མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་ཙན་དན་དགོན་པའི་གྲྭ་པ་ ༧ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་དགོང་མོར་སོག་རྫོང་ཙན་དན་དགོན་པའི་གྲྭ་པ་ ༧ རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་རྣམ་པ་འཛིན་བཟུང་བྱེད་པའི་རྒྱུ་མཚན་ཉེན་རྟོག་པས་གསལ་བཤད་བྱས་མི་འདུག ས་གནས་ཡུལ་མི་དག་གིས་ཚོད་དཔག་ལྟར་ན། བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་ཕན་ཚུན་གཏོང་རེས་བྱས་པས་ཡིན་ཚུལ་བརྗོད་འདུག

འཛིན་བཟུང་བྱས་པའི་སོག་རྫོང་ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་དང་། གྲྭ་བློ་གྲོས་བསྟན་འཛིན།  གྲྭ་ཚུལ་ཁྲིམས་སྒོ་འབྱེད།  གྲྭ་ཚུལ་ཁྲིམས་རྣམ་རྒྱལ།  གྲྭ་ཐབས་མཁས་ལྷུན་འགྲུབ།   གྲྭ་འཇིག་མེད་ཚུལ་ཁྲིམས། གྲྭ་འཇིག་མེད་གྲགས་པ་བཅས་ཡིན་འདུག་ལ། ཁོང་རྣམས་འཛིན་བཟུང་བྱེད་པའི་རྒྱུ་མཚན་ཉེན་རྟོག་པས་གསལ་བཤད་བྱས་མེད་པ་མ་ཟད། ས་ཕྱོགས་གང་དུ་བཙོན་འཇུག་བྱས་མིན་ཡང་ཤེས་རྟོགས་བྱུང་མི་འདུག

སྤྱིར་ཙན་དན་དགོན་པའི་ཕྱི་ནང་བར་གསུམ་ལ་གསང་བའི་པར་ཆས་གྲངས་ལྔ་བཅུ་ཙམ་བཙུགས་ཡོད་པ་དང་། དེང་སྐབས་དགོན་པའི་ཕྱི་ནང་བར་གསུམ་དུ་ཉེན་རྟོག་མི་སྣ་མང་པོ་འགྲེམས་འཇོག་གིས་ཆུ་ཚོད་ཉེར་བཞིའི་རིང་ལྟ་སྲུང་བྱས་ཡོད་པ་རེད། མཚན་མོར་གྲྭ་པ་རྣམས་ཕྱི་ལ་ཆབ་གསང་དུ་འགྲོ་དུས་ཉེན་རྟོག་མི་སྣས་སུན་པོ་བཟོ་བ་དང་། འཇིགས་སྐུལ་བྱེད་པ་སོགས་དེང་སྐབས་དགོན་པའི་བླ་གྲྭ་རྣམས་འཇིག་སྣང་དང་དངངས་སྐྲག་འོག་གནས་ཡོད་འདུག  ལོ་ན་བཅོ་བརྒྱད་མ་ཟིན་པར་གྲྭ་པ་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག

གོང་གི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ནི་ ༢༠༡༡ ལོར་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པར་བསྙད་ནས་ཉིན་༧རིང་བཀག་ཉར་བྱེད་མྱོང་འདུག་ལ། ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༦ ཉིན་འཛིན་བཟུང་བྱས་ཏེ། ཐོག་མར་ནག་ཆུའི་བཙོན་ཁང་དང་བཀག་ཉར་ཁང་གཉིས་ཀྱི་ནང་རེས་མོས་ཀྱིས་ཟླ་ ༤ དང་ཉིན་གྲངས་ ༢༨ ཙམ་བཙོན་འཇུག་དང་། དེའི་རྗེས་ལྷ་སའི་སྟོད་ལུང་བཙོན་ཁང་དུ་ཟླ་ ༣ དང་ཉིན་ ༡༡ རིང་བཙོན་འཇུག་བྱས་པ་བཅས་ཁྱོན་ཟླ་ ༨ ལྷག་བཙོན་འཇུག་མནར་གཅོད་བཏང་མྱོང་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ཤར་ནས་བཟུང་བོད་ས་ཁྱོན་ཡོངས་ལ་སྤྱི་ཚོགས་དྲ་འཕྲིན་ཁག་གིས་གཙོས་བརྒྱུད་ལམ་ཡོངས་རྫོགས་ལ་དམ་དྲག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་པར་ནག་ཆུའི་ཤར་ཕྱོགས་རྫོང་གསུམ་སྟེ། སྦྲ་སོག་འབྲི་གསུམ་གྱི་ཁྱོན་ལ་དམ་དྲག་ཆེན་པོ་བྱེད་བཞིན་འདུག དེ་སྔོན་ཆབ་སྲིད་ཀྱི་གནད་དོན་འཕྲད་མྱོང་ཡོད་པ་ཚང་མ་ཡུལ་ཚོའི་གཞུང་ལས་ཁང་དུ་འབོད་འགུག་བྱེད་བཞིན་འདུག་ཅེས་བོད་ནས་འབྲེལ་ཡོད་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་སོང་། ཞེས་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese