མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་བའི་གནད་དོན་ནི་ཆོལ་ཁའི་གནད་དོན་མིན།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

མིག་མི་འཛུམ།

ཇོ་ནང་བའི་གནད་དོན་འདི་ཧ་ཅང་ཛ་དྲག་གི་རང་བཞིན་ཞིག་ཏུ་སེམས། སྔ་སོར་ཇོ་ནང་སྒྲུབ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྡེ་འདི་ལ། ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་དགོས་མིན་དང་སྤྲོད་མིན་ཐད། གཏམ་ཐོ་རེ་བ་འགའ་གོ་མྱོང་བ་མ་ཟད། སྤྱི་འཐུས་ཁ་ཤས་ཀྱིས་རང་རྐྱ་ཐུབ་པའི་ཆོས་བརྒྱུད་ཅིག་མ་ཡིན་པར་གྲུབ་མཐའ་ག་གེ་མོའི་ནང་གསེས་ལྟ་བུ་ཞིག་ཡིན་པར་བསྒྲུབས་མྱོང་བའང་ཐོས། དེ་དུས་ནས་རང་ཉིད་ཇོ་ནང་བའི་གྲུབ་མཐར་འཇུག་པ་ཞིག་མིན་ནའང་། ཆུང་དུས་ནས་གཞུང་ལུགས་རེ་ཟུང་ལ་ཐོས་བསམ་བྱེད་མཁན་ཞིག་ཡིན་པའི་ངོས་ནས། བོད་ཀྱི་ལོ་རྒྱུས་ཐོག་ཡོངས་གྲགས་ཀྱི་མཁས་པ་མང་བོས་ལྟ་བའི་ཐད་དཔྱད་བསྡུར་གནང་སྐབས། ཇོ་ནང་བའི་དབུ་མའི་ཐད་ཀྱི་གཞན་སྟོང་ལ་དགག་པ་མང་དུ་བྱེད་པ་དང་། གྲུབ་མཐའི་རྣམ་བཤད་ཁག་ཏུ་ཡང་ཇོ་ནང་གྲུབ་མཐའི་ལྟ་བའི་བཞེད་དགོངས་སོགས་ལ་ཆེ་ཆེར་འགྲེལ་བ་དེ་དག་དྲན་གྱི་འདུག སྐབས་དེ་དག་ཏུ་ཇོ་ནང་དང་ས་སྐྱ་གཉིས་གཅིག་ཏུ་བཞེད་མཁན་སུ་ཡང་མེད་ཁར་ས་སྐྱའི་ནང་གསེས་ཤིག་ཡིན་པའི་གཏམ་ཡང་སྦྲང་སྐད་ཙམ་མེད། འོན་ཀྱང་བླ་མ་རེ་ཟུང་གི་སློབ་མ་དང་སློབ་མ་རེ་གཉིས་ཀྱི་བླ་མར་བསྟེན་ནས་གྲུབ་མཐའ་ཕན་ཚུན་གྱིས་གཅིག་གིས་གཅིག་བསྡུ་གསོག་རྒྱག་དགོས་ཚེ། ས་སྐྱའི་གྲུབ་མཐའ་དང་དེའི་སློབ་བརྒྱུད་གཙོས། བཀའ་བརྒྱུད་དང་རི་བོ་དགེ་ལྡན་པ་སོགས་ཀྱང་ཡོད་ཚོད་མི་འདུག་པ་གནས་ལུགས་སུ་གྲུབ་ཡོད། དེ་ཞོར་འཕྲོས་ཡིན།

དཀྱུས་ལ་འབབ་པར་བྱ་སྟེ། དེ་རིང་གྲོས་ཚོགས་སྒོ་ཁར་འཕྲེད་དར་སྣ་ཚོགས་དང་ཡིག་བྱང་འདྲ་མིན་བཏེགས་ནས་ཞུ་འབོད་བྱེད་ཀྱིན་པ་འདི། ངས་བསམ་ན་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་གི་སྟ་གོན་ཡིན་པར་སྣང་། བོད་ཡུལ་སྟོད་སྨད་བར་གསུམ་ལ་ཁྱབ་པའི་གྲུབ་མཐའ་ཆེན་པོ་ཞིག་ལ་གྲུབ་མཐའ་གཞན་ལྟར་གྲོས་ཚོགས་ཀྱི་རྐུབ་སྟེགས་མ་ཐོབ་པ་འདི་གནས་ལུགས་ཀྱི་སྟེང་ནས་བཤད་ན་དེ་ ཙམ་འོས་པ་ཞིག་མིན་ཏེ། འོན་ཀྱང་མང་གཙོའི་ཐག་གཅོད་ཀྱི་གྲོས་ཆོད་བརྩི་དགོས་པ་ཡང་དཔལ་རྒྱལ་བ་ཇོ་ནང་ བའི་ཆོས་བརྒྱུད་འཛིན་པ་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། གནད་དོན་འདི་གང་ནས་བྱུང་བ་རེད་དམ་ཞེ་ན། ཁྲིམས་བཟོ་ལྷན་ཁང་གི་མི་སྣ་རེ་རེའི་ངོས་དང་བསམ་བློའི་ཆུ་ཚད་ཀྱི་སྟེང་ནས་བྱུང་བ་ཞིག་ལ་ངོས་འཛིན་དགོས་པར་མཐོང་།

འུ་ཚོའི་ཁྲིམས་བཟོ་བ་དག་གིས་ནི་རྣམ་རྟོག་དང་ཐེ་ཚོམ། ཞེད་སྣང་འབའ་ཞིག་གི་ངོས་ནས་སྤྱི་དོན་ཞེས་པའི་རྩྭ་ཕུང་ལྟ་བུའི་ལས་ཀ་ཞིག་སྒྲུབ་ཀྱིན་ཡོད། དེ་ནི་འཐེན་འཁྱེར་ཞེས་པའི་རང་སྲོག་གཅོད་བྱེད་ཀྱི་རལ་གྲི་དེ་ཡིན། ད་རེས་གྲོས་ཚོགས་ནས་བགྲོ་གླེང་གང་ཡང་མེད་པར་གློ་བུར་ཐོལ་རྒྱག་གི་རྣམ་པ་དེ་དང་། དེའི་མཇུག་འབྲས་ལ་གཞིག་ན། འཕྲལ་ཕུགས་རྒྱང་གསུམ་གྱི་གནད་དོན་ལ་བསམ་བློ་གང་ཡང་མ་བཏང་བར། ཐད་ཀར་ཆོལ་ཁ་དང་ཆོལ་ཁའི་ཞེན་ཁོག་འབའ་ཞིག་གི་རྣམ་པ་གསལ་བོར་མངོན་བྱུང་། འདི་ནི་ནམ་ནམ་ཞར་ཞར་ལ་དྷ་སའི་ཉེ་འཁོར་གྱི་ཐང་ཁྲོམ་སིལ་འཚོང་བ་དང་རྒྱ་གར་ཇ་ཁང་དག་གི་སྒོ་ཁར་འཚང་ནས་གོ་ལོ་ཐོས་ལོའི་གཏམ་གྱིས་ཉི་མ་བསྐྱལ་བའི་རྒན་རྒོན་དག་གིས་ནམ་རྒྱུན་བཤད་ཀྱིན་པ་སྟེ། “ ཇོ་ནང་ལ་སྤྱི་འཐུས་ཐོབ་སོང་ཚེ། ཨ་མདོར་སྤྱི་འཐུས་གཉིས་ཀྱི་གྲངས་ཀ་འཕར་བ་རེད།”ཅེས་པ་དེ་ཡིན།

བློ་གཟུ་བོར་གནས་ཏེ་བཤད་ན། དཔལ་རྒྱལ་བ་ཇོ་ནང་བའི་གྲུབ་མཐའ་དང་དེའི་ཆོས་བརྒྱུད། ད་དུང་གཞན་ལ་མེད་པའི་སྦྱོར་དྲུག་ཉམས་ལེན་གྱི་གདམས་པ་དག་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆ་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་རྩ་བའི་རིག་གཞུང་གལ་ཆེན་ཞིག་ཡིན་པ་ལས། ཆོས་བརྒྱུད་གྲུབ་མཐའ་འདིའི་མགོར་ཨ་མདོ་བཞག་ནས་བལྟས་ན་ཧ་ཅང་ཐལ་ཆ་ཤོར་བ་ཞིག་ལ་ངོས་འཛིན་མི་བྱ་ག་མེད་ཡིན། གོང་གི་བཤད་ཡམས་དེའི་རྗེས་སུ་རྒྱུག་མཁན་གྱི་ཁྲིམས་བཟོའི་མི་སྣ་ཁག་ཅིག་གིས། ནམ་དུ་ཡང་གྲོས་ཚོགས་ཀྱི་ལས་ཀ་ནི་ཆོལ་ཁ་ཕན་ཚུན་གྱི་མགོ་བོ་གཅོག་རེས་ཙམ་དུ་འཛིན་པ་ཅི་འདྲའི་བློ་ཡུལ་དུ་ཤོང་དཀའ་བའི་སྐྱོ་སྣང་ཞིག་རེད་ཨང་སྙམ།

དེ་རིང་འཕྲེད་དར་འཕྱར་ནས་ཞུ་འབོད་ལ་ཕེབས་པའི་དགེ་འདུན་པ་དང་མི་མང་གི་ངོས་ནས་ཧ་ཅང་ཞི་བ་དང་དུལ་བའི་རྣམ་པ་ཞིག་མངོན་པ་འདིས། ད་དུང་རེ་བ་ཆེན་པོ་བཟུང་ཡོད་པ་མཚོན་ཐུབ། གཞིས་ལུས་ཇོ་ནང་བའི་དགོན་སྡེ་ཆེ་ཆུང་བརྒྱ་ཕྲག་མང་བོ་དང་དེའི་ཆོས་བརྒྱུད་འཛིན་པའི་མི་མང་འབུམ་ཕྲག་དུ་མའི་ཚབ་མཚོན་དུ་ཕེབས་པའི་ཁོང་ཚོས། རེ་འདུན་དོན་ཚན་བཞི་བཏེགས་ནས་པུས་མོ་སར་བཙུགས་པ་འདི་སྣང་མེད་དུ་བཞག་ཚེ། སུས་ཀྱང་འགོག་མི་ཐུབ་པའི་ཞི་ཁྲོའི་རྦ་རླབས་དྲག་པོ་ཞིག་རྗེས་ན་ཡོད་པ་མ་ཟད། ད་ལྟའི་ལོ་རྒྱུས་དང་ཆོས་འབྱུང་། ཆབ་སྲིད་བཅས་ཀྱི་འགན་འཁྲི་མ་འཁུར་བའི་མཇུག་འབྲས་ཀྱང་རྗེས་ན་ཡོད་པར་མཐོང་གིན་འདུག དེ་དུས་དགོད་དགོས་ན་དགོད་མི་ཤེས་པ་དང་ངུ་དགོས་ན་ངུ་མི་ཤེས་པའི་ཚད་ལ་བསླེབ་མི་སྲིད་པ་མིན།

ཡང་གཅིག་བཤད་ན། དགོན་པ་ཆུང་ཆུང་ཞིག་འཚོགས་ལ་ཞུགས་པ་ལྟ་བུའི་རང་རེའི་གྲོས་ཚོགས་ར་བ་འདིའི་ནང་གི་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་རྩ་མེད་བཟོ་དགོས་པ་དང་། དེ་དག་སྔར་མུས་བཞིན་བཞུགས་རྒྱུ་ཡིན་པ་དེ་སྲིད་དུ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་འཛིན་མཁན་གྱི་ཇོ་ནང་བའི་ཆོས་བརྒྱུད་རྐུབ་སྟེགས་རྩོད་པའི་ངར་སྒྲ་འཇགས་མི་སྲིད། དེ་ལ་དམིགས་ཡུལ་ཆེན་པོ་གཞན་མེད་དེ། གཞུང་བཟང་ཆུ་བོ་སྟོང་གི་རྒྱུན་གྱི་གདམས་པ་མ་ལུས་མི་ཉམས་གོང་འཕེལ་གྱིས་སྐྱོང་དགོས་ན། གཞན་ལ་ཅི་ཡོད་རང་ལའང་ཐོབ་དགོས་པའི་གནས་ལུགས་དེ་ཡིན།

གསལ་བོར་ཞུ་དགོས་པ་ཞིག་ལ། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་བྱུང་དང་འབྱུང་གིན་པའི་ གནད་དོན་འདི་དག་ཆོལ་ཁའི་རྙོག་གླེང་ལ་ཁ་བསྒྱུར་ཐབས་བྱེད་མཁན་གྱི་གང་ཟག་ཀྱང་མང་ཚོད་འདུག་ཀྱང་། དོན་དངོས་ནི་དོན་དངོས་ལྟར་ལྟ་དགོས་པ་ལས། དེར་ལོག་འགྲེལ་རྒྱག་པ་ནི་གཟས་ནས་བསྙོན་འདིང་བ་ལས་མ་འདས། དེའི་ཕྱིར། བོད་མི་སྤྱི་བོ་གནམ་སྟོན་ཀུན་གྱིས་དྲང་བདེན་གཞི་ལ་བཞག་ནས་གཅིག་ཤོས་ལ་འཐོབ་དགོས་པ་དང་གཅིག་ཤོས་ཀྱིས་ཤོར་འོས་པའི་ལྟ་ཚུལ་དུས་ནས་དུས་སུ་མི་འཛིན་པར་ཞུ་ཞེས་གསོལ། མཇུག་ཏུ། བདེན་པ་ཉིད་རྒྱལ་གྱུར་ཅིག

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༧ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 5

  1. ཤེས་རབ། says:
    ལོ་ 11 སྔོན།

    ཁ་སང་མེར་སྲེག་གི་གསང་རྒྱ་ཕྱི་ལ་ཤོར་ཞིང་དེ་རིང་ཆོད་སེམས་རྡོ་བཞིན་བརྟན་པའི་ཉིན་མོ་འདིར།
    རྣ་བ་སྤྱི་འཐུས་ལ་གཏད་ཅིང་ལུས་སེམས་ངར་ཤུགས་ལྷོད་རྒྱ་མེད་པ་དེ་རྒྱ་མཚོའི་གཏིང་ཟབས་ལ་བསྲེས་ནས་ཡོད།
    ནང་ལུས་མེ་ལྟར་འབར་བའི་ཟས་བཅད་སྡུག་རུས་ཅན་རྣམས་དང་མཉམ་དུ་ཁ་སང་ཕྱི་ལུས་མེ་རུ་སྤར་བའི་ལས་ལ་བརྩོན་པ་ཡིན།

    གཞིས་བྱེས་ཇོ་ནང་བ་ཡོངས་ཀྱིས་རྡོག་རྩ་གཅིག་དྲིལ་བྱས་པའི་རྣོ་ལྕགས་ཚ་ཐོག་ལ་ཡོད་པའི་སྐབས་འདིར་ངས་མེ་དཔུང་དགུང་དུ་འཕྱུར་ཞིང་གཞོམ་དྲི་ཆིལ་ལི་ཐིལ་ལེར་བཏང་ཐབས་བྱས་པ་ཡིན།
    དགའ་བསུ་འབོད་སྒྲོག་གི་ལས་འགུལ་ཉིན་གསུམ་བྱས་ནས་ཁ་སང་ཟས་བཅད་ཞི་འབོད་ཀྱི་ལས་འགུལ་སྤེལ་ནས་ཉིན་ལྔ་པ་རེད། ད་དུང་སྤྱི་འཐུས་དག་གིས་སྣང་མེད་དུ་འཇོག་ཚུལ་དེ་དང་རྒྱ་ནག་གིས་བཙན་བྱོལ་སྒྲིག་འཛུག་སྣང་མེད་དུ་འཇོག་པ་གཉིས་སྒོ་ཀུན་ནས་མཚུངས། རྒྱ་ནག་གིས་བོད་མིའི་ཆོས་དང་རིགས་གཞུང་གཉའ་གནོན་བྱེད་པ་དང་བོད་མིའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཇོ་ནང་ཆོས་བརྒྱུད་ཀྱི་ཆོས་དང་རིགས་གཞུང་གཉའ་གནོན་བྱེད་པ་གཉིས་འདྲ་མཚུངས་ཡིན་པ་དང་། དེའི་གཏིང་ཕུགས་ངོ་མ་ནི་སྤྱི་འཐུས་ནང་ཁུལ་གྱི་གཉའ་གནོན་རང་ལ་ཐུག་བསྡད་འདུག་ཡོད་པ་སོགས་ལ་བསམ་བློ་ནན་ཞིབ་དང་རྩད་གཅོད་ནན་མོ་བྱས་མཐར་ངས་ཐབས་ཤེས་དེ་མགོ་བརྩམས་པ་ཡིན།
    ཟས་བཅད་ཀི་ཉིན་གཉིས་པ་ནས་སེམས་ཐག་ཆོད་ཀྱང་གྲྭ་བསྒྲིག་མ་བྱས་པ་ཙམ་ཡིན། ཟས་བཅད་ཀྱི་ཉིན་བཞི་པ་ལ་སྤྱི་ལྷན་སྒོ་འགྲམ་དུ་མཉམ་ཞུགས་བྱས་པ་ཡིན་ཀྱང་རང་ལ་ལུས་སེམས་སྡོད་མ་ཚུགས་པའི་ན་ཟུག་ཆེན་པོ་ཞིག་སྐྱེ་ཡི་འདུག

    ཉིན་ལྔ་པའི་ཟས་བཅད་ཉིན་ནི་ངས་ཆོད་སེམས་དེར་སླར་ཡང་བསམ་བློ་ནན་མོ་བཏང་བའི་ཉིན་གསུམ་པ་ཡིན།
    ཞོགས་དུས་ཆུ་ཚོད་དྲུག་པ་ནས་ཕྱི་དུས་གསུམ་པའི་བར་དུ་གྲྭ་བསྒྲིགས་གཅིག་པུས་ངང་བྱས་ནས་སྤྱི་འཐུས་སྒོ་ཁར་སླེབས་མ་ཐག་ང་གཅིག་པུ་སྣུམ་ཚིགས་ལ་སོང་བ་དེ་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཧ་གོ་ནས་གནས་སྐབས་རིང་ངའི་ལས་དོན་དེར་སྟས་དབང་གིས་བར་ཆད་གཅིག་བྱུང་བ་སོགས་ཟིན་བྲིས་དང་སྙན་ཞུའི་ཡིག་ཆ་དང་བསྔོ་སྨོན་གང་བྱས་བཅས་ཀྱི་ཡིག་ཆ་གཞན་དུ་གསལ།

    གང་ལྟར་རྒྱ་གར་གསང་བའི་ལས་ཁུངས་དང་ཉེན་རྟོག་པ་དང་བོད་ཀྱི་བདེ་སྲུང་ལས་ཁུངས་བཅས་ཀྱི་གནོན་ཤུགས་ལ་བརྟེན་ནས་གནས་སྐབས་རིང་རང་ལུས་མེ་སྲེག་གི་ལས་ཀ་དེ་ལྷོད་པོར་མི་བྱ་ཐབས་མེད་གྱུར།

    རྣམས་པ་ཚོ་སེམས་ཤུགས་མ་ཆག མ་ཞིམ། མ་འཁུམ། རྗེ་ཏཱ་ར་ནཱ་ཐའི་ཞལ་ནས། ཁྱེད་ཀྱི་བསྟན་པ་ལ་སྡང་བ་དང་གནོད་པ་བྱེད་པ་ཐམས་ཅད་གང་ལ་གང་འདུལ་གྱི་ཐབས་སྣ་ཚོགས་ཀྱིས་བཏུལ་ནས་ཁྱེད་ཀྱི་བསྟན་པ་ལ་འགོད་པར་གྱུར་ཅིག ཅེས་དང་། ལུས་དང་ལོངས་སྤྱོད་དང་སྲོག་ལས་ཀྱང་ཁྱེད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག ཅེས་པའི་ཐུགས་སྨོན་དང་ལུང་བསྟན་གནངས་པ་དེར་དད་འཇོག་བྱ་འཚལ། །
    ཇོ་ནང་ཆོས་བརྒྱུད་འཛིན་ཐ་བ་ཤེས་རབ་ཆོས་འཕེལ་ནས། Sep 23,2015 །

    Reply
  2. ཆོས་བཟང་། says:
    ལོ་ 11 སྔོན།

    ཡ་ཡ། ད་ཤོད་ཏ།

    Reply
  3. Sonam says:
    ལོ་ 11 སྔོན།

    ད་རེས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོ་ཐང་མ་སྤྲོད་པ་འདི་ཆབ་སྲིད་རིག་པའི་ཐད་ནས་བཤད་ན་ཧ་ཅང་ལེགས་པོ་ཞིག་བྱུང་ཡོད། གྲོས་ཚོགས་གང་འདྲ་ཞིག་ཡིན་རུང་རང་ཕྱོགས་ལ་རུང་རྐུབ་སྟེགས་མང་པོ་ཐོ་རྒྱུ་འབོད་བརྩོན་བྱེད་ཀྱི་ཡོད། དེ་ནི་ལོས་ཡིན་ཏེ་མང་མོས་ཞིག་ཐོབ་དགོས་ན་རང་ཕྱོགས་ཀྱི་མི་སྣ་ཉུང་དུ་སོང་ཚེ་ཐོ་ཐབས་མེད་པ་གསལ་པོ་རེད། དེ་བཞིན་འུ་ཚོའི་གྲོས་ཚོགས་ནང་དུའང་ཆབ་སྲིད་ཚོགས་པ་ཟེར་བ་མེད་ན་ཡང་ཆོལ་ཁ་གསུམ་པོ་དེ་ཆབ་སྲིད་ཚོགས་པ་གསུམ་རེད་ཟེར་ཆོག ད་སྐབས་རྐུབ་སྟེགས་མང་ཤོས་ཐོ་མཁན་དེ་མདོ་སྟོད་ཡིན་པ་ནི་ཆོས་བརྒྱུད་ཀྱི་རྐུབ་སྟེགས་དེ་དག་ཀྱང་མདོ་སྟོད་ལ་ཐོབ་བཞིན་ཡོད་ཅིང་། མི་རེ་འགས་འདི་ལ་བལྟས་ནས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བ་རེད། ད་ཐེངས་ཇོ་ནང་ལ་རྐུབ་སྟེགས་སྤྲོད་ན་ཆོས་བརྒྱུད་ཅིག་ལ་ཐོ་ཐང་ཙམ་མིན་པར་མདོ་སྨད་ལ་རྐུབ་སྟེགས་གཉིས་འབུལ་བ་དང་ཁྱད་མེད་པས་ཆབ་སྲིད་རིག་པའི་ཐད་ནས་བཤད་ན་དོན་མེད་ཕམ་ཁ་ཆེན་པོ་ཞིག་ཁུར་བ་གཅིག་མཚུངས་སུ་གྱུར་ཡོད།

    Reply
  4. ལྷ་་སྤྱན་གསུམ་པ says:
    ལོ་ 11 སྔོན།

    ངས་མནའ་སྔོན་ལ་སྐྱེལ་ནས་རྒྱུ་མཚན་རྗེས་ལ་བཤད་རྒྱུ་ཡིན། ༼བཀའ་འགྱུར༽ ཆོས་རྒྱུད་སྤྱི་འཐུས་ཟེར་བ་ཞིག་མེད་ན། འདིའི་བརྗོད་པ་གཉིས་པར་མང་མོས་ཀྱིས་རྒྱབ་སྐྱོར་བྱེད་ངེས་ལ། ཡང་ན་ཆོལ་ཁ་ཟེར་བ་ཞིག་མེད་ན་དེ་བཞིན་ཡོང་ངེས། འདི་ལྟར་བསམ་བློ་བཏང་ན། ཁྱེད་ཀྱིས་བཤད་པ་དེ་དོན་ལ་ཁེལ་ཡོད་པ་སླ་བོར་ཤེས་སོང་། ཧ་ཧཧ་་ཧ

    Reply
  5. བསྟན་ཆོས། says:
    ལོ་ 11 སྔོན།

    ཡ་མཚན་རེད། ཆོས་རྒྱུད་ཅིག་ལ་ངོས་ལེན་གནང་རྗེས་དེ་ལ་སྤྱི་འཐུས་མི་ཐོབ་ས་ག་ལ་འགྲོ ས྄མོས་གནང་དགོས་ངེས་ཤིག་ལ་སུམ་ཆའི་གཉིས་ཀྱིས་རྒྱབ་སྐྱོར་མ་ཐོབ་པ་དེས། ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པ་དང་དྲང་བདེ་ལ་བརྩི་བཀུར་བྱེད་མཁན་སྤྱུ་འཐུས་༡༧ ལས་མེད་པ་གསལ་བོ་ཆགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese