མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་བོད་དང་མཉམ་དུ་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་རང་དབང་སྒེར་ལངས་ཐེངས་ང་དྲུག་པ་དང་བསྟུན་ཏེ་ཡུ་རོབ་ཁག་གི་བོད་རིགས་ཚོ་མཉམ་བསྒྲིལ་ཐོག་ཧྥ་རན་སིའི་རྒྱལ་སར་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཕྱི་རྒྱལ་སྐུ་མགྲོན་ཚོས་མིམང་ལ་གཏམ་བཤད་སྤེལ་ཡོད།

ཧྥ་རན་སིའི་རྒྱལ་ས་ཕ་རི་སི་བོད་རིགས་ཚོགས་པའི་གོ་སྒྲིག་དང་ཡུ་རོབ་ཁུལ་མཉམ་འབྲེལ་ཐོག དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། རྒྱལ་ས་ཕ་རི་སིར་༼ ཡུ་རོབ་བོད་དང་མཉམ་དུ་ཡོད།༽ ཅེས་པའི་མིང་འབོད་ཚིག་འོག བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་དེ་སྲུང་གཙི་ཞུས་ཡོད་ཅིང་། ཐེངས་འདིའི་དུས་དྲན་མཛད་སྒོའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་མཆོག་གིས་གཙོས། ཧྤ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་སྐུ་ཞབས་(Robert Badinter) ཝོབ་བྷིག བྷ་ཏིན་དེག་ལགས། དེ་བཞིན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་བཀྲས་མཐོང་དབང་པོ། སྦར་ཛིལ་དོན་གཅོད་ཚེ་བརྟན་བསམ་གྲུབ། བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ། གཞན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ཧྤ་རན་སི་དང་སྦེལ་ཇམ། སུད་སི་སོགས་ཡུ་རོབ་རྒྱལ་ཁབ་ ༡༥ ཙམ་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཆིག་ཁྲི་ ༡༠༠༠༠ ལྷག་འདུ་འཛོམས་བྱུང་སོང་།

ལས་འགུལ་གྱི་ཐོག་མར་འགྲོ་བ་མིའི་རང་དབང་ཐང་ཆེན་ཐོ་ཀཱ་ཌེ་ཝོབ་ནས་རྒྱ་ནག་གཞུང་ཚབ་བར། རྒྱལ་ཁབ་སོ་སོའི་སྐུ་ཚབ་རུ་ཁག་རྣམས་བང་བསྒྲིགས་ཏེ། ལག་ཏུ་འཕྲད་དར་སྣ་ཚོགས་ཐོགས་ཏེ་གོམ་བགྲོད་གནང་ཡོད་པ་དང་། མཛད་སྒོའི་ཐོག་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྤེལ་ཏེ། ཡུ་རོབ་བོད་མིའི་འདུ་འཛོམས་ལས་འགུལ་འདི་ནི། ད་བར་བོད་ནང་བོད་མི་ ༡༣༦ གིས་རང་བསྲེགས་བྱས་པར་གདུང་སེམས་མཉམ་སྐྱེད་དང་། རྒྱ་གཞུང་གིས་བོད་མིར་དྲག་གནོན་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ། དེ་བཞིན། ད་ལོ་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་ཀྱི་ཡོད་སྟབས། ང་ཚོས་༧གོང་ས་མཆོག་གིས་མི་ལོ་དྲུག་ཅུའི་རིང་བོད་མིའི་ཆོས་སྲིད་ལ་སྐུ་ལས་ཚད་མེད་བསྐྱངས་ཏེ། བོད་མིའི་ཆབ་སྲིད་དམངས་གཙོ་ཅན་དུ་བསྒྱུར་བ། བོད་པའི་ཆོས་བརྒྱུད་ཙམ་མིན་པར་འཛམ་གླིང་ཆོས་ལུགས་ཁག་བར་འཆམ་མཐུན། ཚན་རིག་པར་འབྲེལ་བ་བྱས་ཏེ་བོད་པའི་ནང་ཆོས་ཀྱི་མཚན་མཐོང་ཇེ་མཐོ། ཆོས་དང་མ་འདྲེས་པའི་ཡ་རབས་བཟང་སྤྱོད་ཡར་རྒྱས་གཏོང་བཞིན་པར་ངོས་འཛིན་ཐོག ཁོང་གི་ལམ་སྟོན་འོག་ཤར་སྐྱོད་ཆེད་གོམ་བགྲོད་འདུ་འཛོམས་གནང་བ་ཞིག་ཡིན་སྐོར་སོགས་བརྗོད་སོང་།

དེའི་རྗེས་ཧྥ་རན་སིའི་ཁྲིམས་དོན་བློན་ཆེན་ཟུར་པ་ཝོབ་བྷི་བྷ་ཏིན་དེག་ལགས་ཀྱིས་གཏམ་བཤད་གནང་སྟེ། ༧གོང་ས་མཆོག་གིས་དབུ་འཁྲིད་པའི་བོད་མིའི་འཐབ་རྩོད་དེ་བདེན་པར་གཞི་བཅོལ་བའི་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་ཡིན་ཞིང་། རྒྱ་གཞུང་གིས་བོད་ལ་བསྟུད་མར་བཙན་གནོན་དབང་སྒྱུར་བྱས་པའི་ཉེར་ལེན་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་རུང་། ༧གོང་ས་མཆོག་གི་ནང་པའི་བསམ་བློ་དང་འཚེ་མེད་ཞི་བའི་སྟོབས་ཤུགས་ཀྱིས། མི་འགྱངས་བའི་ཉིན་ཞིག་བོད་དོན་ལ་རྒྱལ་ཁ་འཐོབ་ངེས་ཡིན་ཚུལ་སོགས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་སེང་གེ་མཆོག་གིས། ཐོག་མར་ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་ལུང་པ་འདྲ་མིན་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོ་འདུ་འཛོམས་བྱུང་བ་དེ། བོད་པའི་འཐབ་རྩོད་ཉམས་མི་སྲིད་པའི་རྣམ་པ་གསལ་སྟོན་བྱས་ཡོད་སྐོར་བརྗོད་པ་དང་། ཧྥ་རན་སི་ནི་འཛམ་གླིང་གི་རང་དབང་དང་འདྲ་མཉམ་གྱི་ཕ་ས་ལྟ་བུ་ཆགས་ཡོད་དུས། དེ་རིང་འདི་ལྟ་བུའི་འདུ་འཛོམས་བྱུང་བ་འདི་བོད་ལ་རང་དབང་གི་ཉི་མ་འཆར་བའི་རྟེན་འབྲེལ་ཡག་པོ་བྱུང་ཡོད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། ཉེ་ཆར་རྒྱ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༧གོང་ས་མཆོག་གི་ཡང་སྲིད་རྒྱ་གཞུང་རང་ངོས་ནས་ངོས་འཛིན་བྱ་རྒྱུ་ཡིན་ཚུལ་བཤད་འདུག་ཀྱང་། རྒྱ་གཞུང་ནི་ཆོས་དུག་ཏུ་བལྟ་བ་དག་༧གོང་ས་མཆོག་བདུད་དུ་བལྟ་བའི་གཞུང་ཞིག་ཡིན་སྟབས། ༧གོང་ས་མཆོག་གི་ཡང་སྲིད་འཚོལ་རྒྱུར་ཐེ་བྱུས་བྱེད་དབང་མེད་ཅིང་། གལ་སྲིད་ཡང་སྲིད་བཙལ་རུང་སྔོན་ལ་མའོ་ཙེ་ཏུང་དང་ཏུན་ཞོ་ཕིན། ཀྲུའུ་ཨིན་ལེ་བཅས་ཀྱི་ཡང་སྲིད་བཙལ་དགོས་སྐོར་སོགས་གསུངས་སོང་། དེ་བཞིན་ཁོང་གིས། ༧གོང་ས་མཆོག་གི་ཡང་སྲིད་དེ་བོད་ལ་རང་དབང་མ་འཐོབ་པར་རྒྱའི་བཙན་དབང་འོག་ནམ་ཡང་འཁྲུངས་མི་སྲིད་པར། ཁོང་གི་ཡང་སྲིད་དེ་རང་དབང་མང་གཙོའི་ལུང་པ་ཞིག་ཏུ་ཕེབས་ཏེ། བོད་པའི་བདེ་སྡུག་ཆེད་མཛད་འཕྲིན་མུ་མཐུད་བསྐྱང་ངེས་ཡིན་སྐོར་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། བོད་ཀྱི་ཁོར་ཡུག་ནི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་པ་མ་ཟད། དེང་སང་ས་གཤིས་རིག་པ་བ་མང་པོ་ཞིག་གིས་ཐུན་མོང་ཐོག་བོད་འཛམ་གླིང་སྣེ་གསུམ་པར་ངོས་འཛིན་དང་། ལྷག་པར་དུ་བོད་ནས་བཞུར་གྱིན་རྒྱུགས་ཆུའམ་གཙང་མ་བཅུ་གྲངས་ཤིག བོད་དང་ས་འབྲེལ་ཡིན་པའི་ཨེ་ཤ་ཡའི་རྒྱལ་ཁབ་པཱ་ཀི་སི་ཐན། བྷང་ལ་ཌེ་ཤི འབར་མ། ཀམ་པོ་ཌི་ཡ། རྒྱ་གར་གཙོས་མི་འབོར་དུང་ཕྱུར་བཅུ་གྲངས་ལྷག་གི་འཚོ་བར་ཐད་ཀར་འབྲེལ་བ་ཡོད་དུས། བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁོར་ཡུག་ལ་རྒྱབ་སྐྱོར་བྱེད་པ་ནི། བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་བྱས་པ་ཙམ་མིན་པར། དྲང་བདེན་ལ་རྒྱབ་སྐྱོར་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་ཞེས་གསུངས་སོང་།

གཅན་ཚ་དཔལ་ལྡན་གྱིས། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་ བོད་ཀྱི་ཁོར་ཡུག་ནི་ད་ལྟའི་དུས་སྐབས་འདིར་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཡོད་པ་མ་ཟད། དེང་སང་ས་གཤིས་རིག་པ་བ་མང་པོ་ཞིག་གིས་ཐུན་མོང་ཐོག་བོད་འཛམ་གླིང་སྣེ་གསུམ་པར་ངོས་འཛིན་དང་། ལྷག་པར་དུ་བོད་ནས་བཞུར་གྱིན་རྒྱུགས་ཆུའམ་གཙང་མ་བཅུ་གྲངས་ཤིག བོད་དང་ས་འབྲེལ་ཡིན་པའི་ཨེ་ཤ་ཡའི་རྒྱལ་ཁབ་པཱ་ཀི་སི་ཐན། བྷང་ལ་ཌེ་ཤི འབར་མ། ཀམ་པོ་ཌི་ཡ། རྒྱ་གར་གཙོས་མི་འབོར་དུང་ཕྱུར་བཅུ་གྲངས་ལྷག་གི་འཚོ་བར་ཐད་ཀར་འབྲེལ་བ་ཡོད་དུས།
    བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་ཁོར་ཡུག་ལ་རྒྱབ་སྐྱོར་བྱེད་པ་ནི། བོད་མི་ས་ཡ་དྲུག་ལ་རྒྱབ་སྐྱོར་བྱས་པ་ཙམ་མིན་པར། དྲང་བདེན་ལ་རྒྱབ་སྐྱོར་དང་འཚེ་མེད་ཞི་བར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese