མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངག་དབང་རྒྱལ་མཚན་ནག་ཆུར་བཀག་ཉར་བྱས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་ཆགས་ཏེ། ས་གནས་ཡུལ་མི་དག་གི་རྩད་གཅོད་སྐབས་ནག་ཆུའི་ཉེན་རྟོག་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་འདུག

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༤ ཉིན་གྱི་མཚན་མོར་ནག་ཆུལ་ཤག་རོང་དགོན་པའི་གྲྭ་ངག་དབང་རྒྱལ་མཚན་རྒྱ་གཞུང་གི་ཉེན་རྟོག་པའི་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་ཆགས་ཡོད་ཀྱང་། ཁོང་གློ་བུར་དུ་བརླག་རྐྱེན་ས་གནས་ཡུལ་མི་དག་གི་བརྩད་གཅོད་སྐབས་ནག་ཆུ་ཁུལ་གྱི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག ཞིབ་ཕྲའི་གནས་ཚུལ་མ་ཤེས་མེད་ཀྱང་ས་གནས་མང་ཚོགས་ཚོས་ཆབ་སྲིད་ཉེས་འཛུགས་བྱས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གྲྭ་ངག་དབང་རྒྱལ་མཚན་ནི་ནག་ཆུ་རྫོང་རྟར་ཆེན་ཡུལ་ཚོའི་གོང་སུམ་གྲོང་སྡེ་ནས་ཡིན་པ་དང་། ཁོང་གི་ཕ་མིང་ལ་ཚེ་རིང་མི་འགྱུར་དང་མ་མིང་ལ་མར་འཛིན་ཟེར་ཞིང་རང་ལོ་ ༤༡ ཙམ་ཡིན་འདུག དེ་སྔོན་ཤག་རོང་པོ་དགོན་གྱི་གྲྭ་བ་ཡིན་འདུག དགོན་པའི་སྒྲིག་ཁོངས་སུ་ཡོད་དུས་སྲིད་གཞུང་གི་མི་སྣས་དགོན་པར་ཆབ་སྲིད་སློབ་གསོ་སྤྲོད་སྐབས་སུ་སྲིད་གཞུང་གི་མི་སྣ་དང་ཁ་རྩོད་མང་པོ་ཤོར་མྱོང་བ་དང་། རྒྱུ་རྐྱེན་དེ་ལ་རྟེན་ནས་དེ་སྔོན་ཤག་རོང་པོ་དགོན་ལ་ལྔ་ཉི་ཤུ་དོན་རྐྱེན་སྙད་པའི་ཛ་དྲག་གི་གནས་སྟངས་འོག་དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཐེན་མི་བྱེད་ཀ་མེད་བྱུང་ཡོད་འདུག ཁོང་རྒྱུན་ལྡན་དུ་རང་རིགས་ལ་ཤ་ཞེན་ཆེ་ཞིང་རིག་གཞུང་ལ་དོ་སྣང་ཆེན་པོ་ཡོད་པ་མ་ཟད། ལྷ་བྲིས་ལོ་མང་སྦྱང་ནས་རི་མོའི་སྒྱུ་རྩལ་ལ་མཁས་པའི་མི་སྣ་ཞིག་ཀྱང་ཡིན་འདུག

དགོན་པའི་སྒྲིག་ཁོངས་ནས་ཕྱིར་འཐེན་བྱས་ཏེ་ད་ལྟའི་བར་སྤྱི་ཚོགས་ནང་གི་གྲྭ་རྐྱང་དཀྱུས་མ་ཞིག་གི་མི་ཚེ་སྐྱེལ་བཞིན་ཡོད་འདུག རྒྱ་གཞུང་གི་མི་སྣས་བཙན་བཀའ་གཏོང་ནས། གྲྭ་ངག་དབང་རྒྱལ་མཚན་སྤྱི་ཚོགས་ཁྲོད་གང་བྱུང་འགྲོ་མི་ཆོག་པ་དང་། མི་སྣ་འདྲ་མིན་དང་ཐུག་འཕྲད་བྱས་ཚེ་ཉེས་པ་ཕོག་རྒྱུ་ཡིན་པ་དང་། ཡར་མར་འགྲོ་འདུག་སྐབས་སྲིད་གཞུང་ལ་དགོངས་ཞུ་ཡང་བྱེད་དགོས་པའི་གཏན་འབེབས་བཟོས་ཡོད་འདུག ག་དུས་ཡིན་ཡང་རྒྱ་གཞུང་གི་ཉེན་རྟོག་པས་རྗེས་འདེད་བྱེད་པ་མ་ཟད་ཁ་པར་ནང་དུ་སྡིག་ར་ཡང་ཡང་སྐུལ་བཞིན་ཡོད་འདུག ཅེས་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist