མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མཐུན་ཕྱོགས་ལ་ཞི་མོལ་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

རིག་པའི་ཁུ་བྱུག

དོལ་རྒྱལ་ཁ་ལ་འཁྱེར་བའི་མི་དམངས་ཤོག་སྒོར་གྱི་རྒྱུགས་ཁྱིར་རང་རེ་མཆོག་དམན་ཀུན་ནས་ངོས་འཛིན་བྱེད་བཞིན་པ་འགའ་ཞིག་གི་བྱེད་སྟངས་ཁྲེལ་མེད་རིགས་དེ་ཚོར་དོན་དངོས་ཀྱི་ཆ་ཤས་ཏིལ་འབྲུ་ཙམ་ཡང་མེད་པ་འཇིག་རྟེན་མཐོང་ཆོས་སུ་གྱུར་པས་ཡ་ལན་ར་སྤྲོད་བྱེད་མི་དགོས་པར་རང་ངོ་རང་སྤྲོད་བྱེད་བཞིན་པ་ཤེས་ནུས་སུ་གྱུར། འོན་ཀྱང་དེང་སྐབས་དོལ་ཚོགས་དང་ང་ཚོའི་བར་ཞི་མོལ་བྱས་ན་ཡག་པོ་ཡོད་འདྲའི་བསམ་ཚུལ་སྟོན་མཁན་ཡང་ཡོད་འདུག ཕྱི་ཚུལ་ནས་བལྟས་ན་བསམ་ཚུལ་འདི་ནི་དེང་རབས་གུ་ཡངས་རང་བཞིན་གྱི་བསམ་བློ་འདྲ་པོ་ཡོད་ཀྱང་། ཞིབ་ཏུ་བསམ་ཚེ་དོན་གནད་འདི་ཚོའི་ཐད་ཀྱི་རྨང་གཞིའི་ཤེས་བྱ་ཡང་རྒྱུས་མངའ་མེད་པའི་རྟགས་གསལ་པོར་མངོན་བཞིན་འདུག བོད་རྒྱའི་བར་ཆབ་སྲིད་ཀྱི་དོན་གནད་རྙོག་འཛིང་ཅན་ཞིག་ཡོད་ཀྱང་མི་སྤྱོད་དང་མཐུན་པར་ཐག་གཅོད་བྱེད་པའི་དབང་ཚད་སྐྱེ་བོ་ཐ་མལ་པའི་ལག་ཏུ་ཡོད། དོལ་རྒྱལ་གྱི་གནད་དོན་འདི་ནི་ཆོས་ལུགས་དང་འབྲེལ་བ་ཞིག་ཡིན་པས་ཐག་གཅོད་ཀྱང་ལྷ་མི་ཀུན་མཐུན་ཞིག་དགོས་པ་ཡིན། འདིའི་ཐད་ང་ཚོས་ངེས་པར་དུ་ཤེས་རྟོགས་དགོས་པ་འདུག་སྙམ། དེས་ན་ཕྲན་ནས་རང་བློས་གང་ལྕོགས་ཀྱིས་དོན་གནད་འགའ་ཤས་ཐོག་འགྲེལ་བརྗོད་ཅིག་བྱ་འདུན་མཆིས་སོ།།

དོན་གནད་ཀྱི་ངོ་བོ།

དོལ་རྒྱལ་གྱི་རྙོག་གླེང་འདི་ནི་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བྱུང་ཞིང་༸པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་ཏེ་གཟིམ་ཁང་གོང་གི་སྤྲུལ་སྐུའི་གདན་ཐོབ་བྱུང་།༸གོང་ས་ལྔ་པ་ཆེན་པོའི་སྐུ་མདུན་ནས་གསུང་ཆོས་གསན་ཏེ་བླ་སློབ་ཏུ་གྱུར་ཀྱང་རིམ་པས་གཟིམ་ཁང་གོང་འོག་བར་ཐུགས་སྣང་གཤིན་པོ་ཞིག་བྱུང་མེད་ཚོད། སྐུ་ཚེ་རིང་པོ་བཞུགས་མ་ཐུབ་པར་དགོངས་པ་རྫོགས་ཉེའི་མཚམས་སུ་འབྱུང་པོ་ཞིག་གིས་རྒྱུད་བརླམས་པའི་མཚན་མ་བྱུང་བ་བཞིན་དམ་སྲིར་གྱུར་པ་རེད། ལུགས་གཉིས་མཁྱེན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་འདི་པ་ནི་རྒྱུ་སྨོན་ལམ་ལོག་པ་ལས་བྱུང་ཞིང་། ངོ་བོ་དམ་སྲི་འབྱུང་པོ། བྱེད་ལས་བསྟན་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་མཁན་ཞིག་ཡིན་པར་ཐག་གཅོད་གནང་ཡོད་པ་རེད།

ཆོས་ཕྱོགས་ཀྱི་གཟིགས་སྟངས།

ཆོས་ཕྱོགས་ནས་བཤད་ན་བསྟན་པ་སྤྱི་དང་བྱེ་བྲག་ཐེག་པ་ཆེན་པོ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀར་བླ་སློབ་ཀྱི་དམ་ཚིགས་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་མ་ཟད། ཆོས་གྲོགས་ནང་ཕན་ཚུན་གྱི་དམ་ཚིག་ཀྱང་གལ་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཞིག་མ་བྱུང་ན་བསྟན་པ་ཡུན་རིང་གནས་ཐུབ་ཐབས་མེད། དེར་བརྟེན་མདོ་རྒྱུད་གཞུང་ལུགས་དུ་མ་དང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་མང་པོས་དམ་ཚིག་ཧ་ཅང་གལ་ཆེན་ཡིན་པ་གསལ་པོ་གསུངས་ཡོད་པ་རེད། གལ་ཏེ་བླ་སློབ་བར་དམ་ཚིག་ཉམས་ཆག་ཕྱིན་པ་ཞིག་ཡིན་ན་དེ་ནི་དམ་ཉམས་ཡིན་ཅིང་། དམ་ཚིག་ཉམས་ཆག་ཕྱིན་ཟིན་ནའང་ད་དུང་ཆོས་འབྲེལ་སྤྱི་དང་ལྷག་པར་གསང་སྔགས་ཀྱི་ཆོས་འབྲེལ་བྱས་ན་བླ་སློབ་གཉིས་ཀར་ཕན་ཐོགས་གང་ཡང་མེད་པར་མ་ཟད་ལས་ངན་ཚབས་ཆེན་གསོག་པའི་རྒྱུར་འགྲོ་བ་ཡིན། དེར་བརྟེན་དམ་ཚིག་ཉམས་ཆག་ཕྱིན་པ་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མཚམས་འཇོགས་བྱེད་པ་ནི་ཕན་ཚུན་གཉིས་ཕན་གྱི་ཐག་གཅོད་ཅིག་ཡིན་པ་རེད།

ཐག་གཅོད་བྱེད་པོའི་ཡོན་ཚད།

ལྷ་འདྲེ་གང་ཞིག་གི་ངོ་བོ་དང་རྒྱུ། བྱེད་ལས་སོགས་ཐག་གཅོད་བྱེད་མཁན་གྱི་གང་ཟག་དེ་ནི་ལྷ་མི་ཀུན་གྱི་གཙུག་ཏུ་བཀུར་ཡུལ་དུ་གྱུར་པའི་གང་ཟག་ཁྱད་པར་ཅན་ཞིག་ཡིན་དགོས་པ་རེད། ལུགས་གཉིས་མཁྱེན་པའི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་ལྔ་པ་ཆེན་པོ་ནི་གངས་ལྗོངས་ལྷ་མི་ཀུན་གྱིས་གཙུག་གི་ནོར་བུར་བཀུར་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་ཤིག་རེད། ༸གོང་ས་ལྔ་པ་ཆེན་པོས་རྒྱུ་སྨོན་ལམ་ལོག་པ་ལས་བྱུང་བའི་དམ་སྲི་འབྱུང་པོ་བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན་ཞིག་ཏུ་ངོས་འཛིན་གནང་ཟིན་པའི་དོལ་རྒྱལ་གལ་ཏེ་འཇམ་མགོན་རྒྱལ་བའི་བསྟན་སྲུང་དམ་ལྡན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་ན། དེ་ལྟར་བྱེད་མཁན་དེ་༸གོང་ས་ལྔ་པ་ཆེན་པོ་དང་རྟོགས་པ་མཉམ་པ་ཞིག་དགོས་པར་མ་ཟད། དེ་ལྟར་ཡིན་པའི་ལུང་རིགས་ཀྱི་སྒྲུབ་བྱེད་ཚད་ལྡན་གྱི་ཐོག་ནས་འགྲེལ་བརྗོད་བྱེད་དགོས་ཀྱང་དེ་འདྲའི་སྐྱེ་བོ་དམ་པ་ཞིག་ད་བར་བྱུང་མྱོང་མེད། དགེ་ལྡན་བསྟན་པའི་གསལ་བྱེད་ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ཚད་ལྡན་དམ་པ་མང་པོས་དགག་བྱ་གནང་ཡོད། ༸སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོ་མཆོག་ནས་ཀྱང་༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་སྐུ་མདུན་དུ་དོལ་རྒྱལ་འཇམ་མགོན་རྒྱལ་བའི་བསྟན་སྲུང་དམ་ཚིག་ཅན་ཞིག་ཡིན་པའི་ཁུངས་ལྡན་གྱི་སྒྲུབ་བྱེད་ཕུལ་རྒྱུར་མ་སྤོབས་པར་ཨ་མའི་སྐྱེས་ལྷ་ཡིན་པའི་ཆ་ནས་གསོལ་མཆོད་བྱེད་ཀྱི་ཡོད་སྐོར་ཞུས་པ་དང་། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་ནས་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་༸རྒྱལ་བ་ཀརྨ་པའི་སྐུ་མདུན་དུ་དོལ་རྒྱལ་གསོལ་མཆོད་སྦས་གནང་དགོས་བྱུང་བ་འདི་ནི་དཔེ་མཚོན་གསལ་ཤོས་ཤིག་རེད། ༸རྒྱལ་མཆོག་སྐུ་ཕྲེང་རིམ་པའི་ནང་༸གོང་ས་ལྔ་པ་ཆེན་པོའི་བཀའ་བཅད་ལ་འགྱུར་བ་གཏོང་དགོས་ན་༸རྒྱལ་མཆོག་བཅུ་གསུམ་པ་དང་བཅུ་བཞི་པ་ཆེན་པོར་བབས་འོས་མཆིས་ཀྱང་༸གོང་ས་རྣམ་གཉིས་ནས་༸གོང་ས་ལྔ་པ་ཆེན་པོའི་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་མཛད་ཡོད།

ད་ལྟའི་དོན་དངོས་ཀྱི་གདམ་ཀ

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་དང་འབྲེལ་བའི་གནད་དོན་ཐད་སྔ་ཕྱིའི་ཡོང་རྐྱེན་ཐམས་ཅད་ལ་དགོངས་དཔྱད་ཐིལ་ཕྱིན་མཛད་དེ་དོལ་རྒྱལ་དགེ་ལྡན་བསྟན་པའི་སྲུང་མ་ལྟ་ཅི། དམ་ཚིག་ཅན་གྱི་དྲེག་པ་ཞིག་ལས་ཀྱང་ལྡོག་སྟེ་བསྟན་དང་འགྲོ་བ་ལ་གནོད་ཅིང་འཚེ་བ་བྱེད་མཁན་གྱི་དམ་སྲི་འབྱུང་པོ་ཞིག་ཡིན་པ་མངོན་གསུམ་གསལ་གཟིགས་བྱུང་། དེ་ལྟ་བུའི་དམ་སྲི་འབྱུང་པོ་ཞིག་འཇམ་མགོན་རྒྱལ་བའི་བསྟན་སྲུང་དུ་འཁྲུལ་ཏེ་གསོལ་མཆོད་བྱེད་པ་ནི་བསྟན་པ་སྤྱི་དང་། འཇམ་མགོན་རྒྱལ་བའི་བསྟན་པའི་རྨ་འབྱིན་ཆེན་པོར་གཟིགས་ཏེ་རིམ་པས་དོལ་རྒྱལ་བསྟན་གསོལ་དང་འབྲེལ་བའི་སྐོར་ལམ་སྟོན་ཕེབས། འཇམ་མགོན་རྒྱལ་བའི་བསྟན་འཛིན་སྐྱེས་ཆེན་དམ་པ་རྣམས་དང་། ཞིང་མཆོག་འདུས་པ་རྒྱ་མཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཞིན་སྤང་བླང་དམ་འཇོག་ནོར་འཛོལ་མེད་པ་གནང་ཡོད་ཀྱང་། གོ་ཤེས་མེད་པའི་སྐྱེ་བོ་ཉུང་ཤས་ནས་ལམ་ནོར་ལྡོག་ཤེས་མ་བྱས་པར་ད་དུང་དེ་ལས་ལྡོག་ཏེ་ལུང་རིགས་ཐད་ལྡན་གང་ཡང་སྨྲ་རྒྱུ་མེད་པར་ལོང་བཤད་སྣ་ཚོགས་འུར་སྒྲོག་གིས་སྤེལ་ཏེ་མཐར་དགྲ་དགའ་གཉེན་སྡུག་གི་ལམ་དུ་བསྐྱོད་པར་བརྟེན།༸གོང་ས་མཆོག་ནས་བསྟན་དོན་ཐུགས་ལ་བཅངས་ཏེ་དམ་ཉམས་དེ་རིགས་གང་ཉིད་ཀྱི་སྐུ་མདུན་ནས་དབང་ལུང་མན་ངག་ཞུ་བ་དང་། བསླབ་སྡོམ་ཞུ་བ་སོགས་མི་བྱེད་པའི་བསྐུལ་མ་གནང་ཡོད། དམ་ཚིག་གཅིག་ཏུ་འབྲེལ་བའི་རྡོ་རྗེ་སྤུན་གྲོགས་རྣམས་ནས་ཀྱང་མ་སྐུལ་དང་བས་བླངས་ཏེ་དམ་ཉམས་དེ་རིགས་དང་ཆོས་དང་ཟང་ཟིང་གི་སྐལ་བ་མཉམ་སྤྱོད་མི་བྱེད་པའི་དམ་འཇོགས་མཛད་དེ་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་རྒྱལ་བའི་བསྟན་པའི་དབུ་འཕང་གཟེངས་སུ་ཐོན་པར་གནང་།༸རྒྱལ་བསྟན་སྤྱི་དང་བོད་གངས་ལྗོངས་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཉག་ཕྲའི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས་ང་ཚོས་དོལ་རྒྱལ་དང་༸རྒྱལ་བ་རིན་པོ་ཆེ་གཉིས་ཀྱི་ནང་ནས་གཅིག་འདེམས་དགོས་ན་༸རྒྱལ་བ་རིན་པོ་ཆེ་འདེམས་རྒྱུ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་ལོང་བས་ཁམས་སུམ་གྱི་དཔེར་མཐོང་བས་ང་ཚོས་བྱས་པའི་གདམས་ཀ་འདི་ནི་མི་ཆོས་དང་མཐུན་ཞིང་ཆོས་ཉིད་དང་ཡང་མི་འགལ་བ་ཞིག་ཡིན་པ་སྤོབས་པས་བཤད་ཆོག་པ་ཡིན།

གྲོས་མོལ་གྱི་ཞི་རྟེན་མེད།

གོང་དུ་དབྱེ་ཞིབ་བྱས་པའི་དོན་གནད་དེ་ཚོར་བསམ་གཞིགས་བྱེད་སྐབས་དོལ་རྒྱལ་གྱི་གནད་དོན་ཐད་གཉིས་ཕན་གྱི་གྲོས་མོལ་བྱེད་པའི་གཞི་རྩ་ཞིག་མེད་པ་གསལ་པོ་རེད། ཆོས་ལུགས་ཀྱི་ཐད་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་མདོ་རྒྱུད་ཀྱི་གཞུང་ལུགས་ནང་བླ་སློབ་ཀྱི་དམ་ཚིག་གལ་ཆེར་གསུངས་ཡོད་པས་དམ་ཚིག་སྲུང་བ་ནི་བསྟན་པ་སྲུང་བ་ཡིན། དོལ་རྒྱལ་དེ་ཉིད་ཚད་ཐུབ་ཀྱི་སྐྱེས་ཆེན་དུ་མས་དམ་སྲིར་ངོས་འཛིན་གནང་ཡོད་པ་རེད། དེར་རྟེན་ཐེག་ཆེན་ཆོས་གཞུང་གི་ཐད་ནས་གྲོས་མོལ་གྱི་གཞི་རྩ་མེད། ཡང་ལ་ལས་དོལ་རྒྱལ་དེ་ཡང་སེམས་ཅན་ཞིག་ཡིན་པའི་ཆ་ནས་སྙིང་རྗེའི་ཡུལ་ཡིན་ཚུལ་གཏམ་ཨ་ཕས་གཏང་རྒྱུ་ཨ་མས་བཏང་པའི་དཔེ་ལྟར་ལོང་བཤད་འདྲ་ཆགས་དེ་འདྲ་བྱེད་ཀྱི་འདུག དོལ་རྒྱལ་འདི་ཉིད་རྒྱུ་དང་ངོ་བོ་བྱེད་ལས་བཅས་ཀྱི་ཆ་ནས་སྐྱེ་བ་འདི་ཉིད་ལ་ལས་ངན་ཞེ་གཅིག་གསོག་པའི་ངོ་བོར་གྲུབ་པར། ལས་གསོག་གི་རྒྱ་ཇེ་ཆུང་དང་ནུས་མེད་དུ་གཏོང་བ་ནི་དོན་དམ་པའི་སྙིང་རྗེ་མ་ཡིན་ནམ། བྱང་ཆུབ་སེམས་དཔས་འགྲོ་བ་ཉམ་ཐག་པ་ལས་ངན་ཁོ་ན་གསོག་བཞིན་པ་མཐོང་ནས་སྡིག་ཅན་ཚེ་ཐུང་བ་ཤོག་ཅེས་སྨོན་ལམ་བཏབ་པ་བྱང་ཆུབ་སེམས་པའི་སྨོན་ལམ་རླབས་པོ་ཆེར་སོང་ན། འདི་ཉིད་ཁྱད་འབྱེད་པའི་ལུང་རིགས་ཐད་ལྡན་སྨྲ་རྒྱུ་མེད་པ་གསལ་པོ་རེད། མི་སྤྱོད་ཀྱི་ཐད་ནས་དོལ་རྒྱལ་བྱུང་ནས་མི་ལོ་བཞི་བརྒྱ་ལྷག་གི་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པར་ཕན་ཐོགས་འདི་བྱུང་ཞེས་བརྗོད་རྒྱུ་མེད་པར་ད་དུང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་པོའི་སྐུ་སྲོག་དཀྲོངས་པ་ཕ་རྒོད་བླ་མའི་ཞལ་ལུང་ནང་གསལ་པོ་བཀོད་ཡོད། ༸གོང་ས་ལྔ་པ་ཆེན་པོ་ནས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་འདི་ཉིད་བར་གྱི་སྐུ་ཕྲེང་རིམ་བྱོན་སྤྱི་དང་ལྷག་པར་༸རྒྱལ་མཆོག་བཅུ་བཞི་པ་འདི་ཉིད་ནི་བོད་འབངས་ལ་ལྷག་པར་བཀའ་དྲིན་ཆེ་བ་ཕར་བཤད་ཚུར་བརྗོད་བྱེད་མི་དགོས་པར་ཀུན་གསལ་མཁའ་ཁྱབ་ཡིན་པས་འདིར་གྲོས་ཁ་བསྡུར་སའི་གཞི་རྟེན་མེད།།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 3

  1. བཀྲ་ཤིས་ལྷ་མོ། says:
    ལོ་ 11 སྔོན།

    ད་བར་རྒྱ་གཞུང་གིས་ཏ་ལའི་བླ་མ་མཆོག་ལ་དོལ་ཚོགས་ལས་ལྷག་པའི་ལས་ངན་བརྩམས་ཡོད། རྒྱུ་ཚན་ཕ་ཡུལ་ལ་རྐང་པ་སྤོ་ས་མེད་པ་བཟོས་ཏེ་མཐའ་འཕུད་བཏང་ཡོད། དེར་མ་ཟད་ཕྱི་ཕྱོགས་སུ་བྲོས་བྱོལ་ཚར་རྗེས་སུའང་རྒྱ་གཞུང་གིས་དམ་བསྒྲགས་ཅི་ཐུབ་དང་། ལམ་དགྲ་བར་ཆད་གཏོང་བཞིན་པ་རེད། དེ་ལས་སྡུག་པའི་ལས་ཀ་དོལ་ཚོགས་པས་བྱས་པ་མ་མཐོང་། དོལ་ཚོགས་ཀྱིས་འདི་ལྟར་བྱེད་གོས་པ་ནི་འགོ་བརྩམས་ས་བོད་མི་ནང་ཁུལ་ནས་རེད་ལ་དོལ་རྒྱལ་ཚོགས་པས་འགོ་བརྩམས་པ་ཞིག་ཅི་ནས་ཀྱང་མ་མཐོང་། དྲ་གྲོགས་ཚོ་འདི་ལ་རྒྱུ་མཚན་ཚད་ལྡན་ཞག་ཡོད་པ་ཞུ། ཁ ངན་ཚིག་ངན་གྱིས་དོན་དངོས་ལ་ཕན་ཐོག་མེད་པ་ཀུན་གྱི་མཁྱེན་གསལ་ལགས།

    Reply
  2. བཀྲ་ཤིས་ལྷ་མོ། says:
    ལོ་ 11 སྔོན།

    ཁྱེད་རང་རྒྱུ་མཚན་བཤད་སྟངས་དེ་ལ་བལྟས་ན་བོད་རྒྱ་ཞི་མོལ་ཡོང་ཐབས་མེད་པ་གྲགས། ག་རེ་ཡིན་ནམ་ཟེར་ན། རྒྱ་གཞུང་ནི་བོད་གཞུང་གི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་རོ། བཤད་དགོས་སྣང་ཤར་ནས་ཁ་ནང་ནས་དོན་ཚད་བུ་དང་། རྐུབ་ནང་ནས་དོན་ཚད་བུ་མ་རེད་གདའ། ཧཧཧཧཧཧཧཧཧཧཧཧཧཧ།

    Reply
  3. གནས་ཚང་། says:
    ལོ་ 11 སྔོན།

    ནང་ཆོས་ཀྱི་རྗེས་འཇུག་པ་ཡིན་ཟེར་མཁན་ཞིག་གིས་སྐད་ཆ་འདི་ལྟར་བཤད་ན་ད་གང་ལ་སླེབས་ཟིན་ནམ། སྟོན་པ་ཐུགས་རྗེ་ཅན་གྱིས་བསྲེག་བཅད་བརྡར་གསུམ་གྱི་ལམ་ཁ་ཐུན་མོང་མ་ཡིན་པ་ཞིག་བཏོད་ཡོད་པའི་ཁར། རང་ཉིད་ལ་དུག་དྲངས་ནས་བགྲོངས་མཁན་ལའང་གུ་ཡངས་བཏང་ཡོད། ཐ་ན་ལྷས་བྱིན་གྱིས་སྒྱོགས་རྡོ་འཕངས་ནའང་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད། ད་བོད་པའི་ང་ཡིན་ཁོ་ཡིན་ཟེར་མཁན་ཚོ་ནད་ཚ་ག་རེ་ཡིས་བཟུང་ཟིན་པ་རེད་དམ། མ་གྱུར་སེམས་ཅན་ཟེར་བའི་ནང་དུ་མ་རུ་མ་གྱུར་བ་ག་ཚད་ཅིག་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese