མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཡི་ཡང་སྲིད་བཙལ་རྗེས་ང་ལ་ཐེ་གཏོགས་བྱས་ན་འོས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བུའི་ཉིན་༧གོང་ས་མཆོག་གིས་ལྡི་ལའི་ཏ་ཇེ་མཱ་ཧཱལ་མགྲོན་ཁང་དུ། སིངྒ་ལ་ནས་ཕེབས་པའི་ནང་པའི་དགེ་སློང་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ་གནས་བརྟན་སྡེ་བའི་ལུགས་ཀྱི་སྐོར་ལ་བཀའ་སློབ་གནང་འདུག

༧གོང་ས་མཆོག་ཟླ་འདིའི་ཚེས་ ༡༩ ཉིན་ལྡི་ལིའི་ཏ་ཇེ་མཱ་ཧཱལ་གསོལ་མགྲོན་ཁང་དུ། སིངྒ་ལ་ནས་ཕེབས་པའི་གནས་བརྟན་སྡེ་པའི་དགེ་སློང་ཁག་ཅིག་ལ་མཇལ་འཕྲད་གནང་པ་དང་། ཉིན་རྒྱབ་ཨ་རིའི་གཞུང་ཚབ་ཁང་གི་གོ་སྒྲིག་འོག ལྡི་ལིའི་ཨ་རིའི་གཞུང་ཚབ་གཙོས་པའི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་ནང་གི་ཨ་རིའི་གཞུང་ཚབ་པ་ཁག་གི་ཟབ་སྦྱོང་ཞིག་ཏུ་བཀའ་སློབ་གནང་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས་སིངྒ་ལའི་གནས་བརྟན་སྡེ་པའི་དགེ་སློང་ཁག་ལ་བཀའ་སློབ་བསྩལ་དོན། ང་ཚོ་ཚང་མ་སྟོན་པ་གཅིག་གི་རྗེས་འཇུག་གཅིག་མཚུངས་ཡིན། དེང་སྐབས་རྒྱལ་སྤྱིའི་ཐོག་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཚན་རིག་གི་བསམ་བློ་ཡོད་མཁན་ཁག་གཅིག་གིས། ཆོས་ཟེར་བ་དེ་གང་འདྲ་ཡིན་ནམ་སྙམ་པའི་རྣམ་རྟོག་བྱས་ནས་སྡོད་མཁན་མང་པོ་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་གསུང་སྐབས་སྐྱེ་བ་ཕྱི་མ་ཙམ་མིན་པར་ཚེ་འདིའི་བདེ་བ་བསྒྲུབ་ཐབས་སྐོར་བཀའ་བསྩལ་བར་བརྟེན་ཆོས་ཁས་ལེན་ཞིག་མིན་ཡང་ཚང་མར་འབྲེལ་བ་ཡོད་པ་ཞིག་ཆགས་སྟབས། དེང་རབས་ཀྱི་མཁས་པ་ཁག་གཅིག་གིས་ནང་ཆོས་དེ་འགྲོ་བ་མིའི་བདེ་ཐབས་ལ་ཕན་བདེ་བསྐྲུན་མཁན་གྱི་གྲུབ་ཆ་གལ་ཆེན་ཞིག་ངོས་འཛིན་བྱེད་བཞིན་ཡོད། ངོས་ཀྱིས་མི་སུ་འདྲ་ཞིག་ཐུག་ཀྱང་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་བཟུང་སྟེ་ཐུག་འཕྲད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་རང་ཉིད་གཞན་ལས་ལྷག་པ་དང་དམིགས་བསལ་བ་ཞིག་ཡིན་བསམ་ནས་བསྡད་ཚེ། སོ་སོ་གཅིག་པུ་འཁེར་རྐྱང་དུ་ལྷག་རྒྱུ་ལས་མེད་སྟབས། སུ་དང་འགྲོགས་ཀྱང་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་བསམ་པའི་འདུ་ཤེས་འཛིན་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་འདུག

སིངྒ་ལའི་དགེ་སློང་ཚོས་ང་ཚོས་གནས་བརྟན་སྡེ་པ་དང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་བར་མཚུངས་བསྡུར་བྱས་ཏེ་ལྟ་སྐབས། བོད་དུ་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། གནས་བརྟན་སྡེ་པའི་བར་ཁྱད་པར་དེ་ཙམ་ཆེན་པོ་མཐོང་མ་བྱུང་ཞེས་དང་། དེང་སྐབས་སིངྒ་ལའི་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་ཡོད་པ་ མ་ཟད། ༧གོང་ས་མཆོག་མགྱོགས་མྱུར་ངང་སིངྒ་ལར་ཆིབས་སྒྱུར་བསྐྱངས་རྒྱུར་ངང་སྒུག་ཞུ་བཞིན་ཡོད་པར་བརྟེན། དད་ལྡན་མང་ཚོགས་རྣམས་ཀྱི་རེ་འདུན་བསྐོང་ཆེད་ཡུལ་དེར་ཆིབས་སྒྱུར་བསྐྱང་གནང་ཡོང་བ་ཞུ་ཞེས་གསོལ་འདེབས་ཞུས་ཡོད་སྟབས། ༧གོང་ས་མཆོག་གིས་ངོས་རང་སིངྒ་ལར་འགྲོ་ཐུབ་རྒྱུར་དགའ་ཚོར་ཆེན་པོ་ཡོད། དེ་བཞིན་སིངྒ་ལའི་དགེ་འདུན་པ་ཚོ་བོད་པའི་དགེ་འདུན་པ་དང་ལྷན་ཐུག་ནས་བགྲོ་གླེང་གནང་ཐུབ་ན་ཧ་ཅང་ཡག་པོ་ཡོད་པ་རེད། ཅེས་སོགས་གསུངས་འདུག

དེའི་རྗེས་༧གོང་ས་མཆོག་གིས་ཨ་རིའི་གཞུང་ཚབ་ཁག་གི་ལས་བྱེད་ཚོར་ཨ་རི་དང་རྒྱ་གར། ཉི་ཧོང་བཅས་ཀྱི་འབྲེལ་ལམ་གལ་ཆེན་ཆགས་ཡོད་སྐོར་གསུངས་དོན། ངོས་ཀྱིས་རྒྱ་གར་ནི་མི་རིགས་དང་ཆོས་ལུགས། སྐད་ཡིག རིག་གཞུང་སོགས་འདྲ་མིན་ལ་ལྡན་པ་གང་ཞིག་ཕན་ཚུན་འཆམ་མཐུན་དང་བཟོད་བསྲན་ངང་འཚོ་བཞིན་ཡོད་པའི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་སྟབས། གཞན་གྱི་མིག་དཔེ་ལྟ་བུར་གྱུར་ཡོད། དེ་བཞིན་ཉི་ཧོང་ནི་ཨེ་ཤི་ཡའི་འཛུགས་སྐྲུན་ཡར་རྒྱས་ཚད་མཐོ་ཤོས་ཕྱིན་པའི་རྒྱལ་ཁབ་ཞིག་ཆགས་ཡོད་སྟབས། ཨ་རི་དང་རྒྱ་གར། ཉི་ཧོང་བཅས་ཀྱི་འབྲེལ་ལམ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ནི་ངོས་ཀྱིས་རྒྱ་ནག་ལ་ཟུར་ཟ་བྱས་པ་མིན། སྔ་ཕྱི་མ་གཏོགས་རྒྱ་ནག་ཀྱང་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཆགས་ངེས་ཡིན་ཡང་། ད་དུང་རྒྱ་ནག་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་ཆགས་པར་ལོ་ངོ་བཅུ་ཕྲག་འགའ་ཤས་འགོར་སྲིད་པ་རེད། ཅེས་སོགས་གསུངས་འདུག

ད་ལྟ་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱ་རྒྱུའི་རྣམ་འགྱུར་འདོན་བཞིན་ཡོད་པ་དེར་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པའི་ལན་དུ་༧གོང་ས་མཆོག་གིས། རྒྱ་ནག་གཞུང་གིས་ངོས་ཀྱི་ཡང་སྲིད་སྐོར་ལ་ངོས་ལས་ཁོ་ཚོས་སེམས་ཁྲལ་ཆེ་བ་བྱེད་ཀྱི་འདུག ཁོ་ཚོས་ཐོག་མར་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིན་གྱི་ཡང་སྲིད་བརྩད་གཅོད་བྱས་རྗེས། ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་ན་འོས་ཤིང་འཚམ་པ་ཞིག་རེད། དེ་སྔ་ངོས་ཀྱིས་༡༩༦༩ ནང་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་དང་མ་ཡོང་ཟེར་བ་དེ་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་ཆགས་ཡོད་ཅེས་བརྗོད་ཡོད་སྟབས། བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་ཐག་གཅོད་བྱེད་དགོས་པ་ཞིག་ཆགས་ཡོད། ཅེས་བཀའ་ལན་བསྩལ་འདུག

ཡང་དབུ་མ་དང་རང་བཙན་བར་དྲི་བ་བཏོན་པའི་ལན་དུ་༧གོང་ས་མཆོག་གིས། བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་མང་ཆེ་བས་དངོས་ཡོད་གནས་ཚུལ་གཞི་རྩར་བཟུང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། འགའ་རེས་དེར་སོ་སོའི་འདོད་ཕྱོགས་ལྟར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད། དུས་རབས་ ༧།༨།༩ སྐབས་བོད་རྒྱ་ཧོར་གསུམ་ནི་ཨེ་ཤི་ཡའི་མངའ་ཐང་ཆེ་ཤོས་ཡིན་ཡང་། ཕྱིས་སུ་རྒྱ་རིགས་མཁྲེགས་འཛིན་པ་ཚོས་བོད་དང་རྒྱ་ནག་གི་རྒྱལ་རྒྱུད་བར་གཉེན་སྒྲིག་བྱས་པ་དང་། དུས་རབས་ ༡༣ སྐབས་བོད་རྒྱ་གཉིས་སོག་པོའི་དབང་འོག་ཏུ་ཚུད་པ་བཅས་ལ་བརྟེན་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཚུལ་རྗོད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གྱིས་སྐབས་ཤིག་ལ་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་བཤད་ཡོད་ཀྱང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ནི་དོན་དངོས་ཆགས་ཡོད། ཡིན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཐོག་འགན་ཁུར་བྱས་ ནས་བོད་མིའི་འཚེ་མེད་ཞི་བ་དང་བྱམས་བརྩེར་གཞི་བཅོལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་བྱ་རྒྱུའི་རང་དབང་སྤྲད་པ་ཡིན་ན། བོད་མི་རང་གི་ཁེ་ཕན་ཆེད་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ན་དགེ་མཚན་ཆེ་བ་ཡོད། ཅེས་སོགས་གསུངས་འདུག

ཁ་སང་ཚེས་ ༢༠ ཉིན་༧གོང་ས་མཆོག་གིས་ཀུན་ཕན་བདེ་རྩ་ཁང་དུ་དགེ་ལས་སློབ་ཕྲུག་ཚོར་བཀའ་སློན་བསྩལ་དོན། ངོས་རང་གཞོན་སྐྱེས་ཁྱེད་ཚོ་དང་ཐུག་པར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོ་ནི་ལོ་ན་ཆུང་ཞིང་ལང་ཚོ་དར་སྐབས་ཡིན། ངོས་རང་ལོ་ན་ ༨༠ སོན་ཡོད་སྟབས། ཁྱེད་རྣམས་དང་ཐུག་སྐབས་རང་ཉིད་ཀྱང་ཁྱེད་ཚོ་ལྟར་གྲུང་ཤ་དོད་པའི་ཚོར་བ་ཞིག་རང་བཞིན་གྱི་བསླེབ་ཡོང་གི་འདུག དེ་མིན་ལོ་ན་བགྲེས་པ་རྣམས་དང་ཐུག་སྐབས་ངོས་རང་སྔོན་ལ་འཆི་དང་གཞན་དེ་སྔོན་ལ་འཆི་རྒྱུ་ཡིན་སྙམ་པའི་སེམས་ནང་འཆི་རྒྱུ་སུ་མགྱོགས་འགྲན་བསྡུར་བྱེད་པའི་ཚོར་བ་ཞིག་བསླེབས་ཀྱི་འདུག ཆོས་ལུགས་འདྲ་མིན་དང་། ལོ་ན་རྒན་གཞོན། དེ་བཞིན་ལྷོ་ནུབ་ཀྱི་ས་ཕྱོགས་གང་ནས་ཡོང་མིན་དང་། ཆོས་ལ་དད་པ་ཡོད་མེད་སོགས་ཀྱི་ཁྱད་པར་གང་ཡོད་ཀྱང་། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་མཚུངས་ཡིན་སྟབས་ཁྱད་པར་གང་ཡང་མེད། དེར་བརྟེན་ངོས་ཀྱིས་འཛམ་གླིང་ནང་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་ཡིན་པའི་འདུ་ཤེས་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་ཚོར་བ་དེ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད། ཅེས་གསུངས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༧ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 2

  1. གནས་ཚང་། says:
    ལོ་ 11 སྔོན།

    ཧ་ཧ་ཧ། ཞིས་ཅིན་ཕེན་ནི་མའོ་ཡི་མ་འདས་སྤྲུལ་སྐུ་རེད་ཟེར། ཇུས་གཏོགས་བྱེད་ཀྱི་ཡིན་ཟེར་ནས་ས་སྦུར་གནམ་སྦུར་བྱེད་ཀྱི་འདུག་པ་མ་མཐོང་ངམ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་ སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་གསུང་སྐབས་སྐྱེ་བ་ཕྱི་མ་ཙམ་མིན་པར་ཚེ་འདིའི་བདེ་བ་བསྒྲུབ་ཐབས་སྐོར་བཀའ་བསྩལ་བར་བརྟེན་ཆོས་ཁས་ལེན་ཞིག་མིན་ཡང་ཚང་མར་འབྲེལ་བ་ཡོད་པ་ཞིག་ཆགས་སྟབས།
    དེང་རབས་ཀྱི་མཁས་པ་ཁག་གཅིག་གིས་ནང་ཆོས་དེ་འགྲོ་བ་མིའི་བདེ་ཐབས་ལ་ཕན་བདེ་བསྐྲུན་མཁན་གྱི་གྲུབ་ཆ་གལ་ཆེན་ཞིག་ངོས་འཛིན་བྱེད་བཞིན་ཡོད། ་་་་་་་་་་
    ་་་་་་་་་་་ ཁོ་ཚོས་ཐོག་མར་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིན་གྱི་ཡང་སྲིད་བརྩད་གཅོད་བྱས་རྗེས། ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་ན་འོས་ཤིང་འཚམ་པ་ཞིག་རེད། ་་་་་་་་
    ་་་་་་་་་་ ཡང་དབུ་མ་དང་རང་བཙན་བར་དྲི་བ་བཏོན་པའི་ལན་དུ་༧གོང་ས་མཆོག་གིས། བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་མང་ཆེ་བས་དངོས་ཡོད་གནས་ཚུལ་གཞི་རྩར་བཟུང་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་།
    འགའ་རེས་དེར་སོ་སོའི་འདོད་ཕྱོགས་ལྟར་རྒྱབ་སྐྱོར་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད། ་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese