྲོས་ཚོགས་ཐེངས་དགུ་པའི་གྲོས་གཞི་རུ་ཡོད་པའི། ཆོས་ལུགས་འདྲ་མཉམ་གྱི་རྩ་ཁྲིམས་གཏན་མ་ཁེལ་ན། གྱོང་རག་མཁན་བོད་མི་མང་ཡིན་རྒྱུ་རེད། དེས་ན་བཀའ་སློབ་འདི་འཐུས་མི་དག་གིས་ཉིན་རེར་ཐེངས་གསུམ་རེ་གློག་དགོས་འདུག སྐུ་མཁྱེན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་ འཇིག་རྟེན་བཀོད་པ་པོས་ང་ཚོ་ཚང་མ་བཀོད་པ་རེད། ང་ཚོའི་བདེ་སྡུག་ཚང་མ་ ཁོང་གི་ཕྱག་ཏུ་ཡོད་པ་ཟེར་གྱི་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་གསུངས་འདུག་མ་གཏོགས་བཅོམ་ལྡན་འདས་འཇིག་རྟེན་བཀོད་པ་པོ་ཡིན་གསུང་གི་མི་འདུག ་་་་་་་་་་་
    ཞེས་དང་།
    ་་་་་་་་་་་་་་་ ང་རང་ཚོ་བོད་པའི་ལོ་རྒྱུས་ལ་བསམ་བློ་ཞིག་བཏང་ན་ཡང་། ང་རང་ཚོས་སྔ་མོར་དཔེར་ན་དགེ་ལུགས་པས་བཀའ་བརྒྱུད་དང་རྙིང་མར་བརྡུངས་བ་དང་། ཡང་སྐབས་རེར་བཀའ་བརྒྱུད་རྙིང་མ་ཡིས་དགེ་ལུགས་པར་བརྡུངས་ནས་དམག་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད། མིང་ལའང་སེར་དམག་ཟེར་ནས་སེར་དམག་ཕབ་ཡོད་པ་རེད། ང་ཚོ་རྒྱ་གར་ནང་བསླེབས་པའི་དུས་ཡུན་ནང་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམ་པ་ཚང་མ་ཕན་ཚུན་ངོ་ཤེས་དང་ནང་ཚགས་ཆགས་ནས་མཐུན་པོ་ཡོད་པ་དེ་ཞེ་དྲག་ཡག་པོ་རེད། ་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese