མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་ཐོག་གང་ཐུབ་ཅི་ཐུབ་བྱེད་ཀྱིན་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་དྲི་བ་དྲིས་ལན་སྐབས་སྲིད་སྐྱོང་མཆོག་གིས་རྩོམ་ཡིག་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་ཡང་འཛུལ་ཞུགས་བྱེད་མཁན་མི་འདུག་གསུངས་སོང་།

དེ་རིང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཉིན་གཉིས་པའི་སྔ་དྲོར། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བ་ཞིག་བཏོན་པ་དང་འབྲེལ་ཏེ། ཤེས་རིག་དང་ཆོས་རིག་ཀྱི་ངོས་ནས་སློབ་ཡོན་དང་དགེ་རྒན་གྱི་གླ་ཕོགས་ཕུད་བོད་ཀྱི་མཐོ་སློབ་ཁག་ཡར་རྒྱས་ཡོང་སླད་ལས་གཞི་གཞན་ག་རེ་བརྩམས་ཡོད་མེད། དེ་བཞིན། བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུན་འཛིན་གོང་སྤེལ་ཆེད་རྩོམ་ཡིག་འགྲན་བསྡུར་དང་བགྲོ་གླེང་སོགས་ལ་དགོངས་པ་བཞེས་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། མཐོ་སློབ་ཁག་གི་དགེ་རྒན་ཚོའི་ཕོགས་ཀྱི་རྩོད་གཞི་དེར། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནང་འགན་ཡོད་པ་དེ་ཚོ་གནང་གི་ཡོད་ཀྱང་། མཐོ་སློབ་ཁག་བཙུགས་སྐབས་ཁོ་རང་ཚོ་རང་དབང་ཅན་ཆགས་ཏེ་འགྲོ་སྟངས་འགྲོ་ལུགས་དང་། དངུལ་འཚོལ་ཐབས་ཡང་སོ་སོས་གནང་གི་ཡོད་ལ། ཁོ་རང་ཚོའི་ངོས་ནས་དགེ་རྒན་གྱི་ཕོགས་འོས་འཚམ་ཞིག་སྤར་ཐུབ་པར་འབད་བརྩོན་གནང་གི་ཡོད་ཤག་ཏུ་རྩི་བཞིན་ཡོད། དཔེར་ན། བོད་མིའི་སྒྲིག་འཛུགས་ཀྱིས་བར་བརྒལ་ནས་བོད་ཁྱིམ་གཙོས་པའི་སློབ་གྲྭ་གཞན་ཁག་ལའང་དགེ་རྒན་གྱི་ཕོགས་ཡོད་པ་རེད། ཡིན་ནའང་། དེ་སོ་སོའི་གནས་སྟངས་ལ་གཟིགས་ན་ཡག་གི་རེད་མ་གཏོགས་ང་ཚོས་བཀོད་ཁྱབ་བཏང་སྟེ། དགེ་རྒན་གྱི་ཕོགས་སྤར་དགོས་རེད་ཅེས་ལབ་པ་ཡིན་ན། ཡང་སོ་སོའི་གནས་སྟངས་ལ་མེད་ན་རང་བཞིན་གྱིས་དཀའ་ངལ་ཞིག་འཕྲད་སྲིད་པ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། མཐོ་སློབ་ཁག་ནང་དུ་རྩོམ་ཡིག་འགྲན་བསྡུར་སོགས་བྱས་ཏེ་བོད་ཡིག་ལ་དོ་སྣང་ཆེ་རུ་གཏོང་ཐབས་ཐོག་གཏན་གཏན་དགོངས་པ་བཞེས་ཀྱི་ཡོད། དཔེར་ན། ཤེས་རིག་ལས་ཁུངས་ནས་ཧྥ་རན་སི་ལ་ཡོད་པའི་རོགས་ཚོགས་(AED)དང་མཉམ་འབྲེལ་ཐོག ༢༠༡༤ ལོ་དེ་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོ་དང་བསྟུན་ཏེ། ༼བོད་འདིས་ང་ལ་ཁྱད་པར་ག་རེ་བཟོ་ཡི་འདུག༽ཟེར་བའི་རྩོམ་ཡིག་འགྲན་བསྡུར་གསལ་བསྒྲགས་གནང་ཡོད་པ་དང་། རོགས་ཚོགས་དེས་རོགས་དངུལ་ཡང་ཕོན་ཆེན་པོ་གནང་འདུག རྩོམ་ཡིག་ ༢༠ ལ་སྒོར་ཁྲི་ ༢ རེ་ཡི་བྱ་དགའ་སྤྲོད་རྒྱུ་བྱས་ཀྱང་། མཐོ་སློབ་ཁག་ཏུ་ཡོད་པའི་སློབ་ཕྲུག་ནས་རྩོམ་འབྲི་མཁན་ ༢༠ མ་བྱུང་བ་རེད། རྗེས་ལ་བསྐྱར་དུ་གསལ་བསྒྲགས་སྤེལ་བ་རེད། དེ་བཞིན་ཆོས་རིག་ལས་ཁུངས་ངོས་ནས་ཀྱང་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་ཕྲུག་ཚོར་དམིགས་བསལ་གྱིས་ཟླ་ ༦ རིང་རྒྱུད་སྨད་གྲྭ་ཚང་དུ་རིན་མེད་ཀྱི་ཐོག་ནས་སྦྱོང་བརྡར་སྤྲད་པ་རེད། ཅེས་སོགས་གསུངས་སོང་།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་འཕྲོས་དོན་དྲི་བར། སློབ་གྲྭ་ཁང་གི་སློབ་དེབ་བོད་སྒྱུར་བྱེད་པའི་ལས་ཀ་དེ་དགེ་རྒན་ཚོས་ལས་ཞོར་དུ་བྱེད་ཀྱི་ཡོད་པ་དང་། ཆོས་སྡེ་ཁག་མ་ཡིན་པའི་མཐོ་སློབ་རྣམས་ཡར་རྒྱས་གཏོང་ཐབས་དང་དེ་དག་གི་སྤུས་ཚད་ལ་ཉམས་ཞིབ་བྱེད་ཀྱི་ཡོད་མེད་དྲིས་པའི་ལན་དུ། སློབ་དེབ་བོད་སྒྱུར་བྱེད་པ་དེ་དགེ་རྒན་ཚོས་ཞོར་ལས་གནང་གི་འདུག་གསུངས་པ་དེ་དངོས་ཡོད་གནས་ཚུལ་ཆགས་ཡོད། གང་ཡིན་ཟེར་ན། བསླབ་གཞི་རྩ་འཛིན་ལྷན་ཚོགས་ཀྱི་ཚན་རིག་སློབ་དེབ་ཅིག་བོད་ཡིག་ཏུ་བསྒྱུར་དགོས་ཀྱི་ཡོད་ན། ཚན་རིག་གི་དགེ་རྒན་ཚད་མཐོ་བོ་ཞིག་དགོས་ཀྱི་ཡོད་ཀྱང་། ང་ཚོའི་སློབ་གྲྭ་ཁག་ནང་ཚན་རིག་དགེ་རྒན་དང་ཨང་རྩིས་དགེ་རྒན་དཀོན་པོ་ཡིན་པ་དེ་ཚང་མས་མཁྱེན་གྱི་ཡོད་པ་རེད། དེ་བཞིན། ཤེས་རིག་ལས་ཁུངས་ནང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བྱེད་ཡོད་པ་དང་། ཁོ་རང་ཚོས་གཞི་རྩའི་སློབ་དེབ་ཁག་བོད་ཡིག་ཏུ་བསྒྱུར་གྱི་ཡོད་ཀྱང་། ཞུ་དག་བྱེད་པར་ངེས་པར་དུ་དགེ་རྒན་ཞིག་དགོས་ཀྱི་ཡོད་པ་རེད། དགུན་ཁའི་གུང་གསེང་སྐབས་དགེ་རྒན་དེས་འགན་ཐོལ་བ་འཁུར་ནས་ཞོར་དུ་ཞུ་དག་བྱེད་དགོས་ཀྱི་ཡོད་སྟབས། རང་བཞིན་གྱིས་དུས་ཚོད་ཀྱིས་བསྐོར་བ་མ་ཐེབས་པ་ཞིག་ཆགས་ཡོང་གི་ཡོད་པ་རེད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། མཐོ་སློབ་ཀྱི་སྤུས་ཚད་གལ་ཆེན་པོ་ཞེ་དྲག་ཡིན་ལ་དེར་ཐུགས་སྣང་གནང་དགོས་ཀྱི་ཡོད་པ་རེད། ད་ལྟ་སཱ་ར་མཐོ་སློབ་དང་ནོར་གླིང་མཐོ་སློབ། སྒྲོལ་མ་གླིང་། ཏཱ་ལའི་བླ་མ་མཐོ་སློབ་སོགས་ཁོ་ཚོ་རང་གིས་དེབ་སྐྱེལ་བྱས་པའི་ཚོགས་པ་དང་། འགན་འཁུར་གནང་མཁན་ཡིན་དུས་སྤུས་ཚད་ཐད་ཐུགས་སྣང་གནང་གི་ཡོད་ཤག་ཡིན། ༢༠༠༢ ལོ་ཙམ་ལ་སྔོན་མའི་བཀའ་ཤག་གིས་ཚོགས་ཆུང་བཙུགས་པའི་ཐོག་ནས་སློབ་ཚན་ཁྲིད་སྟངས་དང་སྤུས་ཚད་ག་འདྲ་དགོས་ཀྱི་ཡོད་མེད། དེ་བཞིན་དགེ་རྒན་ག་ཚོད་དགོས་ཀྱི་ཡོད་མེད་སོགས་ལ་ཞིབ་འཇུག་གནང་བའི་སྙན་ཐོ་ཞིག་འདུག་ལ། བཀའ་ཤག་ནས་མཐོ་སློབ་ཁག་ནང་དེ་ལག་བསྟར་བྱེད་པར་འབད་བརྩོན་གནང་དགོས་པའི་རེ་སྐུལ་ཡང་ཞུས་འདུག ཡིན་ནའང་། གོང་དུ་ཞུས་པ་ལྟར་མཐོ་སློབ་ཁག་གིས་འགྲོ་སོང་སོགས་སོ་སོར་རག་ལས་ཡོད་སྟབས། ང་ཚོས་ཞེ་དྲག་ཞུ་རྒྱུར་སྟབས་བདེ་ཡོད་པ་མ་རེད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese