མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༦ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་དང་ནེའུ་ཇིར་སི་ས་ཁུལ་གྱི་སྐད་འབོད་ལས་འགུལ་སྐབས། ཆབ་སྲིད་ལངས་ཕྱོགས་མཐུན་མིན་ཞིག་གི་ཐོག་ནས་རྙོག་གྲ་ཞིག་བྱུང་ཡོད། གནས་ཚུལ་དེ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྟེ། མང་ཚོགས་ནང་དུའང་གླེང་སློང་ཆེན་པོ་བྱུང་སོང་། རྙོག་གྲ་དེའི་འབྱུང་རྩ་བོད་རང་བཙན་གྱི་འབོད་ཚིག་བཀག་སོང་ཟེར་བ་འདི་རེད།

སྨྲ་བརྗོད་རང་དབང་གལ་ཆེན་རེད། སྨྲ་བརྗོད་རང་དབང་ལས་ཀྱང་རྩ་དོན་གལ་ཆེན་རེད། སྤྱི་བའི་རྩ་དོན་ཆེད་སྒེར་བའི་སྨྲ་བརྗོད་རང་དབང་ལ་རྡོག་རྫུས་ཐེབས་ཀྱིན་ཡོད་ན། སྒེར་བ་བློས་བཏང་སྟེ་སྤྱི་བའི་ལས་དོན་དེ་འགན་ལེན་དགོས། ང་ཚོས་རྒྱ་ནག་ལ་རྩོད་བཞིན་པའི་གྲས་སུ་སྨྲ་བརྗོད་རང་དབང་ཡོད་ཀྱང་། སྨྲ་བརྗོད་རང་དབང་ང་ཚོའི་རྩོད་གཞི་མཐར་ཐུག་མ་རེད།

ད་རེས་ཀྱི་རྙོག་གླེང་འདིའི་ཐད་མི་མང་པོ་ཞིག་གིས་ཁ་རྡུང་གཏོང་ཡུལ་ལས་འགུལ་གོ་སྒྲིག་གནང་མཁན་ཚོ་རེད། གནས་ཚུལ་དེ་བརྒྱུད་ནས་སྐྱོན་བརྗོད་དང་ཟུར་ཟ་བྱེད་ས་དབུ་མའི་ལམ་ཆགས་འདུག དེ་ལྟ་བུའི་ཁ་རྡུང་གཏོང་དོན་ཡང་ལས་འགུལ་གོ་སྒྲིག་པ་ཚོས་རང་བཙན་སྐད་འབོད་གནང་མཁན་ཚོའི་སྟེང་ཉེན་རྟོག་པ་བཏང་སོང་ཟེར་བའི་གླེང་ཕྱོགས་ཤིག་གི་དབང་གིས་རེད།

ད་རེབ་ཨ་རིའི་ནེའུ་ཡོག་གི་རྙོག་གྲ་དེ་ཧ་ཅང་བློ་བུར་བ་ཞིག་རེད། ཁྱབ་སྤེལ་གྱི་མྱུར་ཚད་ཀྱང་ཧ་ཅང་མགྱོགས་པོ་རེད། འཆར་གཞི་གོ་རིམ་ལྡན་ཞིང་ཇུས་འགོད་ཞིབ་ཚགས་རེད། ང་ཚོའི་བོད་པ་ཚོ་འདི་འདྲ་རེད། ཁ་ནང་ལ་སྐོར་ན་དཔའ་མཛངས་ལྡན་ལ་བློ་རིག་ཀྱང་རྒོད། ང་ཚོའི་རྩ་དོན་ཐོག་ལའང་འདི་ལྟར་འཆར་འགོད་དང་། འདི་ལྟར་ཧུར་བརྩོན་ཞིག་ཡོད་ན། ང་ཚོའི་མངོན་འདོད་ཡོངས་སུ་འགྲུབ་མེད་ཀྱང་འགྲུབ་རྒྱུ་ཉེ་སར་བསླེབ་ཡོད་ངེས་ཡིན།

ང་ཚོས་ལས་འགུལ་གྱི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ན་ནི། ལས་འགུལ་དེ་གལ་ཆེ་ཤོས་དང་། ལས་འགུལ་ལ་བར་ཆད་བྱེད་མཁན་དེ་དགྲ་བོའི་དྭངས་མ་ཡིན། ང་ཚོས་རྩ་དོན་གྱི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད་ན། ལས་འགུལ་དེ་ང་ཚོའི་དམིགས་ཡུལ་དུ་འཁྱོལ་བ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་གོ་བ་ལོག་སྒྲུབ་མ་ཐེབས་པ་ཞིག་ངེས་པར་དུ་ཡིན་དགོས།

ཆབ་སྲིད་ཀྱི་ལས་འགུལ་གང་ཞིག་སྤེལ་ཡང་དེའི་བརྡ་ལན་དེ་འབོད་ཚིག་དང་འཕྲེད་དར་ཆགས་ཡོད། ལྷག་པར་དུ་ནུབ་ཕྱོགས་ལུང་པའི་ནང་མང་ཚོགས་ཀྱི་ལས་འགུལ་སྤེལ་སྐབས། ཆེས་འབུར་དུ་ཐོན་པ་དེ་འཕྲེད་དར་སྟེང་གི་ཡི་གེ་ཡིན་ལ། གསར་ལམ་ཁག་དང་ཆབ་སྲིད་པ་ཚོས་དོ་སྣང་བྱེད་ཡུལ་ཡང་འབོད་སྒྲ་དང་འཕྲེད་དར་ཡིན།

ད་རེས་ཀྱི་གནས་ཚུལ་འདི་བརྒྱུད་ནས་མ་འོངས་པར་གཞུང་འབྲེལ་གྱི་ལས་འགུལ་སྤེལ་ཕྱོགས་ཤིག་དང་། འབོད་ཚིག་གི་ནང་དོན། འཕྲེད་དར་སོགས་ཀྱང་གཅིག་གྱུར་གཏན་འབེབས་དང་། གཅིག་གྱུར་ལམ་སྟོན་གསལ་བོ་ཞིག་དགོས་པ་ཧ་ཅང་གལ་ཆེན་རེད། ང་ཚོའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་རེད། བོད་རིགས་ཡོངས་ལ་རང་སྐྱོང་མིང་དོན་མཚུངས་པ་ཞིག་རེག་རྒྱུ་དེ་རེད། འདྲེ་ཤར་སྒོར་བཞག་ནས་ལྟོ་ནུབ་སྒོར་བསྐྱལ་བའི་དཔེ་ལྟར། སྒྲིག་འཛུགས་ཀྱིས་ཁ་ནས་རང་སྐྱོང་བཤད་དེ་མང་ཚོགས་ཀྱི་ལུས་ངག་ནས་བརྡ་ལན་གཞན་ཞིག་ཐོན་ན། དེས་ང་ཚོའི་རྩ་དོན་ལ་ཕན་པའི་ཚབ་ཏུ་གནོད་པ་ཆེ་འོ།།1

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

སྐར་མ ༣༠ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese