མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནོར་གླིང་བོད་ཁྱིམ་སྨན་རྩིས་ཁང་སོགས་ཀྱི་རྩིས་ཁྲའི་གནས་སྟངས་ཞན་ཤོས་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་བསྒྲགས་པ་ལྟར་ན། སྔོན་ཆད་དང་བསྡུར་ན་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་རྩིས་ཁྲའི་གནས་སྟངས་ཇེ་བཟང་དུ་སོང་ཡོད་ཀྱང་། རང་དབང་ཅན་གྱི་སྡེ་ཚན་ཁག་ཅིག་གི་གནས་སྟངས་ད་དུང་ཤིན་ཏུ་ཞན་པོ་ཡིན་པའི་མཐོང་ཚོར་བྱུང་ཡོད་འདུག

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བརྒྱད་པ་སྟེ། དེ་རིང་སྔ་དྲོར་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་ཁག་གྲུབ་རྗེས། སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༦ པའི་སྙན་ཐོ་ཤོག་ངོས་ ༡༨༦ ཅན་ཞིག་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་།

ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྙན་ཐོ་སྒྲོགས་སྦྱང་གནང་བའི་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་སྡེ་ཚན་ ༡༢༢ ཙམ་གྱི་རྩིས་ཁྲར་ཞིབ་འཇུག་བྱས་ཏེ་སྐྱོན་གནད་ ༢༡༠༨  ཙམ་ཤེས་རྟོགས་བྱུང་ཡོད་འདུག

སྙན་ཐོའི་ནང་ད་རེབ་ཞིབ་འཇུག་སྐབས་ཀྱི་སྤྱི་ཡོངས་མཐོང་ཚུལ་བཀོད་ཡོད་པའི་ནང་། འགའ་ཤས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་པ་གང་འཚམ་ཡོད་ཅིང་། ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་ཁྲོད་ནས་རྩིས་ཁྲའི་གནས་སྟངས་སྐྱོ་ཤོས་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆགས་ཡོད་པ་དང་། དེ་ནས་ངྷ་སྟེང་བོད་ཁྱིམ་དང་། སྨན་རྩིས་ཁང་སོགས་ཆགས་ཡོད་འདུག

ངྷ་སྟེང་བོད་ཁྱིམ་གྱི་རྩིས་ཁྲར་ཞིབ་འཇུག་བྱས་པའི་གྲུབ་དོན་ནང་། “ངྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་རྩིས་ཁྲའི་གནས་སྟངས་ཞན་པོ་འདུག་པ་དང་། ལྷག་པར་དུ་བོད་ཁྱིམ་ལག་ཤེས་བཟོ་གྲྭའི་གནས་སྟངས་ཤིན་ཏུ་སྐྱོ་བོ་འདུག བོད་ཁྱིམ་ཁྱབ་ཁོངས་བྷེང་ལོར་གྲོང་ཁྱེར་ནང་དེབ་སྐྱེལ་ཡོད་པའི་བོད་ཁྱིམ་མཉམ་འབྲེལ་(TCV Credit Co-operative Society)མགོ་འཛུགས་བྱས་པ་ནས་བཟུང་ད་བར་རྩིས་ཞིབ་གནང་བ་བྱུང་མི་འདུག བྷེང་ལོར་ཉེ་འདབས་སུ་ཡོད་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་(Dalai lama Institute of Higher Education)གི་རྩིས་ཁྲར་ ༢༠༡༠ ནས་ ༢༠༡༣ བར་རྩིས་ཞིབ་ཟིན་འདུག་ཀྱང་། འདི་ག་ཚོགས་ཆུང་ལ་ཡིག་ཆ་འབྱོར་རིགས་མ་བྱུང་། གོང་གསལ་སྡེ་ཚན་གཉིས་ཐོག་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་ལས་སློབ་བདེ་དོན་མ་དངུལ་དང་། ལས་བྱེད་གསོག་དངུལ་གྱི་མ་དངུལ། ཕྲུ་གུའི་དངུལ་རྔན་སྡེ་ཚན་(རྩིས་ལོ་ ༢༠༡༡ དང་ ༢༠༡༢ ལོའི་རྩིས་ཁྲར་ཞིབ་འཇུག་ཟིན།) ཡང་བསྣན་ཏེ་རྩིས་ལོ་ ༢༠༡༤ ཟླ་ ༣ ཚེས་༣༡ བར་རྩིས་ཞིབ་འཕྲལ་མར་གནང་དགོས་པ་དང་། དེ་དག་ཟིན་རྗེས་གོང་གསལ་སྡེ་ཚན་གསུམ་གྱི་གནས་སྟངས་ཐོག་ཞིབ་འཇུག་སླད་གྲོས་ཚོགས་ནས་ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་བཞག་དགོས་པའི་རྒྱབ་གཉེར་ཞུ།” ཞེས་སོགས་བཀོད་འདུག

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་ཡན་ལག་ཆོས་ནོར་མགྲོན་ཁང་གི་ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ ལོའི་བར་གྱི་རྩིས་ཁྲར་ཞིབ་འཇུག་བྱས་པའི་ནང་། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཉིས་ཀར་འགལ་བའི་གནས་ཚུལ་མང་དག་ཅིག་བྱུང་ཡོད་པ་མ་ཟད། འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་མ་ཞུས་པར་ལས་དོན་བྱས་དང་དངུལ་འབོར་ཆེན་ཕར་གཏོང་ཚུར་ལེན་བྱས་པ། རྩིས་གསུབ་བཏང་བ་སོགས་ཀྱི་གནད་དོན་མང་པོ་ཡོད་འདུག་ལ། བོད་མིའི་སྒྲིག་འཛུགས་ལྷན་ཁང་བདུན་ལ་སྣུམ་འཁོར་ ༡༢ ལས་མེད་ཀྱང་ནོར་གླིང་དུ་སྣུམ་འཁོར་ ༡༡ ཙམ་ཡོད་པ་ནི་རྒྱས་སྤྲོས་ཀྱི་རྣམ་པ་ཡིན་པ་དང་། བཀའ་འཁྲོལ་མེད་པར་ཟླ་ཕོགས་ཚད་ལས་བརྒལ་བ་སྤར་བ། ཨ་སྒོར་ ༦༧༢༨༤ ཡི་འབབ་ཧིན་སྒོར་ ༢༨༢༥༩༣༣ ཙམ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་མི་གསུམ་ལས་གྲུབ་པའི་ཚོགས་ཆུང་གིས་རྒྱབ་གཉེར་གཞིར་བཟུང་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྩིས་བསུབ་བཀའ་འཁྲོལ་གནང་འདུག་ཀྱང་། ཉིན་དེ་ནི་བཀའ་ཁྲི་གསར་པས་དམ་འབུལ་ཞུས་པའི་ཉིན་མོར་འཁེལ་འདུག་སྟབས་རྩིས་བསུབ་བཀའ་འཁྲོལ་གནང་བ་འགྲིག་མིན་སོགས་འཁོད་འདུག

དེ་བཞིན་སྙན་ཐོའི་ནང་། “འགན་འཛིན་སྒྲོལ་མ་སྐྱབས་དང་བསོད་ནམས་ཆོས་འཛོམས་ཡེ་ཤེས་གཉིས་ནས་སྒེར་ཟས་གཞུང་གྲོན་དུ་བཏང་བ་དོ་བདག་སོ་སོས་འཕྲལ་དུ་སྒྲུབ་མཇལ་དགོས་རྒྱུ།” ཞེས་དང་།  “ལས་བྱེད་སྒྲོལ་མ་སྐྱབས་ནས་སྒོར་ ༨༧༣༥༤༢ དང་། ཀིམ་ཡེ་ཤེས་ནས་སྒོར་ ༡༠༤༧༤༡༩ སྒེར་སྤྱོད་ཆེད་སྔ་འདོན་འཁྱེར་འདུག་པ་ནས་རྗེས་སུ་རྩིས་ཞིབ་བྱས་འཕྲོས་ད་ལྟ་སྒྲོལ་མ་སྐྱབས་ནས་ཡོང་བསྡད་སྒོར་ ༥༨༦༧༤།༦༧ དང་། ཀེམ་ཡེ་ཤེས་ནས་ཡོང་བསྡད་སྒོར་ ༢༩༠༥༣ བྱས་འདུག”།  “བསོད་ནམས་ཆོས་འཛོམས་ཡེ་ཤེས་ཀྱི་ཟླ་རེའི་ཁང་གླ་སྒོར་ ༢༥༠༠༠ གཞུང་གྲོན་དུ་བཏང་བའི་ཐད། དོ་བདག་གི་ཁང་གླ་བསྡོམས་སྒོར་ ༣༡༢༥༠༠ བཏང་བ་དེ་དག་བསོད་ནམས་ཆོས་འཛོམས་ཡེ་ཤེས་ནས་ཕྱིར་སློག་དགོས་རྒྱུ་དང་། དེ་ལྟར་མ་ཐུབ་ཚེ་དབང་ལྡན་འགན་འཛིན་ནས་སྒྲུབ་འཇལ་དགོས་རྒྱུ།”ཞེས་སོགས་འཁོད་འདུག

དྷ་སྟེང་བོད་ཁྱིམ་ཡིག་ཚང་གི་ ༢༠༡༡ ནས་ ༢༠༡༢ ལོའི་བར་གྱི་རྩིས་ཁྲའི་ནང་སྒྲིག་གཞི་དང་འགལ་བ་དག་ནི། “བོད་ཁྱིམ་གྱི་སྒྲིག་གཞིའི་དགོངས་དོན་ལྟར་ལས་བྱེད་ཀྱི་ཕྲུ་གུ་ལོ་དྲུག་སོན་མཚམས་བོད་ཁྱིམ་སློབ་གྲྭ་གང་རུང་ཞིག་ནང་སློབ་འཇུག་དགོས་པ་ལས། སློབ་དོད་ཞུས་ཏེ་སློབ་གྲྭ་གཞན་དུ་བཏང་བ་སྒྲིག་འགལ་ལ་སོང་། སློབ་དོད་གནང་ཟིན་པ་དེ་དག་རྩིས་སྙན་ནང་ཐོ་གཞུང་བཏོན་འདུག་པ་ཁག་ནས་ཕྱིར་བསྡུ་དགོས་པ་མ་ཟད། སླད་མར་དེ་རིགས་མི་ཡོང་བ་དགོས་རྒྱུ།” ཞེས་བཀོད་འདུག དེ་བཞིན་བྷེང་ལོར་བོད་ཕྲུག་སྡོད་ཤག་དང་སློབ་ཡོན་སྡེ་ཚན་གྱི་ ༢༠༡༠ ནས་ ༢༠༡༣ ལོའི་བར་གྱི་རྩིས་ཁྲའི་ནང་། “ ཆོག་མཆན་མཚན་རྟགས་མེད་པར་འགྲོ་སོང་བཏང་བ་སྒོར་ ༡༠༡༧༠༠༦༣།༠༥ བྱས་འདུག་པ་ནི། འཛིན་སྐྱོང་དང་སྟངས་འཛིན་ཚགས་ཚུད་ཡེ་ནས་མེད་པའི་མངོན་རྟགས་གསལ་བོར་སོང་། བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཐོག་གནས་སྟངས་སྙན་གསེང་གིས་ཐག་གཅོད་གནང་དགོས།” ཞེས་བཀོད་འདུག

“ རྩིས་ཟུར་ནོར་བུ་ཚེ་རིང་ནས་སྒོར་ ༧༤༧༥༨༢།༠༠ སློབ་ཡོན་འཕར་ཐོལ་ཕྱིར་སྤྲོད་དང་སྒེར་བཟོས་བྱས་པའི་ཐད། འདི་ནི་ཤིན་ཏུ་ཚབས་ཆེའི་གནད་དོན་ཞིག་ལ་སོང་། བོད་ཁྱིམ་འགན་འཛིན་ལྷན་ཚོགས་ཐོག་སྙན་གསེང་བཀའ་འཁྲོལ་གྱིས་མ་འོངས་གནང་ཕྱོགས་ཀྱི་ལམ་སྟོན་ཞུ་དགོས་པ་དང་། སློབ་ཡོན་འཕར་ཐོལ་འབྱུང་རྐྱེན་ཐད་རྩིས་ཞིབ་པས་བཏོན་པའི་ལམ་སྟོན་ཁག་ལག་བསྟར་གྱིས་མ་འོངས་དཀའ་རྙོག་འདི་རིགས་མི་ཡོང་བ་དམ་དོན་དགོས་རྒྱུ། དེ་ནས་སློབ་མར་སློབ་ཡོན་འཕར་ཐལ་སྤྲད་པ་བསྡོམས་སྒོར་ ༤༥༦༥༦༩།༠༠ ནས་སློབ་མ་ཁག་ཅིག་གིས་ཕྱིར་སློག་བྱུང་བ་སྒོར་ ༡༠༠༥༩༤།༠༠ འཐེན་འཕྲོས་ལྷག་བསྡད་སྒོར་ ༣༥༥༩༧༥།༠༠ དེ་དག་འབྲེལ་ཡོད་སློབ་མ་ཚོའི་ས་ནས་ཕྱིར་བཞེས་དགོས་པ་དང་། དེ་མིན་སློབ་ཡོན་སྒེར་བཟས་བྱས་པ་ཁྱོན་བསྡོམས་སྒོར་ ༢༩༡༠༡༣།༠༠ ནས་ད་བར་དོ་བདག་རྩིས་ཟུར་ནོར་བུ་ཚེ་རིང་གི་གསོག་དངུལ་ནས་གཅོག་འཐེན་དང་ཕྱིར་སློག་བྱུང་བ་བཅས་སྒོར་ ༤༦༡༢༣།༠༠ འཐེན་འཕྲོས་སྒོར་ ༢༤༤༨༩༠།༠༠ དེ་དག་འདི་མུར་ནར་འགྱངས་སུ་མ་བཞག་པར་གང་མགྱོགས་བསྡུ་བཞེས་ཀྱིས་རྩིས་གཙང་བཟོ་དགོས།”ཞེས་སོགས་འཁོད་འདུག

མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དྲུག་པ་དེ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་མངགས་ལྟར་བཙུགས་ཏེ། ཚོགས་ཆུང་གི་ཚོགས་མིར་ཐོག་མར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་རྨོག་རུ་བསྟན་པ། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་བློ་བཟང་ཡེ་ཤེས་བཅས་བསྐོ་འཛུགས་གནང་ཡོད་ཀྱང་། རྗེས་སུ་སྤྱི་འཐུས་འཇམ་དབྱངས་བཟོད་པའི་དགོངས་པ་ཞུས་ཤུལ་དུ་སྤྱི་འཐུས་ཀརྨ་ཡེ་ཤེས་བསྐོས་ཏེ། ༢༠༡༤ ཟླ་ ༧ ཚེས་ ༡༡ ཉིན་ནས་ཞིབ་འཇུག་མགོ་འཛུགས་གནང་ཡོད་ཅིང་། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་བསྐོ་བཞག་གིས་འདས་པའི་ལོ་གཅིག་ལ་ཉེ་བའི་རིང་ཞིབ་འཇུག་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

མཆན། 17

  1. ཧཱུྃཿ says:
    ལོ་ 8 སྔོན།

    The Management or the Dictators of the Following NGOs must be Changed and run Directly by CTA (Tibetan Govt in Exile);
    1. Norbulingka Institute (Full of Corruption & Neptotism)
    2. TCV School Head Office (Full of Corruptions & Favortism)
    3. Delek Hospital (Full of Favortism, Amateur Management & Dictatorship Rule)
    4. Nyingtopling – Home of Disabled (Full of Corruption and Nepotism)

    If given opportunity to the viewer, the group is ready to disclose their facts or negative through their accounts and reports.
    CTA Kashag or Kuger Yigtsang(His Holiness Office) must put an investigation committee like it happened with the case of Mentseekhang Administration to know the fact to be declared to the public as well as in Tibetan Exile Parliament soon.
    TibetanLeaks
    https://www.facebook.com/pages/TibetanLeaks/185825521499647?fref=photo

    Reply
  2. ཧཱུྃཿ says:
    ལོ་ 8 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་སྡེ་ཚན་ ༡༢༢ ཙམ་གྱི་རྩིས་ཁྲར་ཞིབ་འཇུག་བྱས་ཏེ་སྐྱོན་གནད་ ༢༡༠༨ ཙམ་ཤེས་རྟོགས་བྱུང་ཡོད་འདུག
    སྙན་ཐོའི་ནང་ད་རེབ་ཞིབ་འཇུག་སྐབས་ཀྱི་སྤྱི་ཡོངས་མཐོང་ཚུལ་བཀོད་ཡོད་པའི་ནང་། འགའ་ཤས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་པ་གང་འཚམ་ཡོད་ཅིང་། ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་ཁྲོད་ནས་རྩིས་ཁྲའི་གནས་སྟངས་སྐྱོ་ཤོས་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཆགས་ཡོད་པ་དང་། དེ་ནས་ངྷ་སྟེང་བོད་ཁྱིམ་དང་། སྨན་རྩིས་ཁང་སོགས་ཆགས་ཡོད་འདུག

    Reply
  3. ཐོབ་ཐང་། says:
    ལོ་ 8 སྔོན།

    མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དྲུག་པ་དེ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་མངགས་ལྟར་བཙུགས་ཏེ། ཚོགས་ཆུང་གི་ཚོགས་མིར་ཐོག་མར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་སྤྱི་འཐུས་ཟླ་བ་ཕུན་སྐྱིད། སྤྱི་འཐུས་རྨོག་རུ་བསྟན་པ། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་བློ་བཟང་ཡེ་ཤེས་བཅས་བསྐོ་འཛུགས་གནང་ཡོད་ཀྱང་། རྗེས་སུ་སྤྱི་འཐུས་འཇམ་དབྱངས་བཟོད་པའི་དགོངས་པ་ཞུས་ཤུལ་དུ་སྤྱི་འཐུས་ཀརྨ་ཡེ་ཤེས་བསྐོས་ཏེ། ༢༠༡༤ ཟླ་ ༧ ཚེས་ ༡༡ ཉིན་ནས་ཞིབ་འཇུག་མགོ་འཛུགས་གནང་ཡོད་ཅིང་། ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཆོས་འཕེལ་བསྐོ་བཞག་གིས་འདས་པའི་ལོ་གཅིག་ལ་ཉེ་བའི་རིང་ཞིབ་འཇུག་གནང་ཡོད་འདུག

    Reply
  4. ཐོབ་ཐང་། says:
    ལོ་ 8 སྔོན།

    “ རྩིས་ཟུར་ནོར་བུ་ཚེ་རིང་ནས་སྒོར་ ༧༤༧༥༨༢།༠༠ སློབ་ཡོན་འཕར་ཐོལ་ཕྱིར་སྤྲོད་དང་སྒེར་བཟོས་བྱས་པའི་ཐད། འདི་ནི་ཤིན་ཏུ་ཚབས་ཆེའི་གནད་དོན་ཞིག་ལ་སོང་། བོད་ཁྱིམ་འགན་འཛིན་ལྷན་ཚོགས་ཐོག་སྙན་གསེང་བཀའ་འཁྲོལ་གྱིས་མ་འོངས་གནང་ཕྱོགས་ཀྱི་ལམ་སྟོན་ཞུ་དགོས་པ་དང་། སློབ་ཡོན་འཕར་ཐོལ་འབྱུང་རྐྱེན་ཐད་རྩིས་ཞིབ་པས་བཏོན་པའི་ལམ་སྟོན་ཁག་ལག་བསྟར་གྱིས་མ་འོངས་དཀའ་རྙོག་འདི་རིགས་མི་ཡོང་བ་དམ་དོན་དགོས་རྒྱུ། དེ་ནས་སློབ་མར་སློབ་ཡོན་འཕར་ཐལ་སྤྲད་པ་བསྡོམས་སྒོར་ ༤༥༦༥༦༩།༠༠ ནས་སློབ་མ་ཁག་ཅིག་གིས་ཕྱིར་སློག་བྱུང་བ་སྒོར་ ༡༠༠༥༩༤།༠༠ འཐེན་འཕྲོས་ལྷག་བསྡད་སྒོར་ ༣༥༥༩༧༥།༠༠ དེ་དག་འབྲེལ་ཡོད་སློབ་མ་ཚོའི་ས་ནས་ཕྱིར་བཞེས་དགོས་པ་དང་། དེ་མིན་སློབ་ཡོན་སྒེར་བཟས་བྱས་པ་ཁྱོན་བསྡོམས་སྒོར་ ༢༩༡༠༡༣།༠༠ ནས་ད་བར་དོ་བདག་རྩིས་ཟུར་ནོར་བུ་ཚེ་རིང་གི་གསོག་དངུལ་ནས་གཅོག་འཐེན་དང་ཕྱིར་སློག་བྱུང་བ་བཅས་སྒོར་ ༤༦༡༢༣།༠༠ འཐེན་འཕྲོས་སྒོར་ ༢༤༤༨༩༠།༠༠ དེ་དག་འདི་མུར་ནར་འགྱངས་སུ་མ་བཞག་པར་གང་མགྱོགས་བསྡུ་བཞེས་ཀྱིས་རྩིས་གཙང་བཟོ་དགོས།”ཞེས་སོགས་འཁོད་འ

    Reply
  5. ཐོབ་ཐང་། says:
    ལོ་ 8 སྔོན།

    དྷ་སྟེང་བོད་ཁྱིམ་ཡིག་ཚང་གི་ ༢༠༡༡ ནས་ ༢༠༡༢ ལོའི་བར་གྱི་རྩིས་ཁྲའི་ནང་སྒྲིག་གཞི་དང་འགལ་བ་དག་ནི། “བོད་ཁྱིམ་གྱི་སྒྲིག་གཞིའི་དགོངས་དོན་ལྟར་ལས་བྱེད་ཀྱི་ཕྲུ་གུ་ལོ་དྲུག་སོན་མཚམས་བོད་ཁྱིམ་སློབ་གྲྭ་གང་རུང་ཞིག་ནང་སློབ་འཇུག་དགོས་པ་ལས། སློབ་དོད་ཞུས་ཏེ་སློབ་གྲྭ་གཞན་དུ་བཏང་བ་སྒྲིག་འགལ་ལ་སོང་། སློབ་དོད་གནང་ཟིན་པ་དེ་དག་རྩིས་སྙན་ནང་ཐོ་གཞུང་བཏོན་འདུག་པ་ཁག་ནས་ཕྱིར་བསྡུ་དགོས་པ་མ་ཟད། སླད་མར་དེ་རིགས་མི་ཡོང་བ་དགོས་རྒྱུ།” ཞེས་བཀོད་འདུག དེ་བཞིན་བྷེང་ལོར་བོད་ཕྲུག་སྡོད་ཤག་དང་སློབ་ཡོན་སྡེ་ཚན་གྱི་ ༢༠༡༠ ནས་ ༢༠༡༣ ལོའི་བར་གྱི་རྩིས་ཁྲའི་ནང་། “ ཆོག་མཆན་མཚན་རྟགས་མེད་པར་འགྲོ་སོང་བཏང་བ་སྒོར་ ༡༠༡༧༠༠༦༣།༠༥ བྱས་འདུག་པ་ནི། འཛིན་སྐྱོང་དང་སྟངས་འཛིན་ཚགས་ཚུད་ཡེ་ནས་མེད་པའི་མངོན་རྟགས་གསལ་བོར་སོང་། བོད་ཁྱིམ་གྱི་འགན་འཛིན་ལྷན་ཚོགས་ཐོག་གནས་སྟངས་སྙན་གསེང་གིས་ཐག་གཅོད་གནང་དགོས།” ཞེས་བཀོད་འདུག

    Reply
  6. ཐོབ་ཐང་། says:
    ལོ་ 8 སྔོན།

    དེ་བཞིན་སྙན་ཐོའི་ནང་། “འགན་འཛིན་སྒྲོལ་མ་སྐྱབས་དང་བསོད་ནམས་ཆོས་འཛོམས་ཡེ་ཤེས་གཉིས་ནས་སྒེར་ཟས་གཞུང་གྲོན་དུ་བཏང་བ་དོ་བདག་སོ་སོས་འཕྲལ་དུ་སྒྲུབ་མཇལ་དགོས་རྒྱུ།” ཞེས་དང་། “ལས་བྱེད་སྒྲོལ་མ་སྐྱབས་ནས་སྒོར་ ༨༧༣༥༤༢ དང་། ཀིམ་ཡེ་ཤེས་ནས་སྒོར་ ༡༠༤༧༤༡༩ སྒེར་སྤྱོད་ཆེད་སྔ་འདོན་འཁྱེར་འདུག་པ་ནས་རྗེས་སུ་རྩིས་ཞིབ་བྱས་འཕྲོས་ད་ལྟ་སྒྲོལ་མ་སྐྱབས་ནས་ཡོང་བསྡད་སྒོར་ ༥༨༦༧༤།༦༧ དང་། ཀེམ་ཡེ་ཤེས་ནས་ཡོང་བསྡད་སྒོར་ ༢༩༠༥༣ བྱས་འདུག”། “བསོད་ནམས་ཆོས་འཛོམས་ཡེ་ཤེས་ཀྱི་ཟླ་རེའི་ཁང་གླ་སྒོར་ ༢༥༠༠༠ གཞུང་གྲོན་དུ་བཏང་བའི་ཐད། དོ་བདག་གི་ཁང་གླ་བསྡོམས་སྒོར་ ༣༡༢༥༠༠ བཏང་བ་དེ་དག་བསོད་ནམས་ཆོས་འཛོམས་ཡེ་ཤེས་ནས་ཕྱིར་སློག་དགོས་རྒྱུ་དང་། དེ་ལྟར་མ་ཐུབ་ཚེ་དབང་ལྡན་འགན་འཛིན་ནས་སྒྲུབ་འཇལ་དགོས་རྒྱུ།”ཞེས་སོགས་འཁོད་འདུག

    Reply
  7. བཛྲ་སུ་མ་ཏི། says:
    ལོ་ 8 སྔོན།

    ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་ལྐོག་རུལ་སུངས་དང་འབྲེལ་བ་བྱུང་འདུག ད་རེབས་ཐེངས་གསུམ་པ་རེད། དང་པོ་སྔོན་མ་སྤྱི་མཐུས་ཞིག་ནས་གྲོས་ཚོགས་ནང་ཟམ་གདོང་བླ་མའི་རྐང་པ་གཅིག་ཡང་སྒྲོ་ལོར་ནང་ཟུགས་པ་རེད་དམ་ཅེས་གླེང་སློང་བྱས་པ་དང་། གཉིས་པ་ཨ་རིའི་གྲོས་ཚོགས་མཐུས་མི་ཞིག་ནས་ཡིག་ཐོག་ཏུ་ཟམ་གདོང་དང་འགོ་གཙོ་ཁ་ཤས་མིང་འདོན་ཡི་གེ་བཀའ་ཤག་ཏུ་ཕུལ་བྱུང་། ད་རེབས་ང་ཚོའི་གྲོས་ཚོགས་ཀྱི་སྙན་ཞུ་ནང་ཐོན་སོང་ང་། ད་འགྲིག་མེད་པ་ཐག་ཆོད་རེད། བླ་མ་གྲ་བ་ཁེར་རྐྱང་ཅིག་ལ་འགྲོ་སོང་དེ་འདྲ་ག་བ་གཏོང་གི་ཡོད་དམ། སྔོན་མ་ཟམ་གདོང་རིན་པོ་ཆེ་བཀའ་ཤག་སྐབས་གངས་སྐྱིད་ཡིག་སྐྱེལ་ཨ་ཅག་ཅིག་གི་སྒོར་ལྔ་བརྒྱ་ལྐོལ་ཟ་བྱས་འདུག་པ་ལས་བྱེད་ནས་ཕྱིར་བུད་བཏང་བ་རེད། ད་ཁོང་གི་ཐོག་ལ་བབས་ཡོང་དུས་ག་རེ་བྱེད་ཀྱི་འདུག་མི་དམངས་རྣམས་ནས་ཤེས་དགོས་འདུག ཨ་ཅག་དེ་སྙིང་རྗེ་ནང་མི་བུ་ཕྲུག་ཡོད་ཀྱི་རེད་སྙམ།

    Reply
  8. gyurmey says:
    ལོ་ 8 སྔོན།

    ཞིབ་འཇུག་ཡག་པོ་བྱུང་ཡོད་ས་རེད། ཐུགས་རྗེ་ཆེ། མགྱོགས་མྱུར་ལ་དྭགས་བསོད་ནམས་གླིང་གི་ས་ཁང་གི་གནས་སྟངས་ལའང་དེ་ལྟར་ཞིབ་འཇུག་ཡོད་པ་ཞུས། རྒྱུ་མཚན་ནི་དེང་སང་ལ་དྭགས་སུ་དངུལ་སྒོར་འབུམ་ཁ་ཤས་ཀྱི་དོན་དུ་ཡུལ་མིར་ས་ཁང་ཚོང་སྒྱུར་བྱས་དང་བྱེད་བཞིན་པ་ཡོད་པ་མ་ཟད། ཁ་ཤས་ཀྱིས་སོ་སའི་ས་ཞིང་བཙོང་པ་དང་མཉམ། གཞན་གྱི་ས་ཞིང་ཡང་འཚོང་གིན་འདུག་པས་སོ།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 8 སྔོན།

    སྲིད་སྐྱོང་མཆོག་གིས་བོད་རྒྱའི་འབྲེལ་མོལ་གྱི་སྲིད་ཇུས་དེ་བཀའ་ཤག་སྔ་མ་བཞིན་རང་སོར་ཡིན་པའི་བཀའ་ལན་གནང་འདུག་པར། ད་ལན་རྩིས་ཞིབ་ཏག་ཏག་མ་བྱུང་བ་དེའང་བཀའ་ཤག་སྔ་མའི་འགན་འཛིན་ལྟར་ནག་གསུབ་མི་གཏོང་བའི་རེ་བ་ཡོད།

    Reply
  10. མི་རྒོད། says:
    ལོ་ 8 སྔོན།

    དཀོན་མཆོག་མཁྱེན་ད་དཔའ་བོའི་རྩིས་ཁྲ་དོན་ཁག་པོ་རེད་ད་་་་་་་

    Reply
  11. གནས་ཚང་། says:
    ལོ་ 8 སྔོན།

    ད་ཁྲི་ཟུར་རིན་པོ་ཆེ་མཆོག་ལ་རྩིས་སུབ་གཏོང་སྟངས་ཀྱི་དབང་ལུང་ཞིག་གནང་བར་སྲིད་སྐྱོང་མཆོག་གིས་སྐྱབས་འཇུག་ཞུ་རན་ཡོད་པ་འདྲ། གང་འདྲ་འདུག་གམ།

    Reply
  12. རྩོམ་སྒྲིག་པ། says:
    ལོ་ 8 སྔོན།

    དྲ་གྲོགས་(བཛྲ་སུ་མ་ཏི།)ལགས། སྡེ་ཚན་འདི་གསུམ་བཙན་བྱོལ་ནང་གི་སྒྲིག་འཛུགས་ཆེ་ཤོས་དག་ཆགས་ཡོད་པ་ལྟར་རྩིས་ཀྱང་མགོ་ཉོག་པོ་ཡོད་པ་ལས་འདིར་དཔེ་མཚོན་དུ་རེ་གཉིས་བཀོད་པ་ཙམ་རེད།
    སྤྱིར་ཐེངས་འདིའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་ཤོག་ངོས་ ༡༨༦ ཙམ་ཡོད་པའི་དེབ་གཟུགས་ཤིག་རེད། བོད་མིའི་སྒྲིག་འཛུགས་དང་རང་དབང་ཅན་གྱི་སྡེ་ཚན་ ༡༢༢ ཙམ་ལ་ཞིབ་འཇུག་བྱས་ཏེ་གནད་དོན་ ༢༡༠༨ ཙམ་གསལ་སྟོན་གནང་ཡོད་པ་རེད།
    འདིར་གསལ་བོར་མཁྱེན་དགོས་པ་ཞིག་ནི། རྩིས་ཁྲའི་གནད་དོན་དེ་དག་རྩིས་ཁྲ་ཞིབ་ཚགས་བཟོས་ཡོད་མེད་དང་ལས་དོན་མཇུག་བསྒྲིལ་ཐུབ་ཡོད་མེད། དེ་བཞིན། རྩིས་ཁྲ་དང་ལས་ཀ་དུས་འགྱངས་ལྟ་བུར་ལྷག་ཡོད་པ་སོགས་རེད།

    Reply
  13. བཛྲ་སུ་མ་ཏི། says:
    ལོ་ 8 སྔོན།

    ནོར་གླིང་འདི་སྔོན་མ་ཞིག་ལ་ཡར་རྒྱས་ཞེ་བོ་ཅིག་འགྲོ་སོང་། འདས་པའི་ལོ་དྲུག་བདུན་ཞིག་ནས་བཟུང་ཁྱོན་ནས་ཡར་རྒྱས་རྣམ་པ་མཐོང་མ་སོང་། ད་བྱས་ཏེ་ལྐོག་རུལ་སུངས་ཤུགས་ཆེན་པོ་ཡོད་འདུག་འདག དུས་བབ་ཚང་བཀའ་དྲིན་ཆེ་གནས་ཚུལ་འདི་དག་མི་དམངས་ལ་གསལ་བཀོད་གནང་བ་ལ།

    Reply
  14. བཛྲ་སུ་མ་ཏི། says:
    ལོ་ 8 སྔོན།

    ཁ་བྱང་ནང་སྨན་རྩིས་བཀོད་འདུག་ཀྱང་། གཤམ་དུ་སྨན་རྩིས་ཁང་དུ་ག་རེ་བྱུང་བ་བཀོད་མི་འདུག་གང་ཡིན་ནམ།

    Reply
  15. བློ་བཟང་། says:
    ལོ་ 8 སྔོན།

    ད་རེས་གསལ་བོ་ཆགས་སོང་། སྔོན་མ་ནོར་གླིང་སྒྲོལ་མ་སྐྱབས་ཀྱིས་ཧིན་སྒོར་འབུམ་༣༠༠ལྐོག་ཟ་བྱས་པ་རེད་ཟེར་བའི་གནས་ཚུལ་ཞིག་ཁྱབ་པ་རེད། སྤྱི་འཐུས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ་སྒོར་གཅིག་ཀྱང་ལྐོག་ཟ་བྱས་པའི་གནད་དོན་བྱུང་མེད། སྒོར་འབུམ་བརྒྱད་སྔ་གཡར་བྱས་པ་ཕྱིར་སློག་གནང་བའི་རྗེས་ཁྲི་ལྔ་ཙམ་ད་དུང་ལྷག་ཡོད་པ་ཙམ་རེད།
    བོད་ཀྱི་དུས་བབ་གསར་ཁང་དང་གསར་འགོད་པ་ལྷན་རྒྱས་ཐུགས་རྗེ་ཆེ། གསར་འགྱུར་གང་ཞིག་བཀོད་ཀྱང་ལག་ཐིལ་དུ་སྐྱུ་རུ་ར་བཞག་པ་ནང་བཞིན་གསལ་གསལ་ཐང་ཐང་བཟོ་བཞག་གི་འདུག་ལ། གནད་འགག་འདམ་གསེས་བྱེད་སྟངས་ལའང་གསར་ཁང་གཞན་དང་བསྡུར་ན་ཐུན་མིན་གྱི་ཁྱད་ཆོས་དང་། ཆབ་སྲིད་ཀྱི་གཏིང་ཟབ་པོའི་ཚིག་བེད་སྤྱོད་དང་ནང་དོན་འཇུ་སྟངས་ཡ་ཅང་ཚད་མཐོ་བོ་དང་ཡག་པོ་མཐོང་སོང་་ཐུགས་རྗེ་ཆེ།

    Reply
  16. ཨ་མའི་བུ། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ལས་ཁང་ལ་བཀྲིན་ཆེ་ཞུ། གནས་ཚུལ་ཁ་གསལ་གོ་བདེ་བཀོད་འདུག ད་ཡིན་ན་ལྐོག་ཟ་རུལ་ཟུང་མང་དུ་འགྲོ་ཡི་འདུག རྡ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་ཚེ་དབང་ཡི་ཤེས།
    ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་(Dalai lama Institute of Higher Education)གི་འགན་འཛིན་དབུས་གཙང་སྤྱི་འཐུས་བུ་མོ་ཚེ་རིང་།༼ཚེ་དབང་ཡི་ཤེས་ཀྱི་བཟའ་ཟླ་༽བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་རང་ཉིད་བཀའ་ཁྲིའི་ལས་འགན་རྫོགས་ཟིན་ཡང་རྩིས་བསུབ་བཀའ་འཁྲོལ་གནང་སྟངས། ནོར་གླིང་འགན་འཛིན་སྒྲོལ་མ་སྐྱབས་དང་བསོད་ནམས་ཆོས་འཛོམས་ཡེ་ཤེས་གཉིས་ནས་སྒེར་ཟས་གཞུང་གྲོན་དུ་བཏང་བ་དོ་བདག་སོ་སོས་འཕྲལ་དུ་སྒྲུབ་མཇལ་དགོས་རྒྱུ་སོགས། ད་དངོས་གནས་ཚར་འདུག

    Reply
  17. དབང་འདུས། says:
    ལོ་ 8 སྔོན།

    ནོར་བུ་གླིང་ཁ་དང་། རྡ་སྟེང་བོད་ཁྱིམ། སྨན་རྩིས་ཁང་སོགས་བཙན་བྱོལ་ནང་གི་སྒྲིག་འཛུགས་ཆེ་ཤོས་དག་རེད། ད་དུང་ཤེས་རིག་དཔར་ཁང་དང་། བཙན་བྱོལ་བོད་མིའི་མཉམ་ལས། ཨ་རི་སྐུ་ཚབ་དོན་ཁང་སོགས་ལ་དོགས་པ་ཆེན་པོ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist