མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་གྲོས་ཚོགས་ནང་བོད་མིའི་ཡ་རབས་བཟང་སྤྱོད་ལ་གཏོར་བཤིག

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་བསྟན་དབྱིག་གཉེན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ལ་སྐུའི་འཁྲུངས་སྐར་གྱི་ཕྱག་བཏགས་ལེགས་ཤོས་དེ་གཞན་ལ་ཕན་པའི་བྱ་བ་བརྩམ་རྒྱུ་དེ་ཡིན་ཞེས་གསུངས་པ་དང་། ཉེ་དུས་བརྟན་བཞུགས་ཀྱི་མཇུག་ཏུ་བཀའ་སློབ་བསྩལ་པའི་ནང་བོད་མི་ཚོས་ཡ་རབས་བཟང་སྤྱོད་བྱེད་ཐུབ་པ་ཡིན་ན་དེ་ནི་བརྟན་བཞུགས་ངོ་མ་དེ་ཡིན་ཞེས་གསུངས་ཡོད། ད་ལྟ་འགྲོ་བཞིན་པའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་ཚོགས་དུས་དགུ་པའི་ནང་སྤྱི་འཐུས་རྒྱུན་ལས་ཀྱིས་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་བའི་གྲོས་འཆར་ལ་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཆོག་གིས་བཀའ་བཞིན་བསྒྲུབ་དགོས་པ་གལ་ཆེ་བའི་སྐོར་གཏམ་བཤད་གནང་སོང་། དེ་བཞིན་བོད་ནང་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་རྗེས་དྲན་གྱི་གཞུང་འབྲེལ་གྲོས་འཆར་ལ་བགྲོ་གླེང་ངམ་གཏམ་བཤད་གནང་བ་མ་ཟད། སྐབས་དེར་ནེའུ་ཡོག་ཏུ་བྱུང་བའི་གནས་ཚུལ་དེས་དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཐབས་སྐྱོ་ཡིན་ལུགས་གསུངས་པ་མ་ཟད། ཞིབ་འཇུག་དང་བརྩད་གཅོད་གཏན་ནས་མེད་པར་སྤྱི་ཚོགས་དྲ་རྒྱའི་གདོང་དེབ་ཅེས་པའི་ནང་ཐོན་པའི་གནས་ཚུལ་རྣམས་ལ་གཞི་བཅོལ་ནས་སྐྱོན་བརྗོད་ཀྱི་ཁ་རྡུང་བཏང་བ་སོགས་སྣ་ཚོགས་གནང་ཡོད།

སྤྱིར་བཏང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་རྣམས་ཀྱིས་གཏམ་བཤད་མང་བ་ཁ་ཐུག་དེར་གང་དྲན་པ་ཙམ་གཞིར་བཞག་གིས་འགྲེལ་བཤད་གནང་སྲོལ་ཡོད་པ་ལས། ཡིག་ཆ་འགྲེམས་སྤེལ་ཟིན་ཡོད་ནའང་དེ་ལ་སློབ་སྦྱོང་དང་ཐུགས་ཞིབ་གནང་ནས་འགྲེལ་བརྗོད་གནང་མཁན་ཉུང་ཤས་ཤིག་རེད། གོང་དུ་ཞུས་པའི་གྲོས་ཆོད་རྫིག་པོ་པོ་དེ་འཇོག་པའི་བགྲོ་གླེང་དང་། སྔོན་རྩིས་ཀྱི་བགྲོ་གླེང་སྐབས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བློ་ཚབས་བྱེད་དགོས་པའི་འགྲེལ་བརྗོད་གཅིག་གནང་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལས་གནས་ནས་དགོངས་ཞུ་གནང་རྒྱུ་ཡིན་ཞེས་གསུངས་ནས་ཕྱིར་ཕེབས་དགོས་པའི་གནས་ཚུལ་དེ་བྱུང་བ་རེད།

བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་བསྙོན་འཛུགས་གསུམ་གནང་བ་དེ་གྲོས་ཚོགས་ནང་ཡོད་པའི་འཐུས་མིའི་ཁོངས་སུ་ཡོད་པར་བསྙོན་འཛུགས་དང་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་དེ་ལྟར་ཡོད་པའི་བསྙོན་འཛུགས་བཅས་གྲོས་ཚོགས་ཀྱི་ཕྱི་ནང་གཉིས་ཀར་བསྙོན་འཛུགས་གནང་ཡོད། ལྷག་པར་གྲོས་ཚོགས་ནང་གནས་རིམ་མཐོ་ཤོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ལ་བསྙོན་འཛུགས་བྱས་པ་རེད། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བརྒྱུད་ལམ་སོགས་ཀྱིས་གནས་ཚུལ་གླེང་སློང་མི་བྱེད་པའི་རེ་བསྐུལ་གནང་ཡོད་ནའང་།གནད་དོན་དེ་གྲོས་ཚོགས་ཙམ་མིན་པར་གྲོས་ཚོགས་ཀྱི་ཕྱི་ལའང་ཡོད་པའི་བསྙོན་འཛུགས་བྱས་པར་བརྟེན་ཁོང་གིས་བསྙོན་འཛུགས་གནང་བ་དེ་དག་ལ་ཁུངས་བསྐྱེལ་ར་སྤྲོད་གནང་དགོས་པའི་ཆེད་འདིར་སླར་ཡང་གླེང་ཙམ་ཞུས་པ་ཡིན།

ལྐོག་ཟ་རུལ་སུངས་དང་སྤྱི་རྒྱུ་སྒེར་སྤྱོད། མི་གསོད་ཁྲག་སྦྱོར་བྱེད་མཁན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡོད་པ་མ་ཟད། གྲོས་ཚོགས་རྭ་བ་འདིའི་ནང་ཡོད་ཅེས་གསུངས་པ་དེ་ནི་ནག་ཉེས་ཤིན་ཏུ་ཆེན་པོ་བྱས་པའི་ཉེས་འཛུགས་ཡིན་པ་དང་། སྤྱི་འཐུས་གྲོས་ཚོགས་ནང་གཏམ་བཤད་གནང་བའི་ཚིག་དོན་ལ་ཁྲིམས་ཁང་ལ་གཏུགས་བཤེར་བྱེད་མི་ཆོག་པའི་ཁྲིམས་སྒྲིག་ཤིག་ཡོད་ནའང་། སྒྲིག་གཞིའི་ཚིག་དོན་དེ་ལག་ཆར་བཟུང་ནས་གྲོས་ཚོགས་ནང་གཞི་མེད་ཀྱི་གཏམ་བཤད་གནང་བ་དེ་ནི་སྤྱི་འཐུས་རྣམས་ཀྱིས་ལས་འཁུར་དམ་འབུལ་སྐབས་ལས་འབྲས་དཔང་འཕེར་དང་དྲང་བདེན་ཕྱོགས་ལྷུང་མེད་པའི་འགན་འཁུར་ལེན་རྒྱུ་ཡིན་ཞེས་དམ་བཅའི་རྩ་ཚིག་དེ་དང་རྒྱབ་འགལ་ཡིན་སྟབས། གལ་སྲིད་དེ་རིགས་གནང་མཁན་སུ་ཡིན་སྤྱི་ཚོགས་ལ་བརྡ་འདོན་དང་ཁུངས་སྐྱེལ་དཔང་རྟགས་ར་སྤྲོད་ཐུབ་ངེས་མེད་ན། དེ་ལྟར་བསྙོན་འཛུགས་གནང་མཁན་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སྤྱི་འཐུས་ནང་མུ་མཐུད་བཞུགས་རྒྱུར་འོས་ཆོས་ལྡན་ཡོད་མེད་འོས་ཤོག་འཕེན་མཁན་བཀའ་བརྒྱུད་མི་མང་ཚོས་ཐག་གཅོད་གནང་དགོས་པ་ཡིན། ལྷག་པར་ཁོང་གིས་གྲོས་ཚོགས་ནང་རྙོག་གླེང་དེ་གཏམ་བཤད་གནང་སྐབས་ཁོང་ཁྲོ་དང་རྩུབ་སྤྱོད་ཀྱི་རྣམ་འགྱུར་དྲག་པོས་སྐད་ཤུགས་ཆེན་པོར་གནང་བ་དེ་ནི་བོད་མིའི་ཡ་རབས་བཟང་སྤྱོད་ལ་རྩིས་མེད་བཏང་བ་མ་ཟད། བཅོམ་ལྡན་འདས་ཀྱི་རྗེས་འཇུག་དགེ་སློང་གི་གཟུགས་སུ་ཆས་ཏེ་ཀུན་སྤྱོད་དེ་འདྲ་ཞིག་གནང་བ་དེ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་མི་ལེགས་པས་སྤྱི་ཚོགས་ནང་ཆོས་ལུགས་སྤྱི་འཐུས་ལ་མཐོང་ཆུང་བཟོ་གཞི་ཡང་བཟོས་ཡོད།

སྤྱི་འཐུས་གྲོས་ཚོགས་ནང་སྤྱི་རྫས་སྒེར་སྤྱོད་དང་ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྦྱོར་བྱེད་མཁན་སུ་དང་སུ་ཡིན་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དེ་རིགས་བྱེད་མཁན་གང་ན་སུ་ཡོད་གསལ་དཀྲོལ། དེའི་དཔང་རྟགས་ཁུངས་སྐྱེལ་གནང་རྒྱུ་བཅས་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་སུ་འགན་འཁུར་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་བཞུགས་མོལ་ཚོགས་འདུར་སྤྱི་འཐུས་རྣམས་ཀྱིས་ཐག་གཅོད་ཇི་ལྟར་གནང་ཡོད་མང་ཚོགས་ཀྱིས་ཤེས་རྟོགས་མེད་པ་དང་། གལ་སྲིད་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་གྲོས་ཚོགས་ནང་བསྙོན་འཛུགས་ཀྱི་གཏམ་བཤད་གནང་བ་དེ་ནོར་འཛོལ་ལ་ངོས་ལེན་དང་ཕྱིར་འཐེན་གནང་ཡོད་ཚེ། དེ་ནི་བཟང་སྤྱོད་ཀྱི་འགྲོ་ལུགས་ཤིག་ཡིན།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་རྣམས་ཀྱིས་གཏམ་བཤད་གནང་སྟངས་དང་ལུས་ཀྱི་རྣམ་འགྱུར་བཅས་སྐབས་རེར་བཟང་སྤྱོད་དང་མ་མཐུན་པ་ཡང་ཡང་ཡོང་གི་ཡོད་པ་དང་། འདས་པའི་དུས་སུའང་དེ་ལྟར་བྱུང་ཡོད་པ་མ་ཟད། ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་དུའང་དེ་ལྟར་ཡོད་པ་མངོན་གསལ་རེད། མང་གཙོ་ཡང་དག་པའི་གྲོས་ཚོགས་ནང་བརྗོད་དུ་མི་རུང་བའི་ཚིག་ཅེས་པ་བེད་སྤྱོད་བྱེད་རྒྱུ་མེད་པར་དམ་འཛིན་གནང་གི་ཡོད། བོད་མིའི་ཡ་རབས་བཟང་སྤྱོད་ནང་དུའང་ངག་གི་མི་དགེ་བ་བཞི་ཡོད་པའི་ནང་ནས་ཚིག་རྩུབ་དང་ངག་འཁྱལ་ནི་གྲོས་ཚོགས་ནང་བརྗོད་དུ་མི་རུང་བའི་ཚིག་ཅེས་པ་དེ་དང་ཉེ་བོ་རེད། སྤྱི་འཐུས་རྣམས་ཀྱིས་ཚིག་རྩུབ་དང་ངག་འཁྱལ་གྱི་དམག་ཡང་ནས་ཡང་དུ་བརྒྱབས་པ་དང་། ཕྱོགས་རེས་དཔུང་གྲོགས་མངོན་གསལ་གྱིས་མིང་འདོན་མེད་ནའང་ཤུགས་ཀྱིས་ཡོད་པ་དེ་ནི་འོས་ཤོག་འཕེན་སྐབས་དང་། གཏམ་བཤད་གནང་ཕྱོགས་གང་ལ་བསྐྱོད་ཀྱི་ཡོད་པ་ནས་གསལ་པོ་ར་འཕྲོད་ཐུབ། སྲིད་དོན་གྱི་ཚོགས་པ་ཡོད་པའི་གྲོས་ཚོགས་ཡིན་ན་ཆབ་སྲིད་ཚོགས་པ་གང་གི་ཁོངས་གཏོགས་ཡིན་པ་དེ་བཞིན་ལངས་ཕྱོགས་སོགས་དབྱེ་གསེས་ཐུབ་ནའང་རང་རེའི་གྲོས་ཚོགས་ནི་སྲིད་དོན་ཚོགས་པ་མེད་ལ། བོད་མི་སྤྱིའི་ཚབ་མཚོན་ཐུབ་པའི་གྲོས་ཚོགས་འཐུས་མི་ཡིན་ཟེར་བའི་ཐ་སྙད་དེའི་འོག་ཕྱག་ལས་གནང་གི་ཡོད་ཚོད་རེད།

དེ་དང་འཕྲོས་ནས་རེས་གཟའ་པ་སངས་ཉིན་བཀའ་དྲུང་ཡིག་ཚང་གི་སྔོན་རྩིས་ནང་སྤྱི་འཐུས་ཚོད་དཔག་ཚོགས་ཆུང་གིས་བཅོག་ཆ་གནང་བའི་གནད་དོན་གཅིག་ལ་སྤྱི་འཐུས་རྣམས་ཀྱིས་འོས་ཤོག་འཕེན་པའི་གནད་དོན་དེ་རེད། འདི་ལོ་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་བརྒྱུད་རིམ་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། སྔོན་རྩིས་བཅོག་ཆ་དེ་ནི་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ཀྱིས་གྲུབ་འབྲས་ལྡན་པའི་ལས་དོན་གནང་བའི་སྐོར་བརྙན་དཔར་གྱི་དཔེ་དེབ་ཕྱོགས་བསྒྲིགས་དང་འགྲེམས་སྤེལ་གནང་རྒྱུའི་གནད་དོན་དེ་རེད། ཚོད་དཔག་ཚོགས་ཆུང་གིས་འོས་བསྡུའི་བརྒྱུད་རིམ་དང་འབྲེལ་ནས་བཅོག་ཆ་གནང་སྐོར་གསལ་བཤད་གནང་བ་དེར་སྤྱི་འཐུས་ཁག་ཅིག་གིས་རྒྱ་དྭོགས་པས་ཕུང་། བོད་རེ་བས་ཕུང་ཞེས་པའི་གཏམ་དཔེ་ལུང་འདྲེན་གནང་ནས་ཚོད་དཔག་ཚོགས་ཆུང་གི་ཀུན་སློང་ལ་དྭོགས་སློང་གནང་སོང་། འོས་བསྡུའི་ལས་རིམ་སྐབས་འོས་གཞིར་ཡོད་པ་དེའི་བྱས་རྗེས་དང་གྲུབ་འབྲས་སོགས་གཞུང་འབྲེལ་གྱི་དྲིལ་བསྒྲགས་བྱེད་པ་དེ་མང་གཙོའི་སྤྱི་ཚོགས་ནང་སྤྱི་བའི་ནུས་པ་འོས་མི་སྒེར་གྱི་བེད་སྤྱོད་བྱས་པར་ངོས་འཛིན་གནང་ནས་དེ་རིགས་སྲིད་དོན་ཚོགས་པ་དང་འོས་མི་སྒེར་གྱིས་གནང་སྲོལ་ཡོད་པས་ཚོད་དཔག་ཚོགས་ཆུང་གིས་བཅོག་ཆ་གནང་བ་དེ་སྤྱི་སྲོལ་དང་མཐུན་པ་ཞིག་ཡིན་ནའང་། དེ་ལ་འགག་བྱ་གནང་བ་རེད། སྟབས་ལེགས་པར་ཚོད་དཔག་ཚུང་གིས་བཅོག་ཆ་ལ་གྲངས་མང་གི་རྒྱབ་སྐྱོར་ཐོབ་ནས་བཅོག་ཆ་གནང་རྒྱུར་མང་མོས་ཐོབ་སོང་། བཀའ་ཤག་གིས་དེ་འདྲའི་ལས་འཆར་ཞིག་བསྣམས་པ་དང་དེ་ལ་དཔལ་འབྱོར་བཀའ་བློན་གྱིས་གསལ་བཤད་ཁྱད་ཚར་ཞིག་གནང་བ་བཅས་ནི་མང་གཙོ་སྲུང་སྐྱོབ་ལ་འགལ་རྐྱེན་བྱེད་སྲིད་པ་ཡིན། ལྷག་པར་མང་གཙོའི་འགྲོ་ལུགས་ལ་ཤིན་ཏུ་མཁས་ཤིང་ཕྱུག་པའི་སྲིད་སྐྱོང་གི་དབུ་ཁྲིད་པའི་བཀའ་ཤག་གིས་མ་འོངས་པའི་སྲིད་སྐྱོང་གི་འོས་མི་དང་འབྲེལ་བའི་དྲིལ་བསྒྲགས་ཡིག་ཆ་དཔར་བསྐྲུན་འགྲེམས་སྤེལ་གནང་རྒྱུའི་སྔོན་རྩིས་འཆར་འགོད་གནང་བ་དེ་ནི་མང་གཙོའི་སྤྱི་ཚོགས་ཀྱི་བཟང་སྤྱོད་དང་འགལ་བའི་ཤིན་ཏུ་བློ་ཚབས་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་རེད། གོང་ཞུས་གནད་དོན་དེ་གཉིས་ལ་དཔྱད་ཚེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་མགོ་འཛུགས་ཟིན་མེད་དམ་སྙམ་པའི་འཇིགས་སྣང་ཞིག་བྱུང་།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 3

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 11 སྔོན།

    དུས་ཡུན་རིང་པོའི་ནང་རྡ་རམ་ས་ལའི་ཁོར་ཡུག་ནི་སྐྱུག་དྲོ་དང་རུལ་དྲིའི་གང་ཡོད་འདུག སྟོན་པ་ལྟ་བུའི་བླ་མ་བཟང་པོའི་འཁོར་དུ་གཡོ་རྒྱུ་ཁྲམ་གསུམ་གྱི་ཐལ་རླུང་ངན་པ་རྒྱུན་མ་ཆད་པ་འཚུབ་སྟེ་བོད་ཀྱི་རྒྱལ་ས་གཉིས་པ་དེ་འབག་བཙོག་རྐུ་ཇག་ཁྲམ་གསུམ་རྟེན་གཞི་ལྟ་བུ་ཆགས་པར། བློ་གྲོས་ཀྱི་རྣམ་དཔྱོད་ཡངས་ཤིང་བོད་ཀྱི་ཁོར་ཡུག་ལ་དུས་རྟག་ཏུ་ཐུགས་འགན་ཁུར་བཞིན་པའི་སྐྱེས་མཆོག་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པས་དུས་ནས་དུས་སུ་འགྲོ་བ་མི་ཡི་མིག་ལམ་དུ་མི་འཛེས་པའི་ཇག་ཚོགས་དང་ཤན་པ། རྐུན་པོའི་ཁོར་ཡུག་གི་གད་སྙིགས་རྣམས་ཐབས་བྱུས་སྣ་ཚོགས་ཀྱིས་གཙང་ཕྱིས་ལ་མུ་འཐུད་དེ་འབད་པ་དང་། ཁྱད་པར་དུ་སྐྱབས་མགོན་རྒྱལ་བའི་དབང་པོ་དགུང་ལོ ༨༠ ཕེབས་པ་དང་བསྟུན་ཁོང་ལ་བཀའ་དྲིན་རྗེས་སུ་དྲན་པའི་མཆོད་པ་བླ་ན་མེད་པ་ཞིག་ཕུལ་བ་སྟེ། རྡ་སའི་རྐུ་ཇག་ཤན་པའི་མགོ་བོར་ལྷག་བསམ་ལྷད་མེད་ཀྱི་སྤྱི་འཐུས་བསྟན་པའི་མཚན་ཅན་གྱིས་བདེན་པའི་ཐོ་བ་གླད་ལ་བསྐོར་ཏེ་ཐེངས་གཅིག་བཞུས་པ་དེས། རྡ་སའི་གད་སྙིགས་ནག་ཕྱོགས་པའི་རིགས་ཐམས་ཅད་བླ་ཉམ་ཚེ་ཉམ་དུ་བཟོས་པ་དང་། ཇག་ཤན་གྱི་འབག་བཙོག་རྣམས་ཁོར་ཡུག་དེའི་དཀྱིལ་དུ་གནས་པའི་བཟོད་གླག་བྲལ་ཏེ་རྐུབ་རྡུལ་ཛོར་པོ་དེ་གྲོས་ཚོགས་ར་བའི་ནང་དུ་སྤྲུག་ཏེ་ཕྱི་བལྟས་མེད་པར་ recycling བསྐྱར་བཟོའི་བཙོག་སྒྲོམ་ནང་དུ་ཐེངས་གཅིག་གཡུག འོན་ཀྱང་རྡ་སའི་ཁོར་ཡུག་ཏུ་དོན་དངོས་ཀྱི་དྲང་བདེན་གྱི་ཁོར་ཡུག་གཙང་མ་ཞིག་ད་བར་ཆགས་མ་ཐུབ་པར་ལྟར་བཙོག་སྒམ་ནང་གི་ཅ་ལག་སླར་ཡང་ཡར་བླངས་ཏེ་བེད་སྤྱོད་གཏོང་བཞིན་འདུག དེར་མ་ཟད་ཕྱོགས་གཉིས་ཀའི་ཁོར་ཡུག་མཐོང་བའི་སྐལ་པ་དབེན་པའི་དམུ་ལོང་ཉུང་ཤས་ཤིག་དང་། བདེན་པའི་དྲི་བསུང་འཐུལ་ས་མེད་ཅིང་མི་བདེན་སྐྱག་དྲི་དྲོ་དུས་བདུད་བརྩིའི་བཅུད་དུ་མངར་བའི་ཁྱི་འཁྱམས་ཁག་ཅིག་ནི། ཇག་ཤན་རྐུན་པོའི་སྐྱག་རྒན་རྣམས་གད་སྙིགས་བླུགས་སྣོད་དུ་གཙང་བཟོ་གནང་སྐབས་དྲང་བདེན་ཟེར་བ་ཞིག་མི་ཚེ་འདིར་མཇལ་མ་མྱོང་བའི་རྐུ་ཇག་ཤན་པའི་ཕྱོགས་གཏོགས་ཁྱི་འཁྱམས་པོ་ཉུང་ཤས་ཤིག་གིས་དྲི་ངན་དང་འབག་བཙོག་གི་སྦག་པའི་སྐྱག་པ་དེ་ཚོ་ཁོ་ཚོའི་ཁ་ཟས་སུ་མཐོང་སྟེ་གད་ཕྱིས་བྱེད་པོ་སྤྱི་འཐུས་བསྟན་པ་ཡར་འཕེལ་ལ་ཁྱི་འཁྱམས་འདི་ཚོ་ངུ་ཟུག་རྒྱག་བཞིན་འདུག

    Reply
  2. ཚ་ཤོད་ཤེས་རབ། says:
    ལོ་ 11 སྔོན།

    འཁོར་རེ། ཁ་ཅིག་གིས་ཟེར་ན། ཁ་སང་གྲོས་ཚོགས་ར་བའི་ནང་གི་རྙོག་དྲ་དེ། འདས་པའི་ཆོས་རྒྱུད་ཀྱི་ནད་རྙིང་ཡོད་པའི་སྲིད་དབང་འཐབ་རྩོད་ཅིག་རེད་ཟེར་ག དེ་རྒྱབ་ལ་སུ་དང་སུ་ཡོད་མེད་ལ་རྩད་གཅོད་བྱ་དགོས། ཁ་ཅིག་གིས་ཞེ་འདོད་ལ་ནད་རྙིང་དེ་བཟུང་། ཁ་གཞན་ཞིག་གཡར་ནས་རང་ཕྱོགས་ལ་མི་མང་པོ་ཚུར་འགུག་བྱེད་ཀྱི་ཡོད་རེད་ཟེར་ག དེ་ནི་ཐབས་ཇུས་ཞིག་རེད། དེ་དངོས་ནས་ཡིན་ན། མ་ཤེས་པར་ཧོབ་རྒྱུགས་བྱེད་མཁན་ཚོར་སྙིང་རྗེ་ཨ།

    Reply
  3. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    རྡ་རམ་ས་ལའི་གསར་འབྱོར་སྤྱི་ཚོགས་ནང་ཆུ་ངོགས་གཏམ་རྒྱུད་ཀྱི་བོད་སྐད་བརྙན་འཕྲིན་ལྟ་རྒྱུར་དགའ་པོ་ཡོད་པར་བརྟེན་དེང་སང་མི་མང་པོ་ཞིག་གིས་སོ་སོ་ལེང་ཧྲན་གྱི་ཕོ་རྒོད་ཡིན་མདོག་སྟོན་ཡོང་གི་འདུག རླུང་འཁོར་ནག་པོས་སྤྱི་པའི་སྡིང་ཆའི་སྟེང་དུ་སྟ་རེ་འཁྱེར་ནས་ཤོར་ཡོང་བ་དེ་དཔའ་ཉམས་ཏོག་ཙམ་ཡོད་ནའང་ཁོ་རྒྱབ་བསྐུལ་བྱེད་མཁན་དེ་བྱུས་དཔོན་ཤེས་རབ་ཐོགས་མེད་ཡིན་པ་མང་པོ་ཞིག་གིས་ཤེས་ཀྱི་མེད། སྲིད་དོན་འོས་མི་གང་ཞིག་གི་འོས་བསྡུའི་ལས་རིམ་ནང་ཆབ་སྲིད་པ་ཕན་ཚུན་དབར་འགྲན་རྩོད་བྱེད་པ་དེ་དེང་རབས་ཆབ་སྲིད་ཀྱི་དབྱིངས་ཤིག་ཡིན་ན་ཡང་དེ་ལ་བཟང་སྤྱོད་ཅིག་ངེས་པར་དུ་ཡོད་དགོས་པ་ཡིན། རང་ཉིད་ལ་རྒྱལ་ཁབ་ཀྱི་སྐྱིད་སྐྱོང་ངམ་སྲིད་བློན་གྱི་འོས་ཤོག་ཐོབ་དགོས་ན་མི་མང་གི་མདུན་དུ་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་སྟོན་རྒྱུ་ཡོད་ན་དེ་ནི་ཨང་ཀི་དང་པོ་ཡིན། དེ་ལྟར་མེད་ན་མ་འོངས་པའི་ལས་དོན་བྱེད་ཕྱོགས་གསལ་སྟོན་གྱི་ཐོག་ནས་མི་མང་གི་ཡིད་སེམས་བཀུག་ཐུབ་པ་དགོས། འདིའི་ཐད་ནས་ཀྱང་རེ་བ་དེ་ཙམ་མེད་ན་ད་དུང་དེ་མིན་གྱི་ཆབ་སྲིད་ཀྱི་ལས་འགུལ་མང་ཙམ་སྤེལ་རྒྱུ་ཡོད། རང་རེའི་སྤྱི་ཚོགས་ལ་མཚོན་ན་གྲྭ་ཚོགས་ཆེ་བའི་གདན་ས་གསུམ་དང་དགོན་པ་གྲྭ་ཚང་གཞན་ལ་མང་ཇ་སྐུ་འགྱེད་ཕུལ་སྟེ་འོས་ཤོག་ཐད་ཐུགས་སྨོན་གནང་རོགས་ཞེས་གོ་རྒྱུ་སྟོན་པ་དང་། གཞིས་ཆགས་ཁག་ལ་རང་ངོས་ནས་རོགས་སྐྱོར་བཙལ་ཏེ་ཡིད་འགུལ་ཐེབས་ཐབས་བྱས་ཀྱིས་འོས་ཤོག་ལ་རེ་བ་བྱེད་པ། ད་དུང་དུས་འཁོར་དབང་ཆེན་སོགས་མི་མང་འདུ་ཚོགས་ཆེ་ས་བེད་སྤྱད་དེ་དྲིལ་བསྒྲགས་བྱེད་པ་སོགས་མང་པོ་ཡོད། འདི་དག་ནི་རང་ཉིད་ལ་འོས་ཤོག་ཐོབ་པའི་ཆེད་དུ་རང་ཉིད་ནས་འབད་བརྩོན་བྱས་པ་ཞིག་ཡིན་པས་བཟང་སྤྱོད་དང་མི་མཐུན་པ་མེད། རང་ཉིད་ལ་འོས་ཤོག་ཐོབ་ཕྱིར་རང་གིས་འགྲན་རྩོད་བྱ་ཡུལ་གྱི་ཁ་གཏད་དེར་ནག་ཉེས་གནམ་སར་མི་ཤོང་བ་བསྐྱལ་ཏེ་ནག་པོ་ནག་རྐྱང་བཟོ་རྩིས་བྱེད་པ་དང་། གཞུང་འཛིན་པ་གང་ཞིག་གི་རང་ཉིད་ལ་ཡང་བསྐྱར་འོས་ཤོག་ཐོབ་ཆེད་ཀྱི་དྲིལ་བསྒྲགས་ཆེད་གཞུང་དངུལ་བེད་སྤྱོད་བཏང་ན་མི་སྤྱོད་དང་མཐུན་ཐབས་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese