མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་དྲིན་རྗེས་དྲན་ངོ་མ་དེ་བཀའ་ཇི་བཞིན་བསྒྲུབ་རྒྱུ་དེ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གྲོས་འཆར་ཞིག་ལ་སྤྱི་འཐུས་མང་པོ་ཞིག་གིས་ཚོར་ཤུགས་ཆེན་པོས་དགོངས་ཚུལ་གསུངས་པ་དང་འབྲེལ་ཏེ་སྤྱི་མོས་གྲོས་ཆོད་བཞག་སོང་།

དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གཉིས་པར། སྤྱི་འཐུས་རྒྱུན་ལས་ཀྱིས་༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པའི་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་དོན་ཚན་བཞི་ཅན་ཞིག་འཁྱེར་ཡོད་པའི་ཐོག སྤྱི་འཐུས་ ༢༦ གིས་ཆ་ཤས་བླངས་ཏེ་བགྲོ་གླེང་གནང་བ་བརྒྱུད་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

བཀའ་དྲིན་རྗེས་དྲན་གྲོས་ཆོད་དེ་དང་འབྲེལ་ནས་སྤྱི་འཐུས་རྣམ་པ་ཚོས་དགོངས་ཚུལ་གསུངས་སྐབས། སྤྱི་འཐུས་མང་པོ་ཞིག་གིས་༧གོང་ས་མཆོག་གི་བཀའ་དྲན་རྗེས་དྲན་ངོ་མ་དེ་ཁ་ཞེ་གཉིས་མེད་ཐོག་ཁོང་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་རྒྱུ་དེ་ཡིན་སྐོར་བརྗོད་སོང་ལ། ༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་ཡོད་སྟབས་མཛད་འཕྲིན་ཉུང་དུ་གཏོང་དགོས་ཚུལ་དང་། བུད་མེད་སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་ཡག་པོ་ཡོད་པ་དང་། ལྷག་པར་དུ་གྲོས་ཚོགས་ནང་བུད་མེད་སྤྱི་འཐུས་མང་པོ་བསླེབས་པ། དེ་བཞིན་བཙུན་མའི་སློབ་གཉེར་ཡར་རྒྱས་ཕྱིན་པ་སོགས་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ཏེ་བྱུང་ཚུལ་གསུངས་སོང་།

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། རྗེ་མི་ལ་རས་པས་རྒྱུ་འབྱོར་བའི་འབུལ་བ་བདག་ལ་མེད། ཕ་བླ་མའི་ཞབས་ཏོག་བསྒྲུབ་པའི་འཇལ་གསུངས་པ་ལྟར། ༧གོང་ས་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་ཁོང་གི་བཀའ་བཞིན་བསྒྲུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བཀའ་བསྒྲུབ་སྟངས་དེ་ཡང་སོ་སོའི་འདོད་མོས་དང་མཐུན་པའི་བཀའ་ཞིག་གནང་ན། ལམ་སང་དེ་བསྒྲུབས་པ་དང་། སོ་སོའི་བསམ་བློ་དང་ལྟ་བ་མི་མཐུན་པ་ཞིག་ཡིན་ན། མ་གོ་མདོག་མདོག་བྱས་ན་དེ་བཀའ་བསྒྲུབ་པ་ཞིག་མ་རེད། སོ་སོའི་དོན་བསྒྲུབས་པ་རེད། དེར་བརྟེན། མ་འོངས་པར་ཚང་མས་རྒྱལ་བའི་བཀའ་བཞིན་བསྒྲུབ་དགོས་པ་དེ་དུས་དེ་འདི་ནས་བཟུང་མགོ་འཛུགས་དགོས་པ་དང་། ལྷག་པར་དུ་གྲོས་ཚོགས་འདིའི་ནང་ཡོད་པ་ཚང་མས་དཔེ་སྟོན་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་ཆོས་བརྒྱུད་སྤྱི་མཚུངས་ལྟར་བོན་གྱི་ཆོས་སྡེ་ཁག་རྩ་མེད་བཏང་སྟེ་གཡུང་དྲུང་བོན་གྱི་བསྟན་པ་ཉག་ཕྲ་བའི་སྐབས་ལ། བཙན་བྱོལ་ནང་རྒྱལ་བ་སྨན་རི་བའི་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་༡༩༦༡ ལོར་༧གོང་ས་མཆོག་ལ་ཐོག་མར་མཇལ་སྐབས། ཁྱེད་ཅག་གིས་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་རེད། དེ་ལ་མཐུན་རྐྱེན་གྱི་ཕྱོགས་ནས་ཆ་ཚང་ངས་གནང་དགོས་གསུངས་ཏེ། བོད་པའི་སྤྱི་ཚོགས་ནང་བོན་པོར་ལྟ་སྟངས་འདྲ་མིན་ཞིག་ཡོད་པ་དེ་རྩ་མེད་ཕྱིན་ཏེ། འཛམ་གླིང་འདིའི་ཐོག་བོན་པོ་དེ་ཚོ་མགོ་འཕང་མཐོན་པོ་བྱས་ཏེ་འགྲོ་ཐུབ་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་བརྗོད་སོང་།

ཡང་སྤྱི་འཐུས་ཁག་ཅིག་གིས་བཙན་བྱོལ་སྤྱི་ཚོགས་ནང་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཀྱི་ཡོད་པའི་མིང་ཐོག་ནས་བྱ་བ་སྣ་ཚོགས་སྒྲུབ་བཞིན་ཡོད་པ་དང་། ཡང་ཁག་ཅིག་གིས་རྒྱལ་བའི་བཀའ་ཁ་ལ་འཁྱེར་ཏེ་ལྐོག་ནས་བཤད་སྤྱོད་ངན་པ་སྒྲུབ་ཀྱི་ཡོད་ཚུལ་བརྗོད་སོང་ལ། སྤྱི་འཐུས་ཁག་ཅིག་གིས་མ་འོངས་པར་གང་ཐུབ་ཀྱིས་༧གོང་ས་མཆོག་གི་བཀའ་བཞིན་བསྒྲུབ་རྒྱུ་དང་། བོད་སྤྱི་དོན་ཐོག་འབད་བརྩོན་གནང་རྒྱུའི་དམ་བཅའ་ཡང་བཞག་སོང་།

སྤྱི་འཐུས་ཚོས་དགོངས་ཚུལ་གསུངས་པའི་མཇུག་ཏུ། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། བཀའ་ཤག་སྐབས་ ༡༤ པས་བཀའ་དྲིན་ཆེན་པོ་ཡིན་པ་ངོས་འཛིན་བྱས་པའི་ཐོག་ནས་ ༢༠༡༤ དེ་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་གཙི་ཞུས་ཡོད། ང་ཚོ་ཐོག་མར་རྒྱ་གར་ལ་འབྱོར་སྐབས་སྲིད་བློན་ནེ་རུ་གཙོས་གཞུང་དམངས་སྤྱི་ ཡོངས་ནས་བོད་མི་ཚོར་སྐྱབས་བཅོལ་སྤྲོད་དགོས་དོན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཞིག་ཡིན་ལ། བཙན་བྱོལ་སྒྲིག་འཛུགས་འདི་ཡང་དམངས་གཙོའི་ལམ་ལུགས་ཐོག་ཧྲ་ཏག་ཏག་ཅིག་འགྲོ་ཐུབ་པ་དེ་ཡང་། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཞིག་ཆགས་ཡོད། ཉེ་ཆར་བཀའ་ཤག་གིས་རྒྱལ་སྤྱིའི་སྡིངས་ཆ་ག་པར་བཅར་ཡང་། ང་ཚོས་འཚེ་མེད་ཞི་བའི་ལམ་ནས་རྩ་དོན་རྩོད་ཀྱི་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད་པ་མ་ཟད། འཇིགས་སྐུལ་རིང་ལུགས་པ་དང་ལྟ་བ་མཁྲེགས་འཛིན་ཅན་གྱིས་འཛམ་གླིང་ཐོག་རྙོག་གླེང་མང་པོ་ཞིག་བཟོ་བཞིན་ཡོད་པ་དག་དང་བསྡུར་ན།  འཛམ་གླིང་སྤྱི་ཡོངས་ཀྱིས་ང་ཚོར་མིག་དཔེ་ལྟ་ས་ཞིག་ཆགས་ཡོད་ཅེས་སྤོབས་པ་ཆེན་པོའི་ཐོག་ནས་ཞུ་ཐུབ་པ་དེ་དང་། ཉེ་བའི་ལོ་རྒྱུས་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་རྡོག་རྩ་གཅིག་སྒྲིལ་དང་ མི་རིགས་ཀྱི་ལ་རྒྱ། རྒྱལ་ཞེན་སོགས་ཚད་མཐོ་ཤོས་ཆགས་པ་དེ་ཡང་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ཉེ་ཆར་དྲ་ཐོག་ཉམས་ཞིབ་ཁང་ཞིག་གིས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་གི་མང་ཚོགས་ལ་རྒྱལ་སྤྱིའི་ཐོག་ཆོས་དང་རིག་གཞུང་། ཆབ་སྲིད་དང་མི་རིགས། འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ལ་མཛད་རྗེས་འཇོག་མཁན་གྱི་དབུ་ཁྲིད་ཁག་ལ་དྲ་ཐོག་བསམ་ཤོག་བསྡུས་པ་བརྒྱུད། ༧གོང་ས་མཆོག་འཛམ་གླིང་ནང་གི་སྙན་གྲགས་ཆེ་ཤོས་གྲས་སུ་འདེམས་ཐོན་བྱུང་བ་མ་ཟད། མི་མང་པོ་ཞིག་གིས་ང་ཚོའི་རྒྱལ་པོ་དང་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ལྷག་པ་དགའ་སྣང་བྱེད་དགོས་པའི་མགོ་ཁྲིད་དེ་ཁྱེད་རང་ཚོར་ཡོད་རེད་ཅེས་བརྗོད་ཀྱི་འདུག ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། སྔོན་མ་ཡུ་གུར་མི་རིགས་ཚོས་ང་ཚོར་མི་ཡོད་ཀྱང་མགོ་ཁྲིད་མེད། བོད་པ་ཚོར་མགོ་ཁྲིད་ཡོད་རེད་ཅེས་གསུངས་ཡོད། ང་རང་སྲིད་སྐྱོང་དང་ཕྱག་རོགས་བཀའ་བློན་རྣམ་པར། རྒྱལ་སྤྱིའི་སྡིངས་ཆ་དང་གཞུང་གི་གནད་ཡོད་མི་སྣ་སུ་ལ་མཇལ་འཕྲད་ཞུས་ཀྱང་། ཁོ་ཚོས་༧གོང་ས་མཆོག་ལ་གུས་བཀུར་བརྩི་བཀུར་ཞུ་གི་ཡོད་ཅེས་གསུང་མཁན་ཤ་སྟག་ཡིན་པ་མ་ཟད། ཁོ་ཚོ་དང་མཇལ་རྒྱུ་བྱུང་བ་དང་འབྲེལ་བ་བཟོ་ཐུབ་པ་དེ་ཡང་༧གོང་ས་མཆོག་གི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་ཐེངས་དང་པོ་མཇལ་རྗེས། ཁོང་གི་ཨེ་ཤ་ཡའི་སློབ་སྟོན་པས་ཁོང་ལ་དེ་རིང་ཚོར་བ་གང་འདྲ་བྱུང་ཞེས་དྲིས་པར། ཁོང་གིས་ངའི་མི་ཚེའི་ནང་ང་རང་གིས་བརྩི་འཇོག་བྱེད་ས་རྩ་ཆེ་ཤོས་དེ་ནཱེལ་སལ་མན་ཌ་ལཱ་བརྩི་གི་ཡོད། དེ་རིང་༧གོང་ས་མཆོག་མཇལ་བ་དེས་ངའི་ཚོར་བར་ནཱེལ་སལ་མན་ཌ་ལཱ་མཇལ་བ་ལྟར་བྱུང་སོང་ཞེས་གསུངས་ཡོད། མི་རིགས་ནག་པོ་ཞིག་གིས་དེ་ལྟར་གསུངས་ཡོང་སྐབས། འཛམ་གླིང་གི་མགོ་ཁྲིད་ཚོས་༧གོང་ས་མཆོག་རླབས་ཆེན་གྱི་མི་སྣ་ཞིག་དང་མཛད་འཕྲིན་ཆེན་པོ་ཞིག་ཡིན་པ་བརྩི་གི་ཡོད་པ་ཚང་མས་མཁྱེན་གསལ་ཡིན་སྟབས། བཀའ་ཤག་ངོས་ནས་ཐེངས་འདིའི་གྲོས་ཆོད་ཀྱི་སྔོན་གླེང་དང་དོན་ཚན་བཞིར་རྒྱབ་སྐྱོར་ཡོད་ཅེས་ཞུ་རྒྱུ་དང་འབྲེལ། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་བསྟུན་ཏེ། ཕྱི་དྲིལ་ལས་ཁུངས་ངོས་ནས་ལོ་ ༥༠ ནང་དམངས་གཙོ་དང་འབྲེལ་བའི་ཐོག་ནས་ག་རེ་གནང་ཡོད་མེད་སྐོར་གྱི་དེབ་གཅིག་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གིས་ད་བར་༧གོང་ས་མཆོག་གི་གསུང་བཤད་གནང་བ་དག་ཕྱོགས་བསྒྲིགས་བྱས་པའི་དེབ་ཕྲེང་བཅས་དཔར་བསྐྲུན་ཞུས་ཡོད། ཅེས་གསུངས་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཆོད་དེ་འཁྱེར་དགོས་དོན་ཐད་གསུངས་དོན། མང་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་དྲིན་རྗེས་དྲན་གྱི་གྲོས་འཆར་འཁྱེར་དགོས་དོན་གང་ཡིན་ནམ་དགོངས་སྲིད་པ་ཡིན་སྟབས། གྲོས་ཚོགས་ཀྱིས་༧རྒྱལ་བ་རིན་པོ་ཆེར་ཆེ་བསྟོད་ཞུས་ཏེ་༧གོང་ས་མཆོག་ཆེ་རུ་འགྲོ་རྒྱུ་དང་གྲོས་ཚོགས་ནང་གྲོས་ཆོད་འདི་མ་བཞག་ན་༧གོང་ས་མཆོག་གི་མཚན་མཐོང་དམའ་རུ་འགྲོ་རྒྱུ་གང་ཡང་མེད་ཀྱང་། ང་རང་ཚོ་བོད་པའི་འགྲོ་སྟངས་ཐོག་ནས་རྟེན་བྲེལ་མཚོན་ཆེད་དུ་འཁྱེར་ཡོང་བ་རེད། དེ་རིང་འདིའི་ནང་བགྲོ་གླེང་ཞུགས་སྐབས་གླེང་སྟངས་དང་གླེང་ཚུལ་ཐོག་ནས་སོ་སོའི་སེམས་བག་ཕེབས་པོ་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཀྱི་རེད་བསམ་གྱི་འདུག ཅེས་གསུངས་སོང་།

གྲོས་ཆོད་དོན་ཚན་ ༤ ནི། ༡ ༽ མགོན་པོ་མཆོག་ཉིད་ཀྱིས་སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་བོད་བསྟན་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་པ་ནས་ད་ཆ་ཕྱི་ལུགས་དགུང་གྲངས་ ༨༠ བརྒལ་བར་ཕེབས་ཀྱང་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་མི་རྣམས་ལ་འཕྲལ་དང་ཡུན་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་སླད་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་གསང་གསུམ་མཛད་འཕྲིན་བཟང་པོ་མུ་མཐའ་མེད་པ་བསྐྱངས་དང་སྐྱོང་བཞིན་པ་རྣམས་ལ་གུས་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཐུགས་རྗེ་དང་བཀའ་དྲིན་བླ་ན་མེད་པ་ཆེ་ཆེ་ཆེ་ཞེས་ཞུ་རྒྱུ་དང་། དེ་ལྟའི་བཀའ་དྲིན་རྣམས་དུས་རྟག་ཏུ་བརྗེད་མེད་སྙིང་བཅངས་ཞུ་རྒྱུ།

༢ ༽ བདག་ཅག་བོད་འབངས་རྣམས་ཀྱི་བདེ་སྐྱིད་དང་། བསྟན་འགྲོའི་དགེ་ལེགས་ཀྱི་ཆ་ཕྲ་མོ་ཚུན་ཆད་མགོན་པོ་མཆོག་ཉིད་ཀྱི་སྐུ་ཡི་གསང་ བ་གསུམ་གྱི་མཛད་འཕྲིན་དང་རྗེས་སུ་འགྲོ་ལྡོག་གྲུབ་པས་གངས་ཅན་ལྷ་མི་ཡོངས་ཀྱི་ བསོད་ནམས་ཀྱི་ཞིང་དུ་གང་སྐུ་བསྐལ་པ་རྒྱ་མཚོར་རྟག་ཏུ་བརྟན་ཅིང་། མཛད་འཕྲིན་མུ་མཐའ་མེད་པ་སྐྱོང་བཞེས་ཡོང་བའི་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ།

༣༽ དེང་སྙིགས་ལྔའི་རང་མདངས་ཆེས་ཆེར་བདོ་བའི་དུས་འདིར་མི་ཡི་བསམ་སྤྱོད་གཅུན་མི་ཐུབ་པའི་ངང་ཚུལ་འདི་ལྟར་ལགས་ཀྱང་། ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་སྐྱེ་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ཚེ་རབས་ནས་ཚེ་རབས་བར་རྗེས་སུ་འཛིན་ཅིང་། བླང་དོར་གྱི་ཕེབས་སྒོ་ནམ་ཡང་གཡེལ་བ་མེད་པར་བཀའ་དྲིན་སྐྱོང་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ།

༤ ༽ བདག་ཅག་གཞིས་བྱེས་བོད་མི་ཡོངས་ཀྱིས་དམ་ཚིག་འོ་ཆུ་གཅིག་འདྲེས་ངང་མགོན་པོ་གང་གི་ཐུགས་བརྩེའི་བཀའ་སློབ་ལམ་སྟོན་རྣམས་དུས་རྟག་ཏུ་སྙིང་བཅངས་ཀྱིས་ལག་བསྟར་ཉམས་ལེན་ཞུ་རྒྱུ།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

ཆུ་ཚོད་ ༡༣ སྔོན་ལ།
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢
འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་ལ་ཕེབས། པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བླངས།
གསར་འགྱུར།

འཕྲོད་བསྟེན་བཀའ་བློན་མཆོག་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཏུ་འཚམས་གཟིགས་སུ་ཕེབས། 

༢༠༢༦/༡༡/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese