མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདོད་བློ་ཁེངས་པ་ཞིག་རྩ་བ་ཉིད་ནས་བྱུང་མ་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་གྲོས་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་ཀྱི་ཐོབ་ཐང་སྤྲད་མེད་པའི་ཐོག་ཇོ་ནང་བ་མང་པོ་ཞིག་གིས་སྤྱི་འཐུས་ཚོགས་ཁང་སྒོ་ཁར་ཞི་འབོད་གནང་བ་དེ་གནས་སྐབས་རིང་མཚམས་འཇོག་གནང་ཡོད་འདུག

ཁ་སང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་མཇུག་བསྡོམས་ཉིན། རྒྱ་གར་དང་བལ་ཡུལ་གྱི་ཇོ་ནང་ཆོས་བརྒྱུད་རྗེས་འཇུག་སློབ་རྒྱུན་བརྒྱད་ཅུ་ལྷག་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་ཁར་འཛོམས་ཏེ། ཚེས་ ༢༦ ཉིན་གྲོས་ཚོགས་ནང་ཇོ་ནང་ལ་བོད་པའི་ཆོས་བརྒྱུད་སྤྱི་མཚུངས་ལྟར། སྤྱི་འཐུས་གཉིས་ཀྱི་ས་མིག་མ་སྤྲད་པའི་ཐད་ཞི་འབོད་ལས་འགུལ་ཞིག་སྤེལ་ཡོད་ཅིང་། གྲོས་ཚོགས་མཇུག་བསྡོམས་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གནས་ཚུལ་དེའི་སྐོར་ལ་གསལ་བཤད་ཅིག་ཀྱང་གནང་ཡོད།

ཉིན་གུང་ཆུ་ཚོད་ ༡༢།༣༠ སྟེང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བ་ཡོངས་སུ་མཇུག་བསྒྲིལ་ཡོད་སྟབས། ཉིན་རྒྱབ་ཆུ་ཚོད་ ༡།༠༠ ཙམ་ལ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ཀྱིས། ཞུ་འབོད་ལས་འགུལ་སྣེ་འཁྲིད་པ་འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་པོ་ཀུན་དགའ་འཚམས་ཆུང་ལགས་དང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་རྣམ་གཉིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་འབོད་འགུག་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཙམ་ལ་ཞུ་འབོད་ལས་འགུལ་མཚམས་འཇོག་གནང་ཡོད་པ་རེད།

འདི་གའི་གསར་འགོད་པས་མཁན་པོ་ཀུན་དགའ་མཚམས་ཆུང་ལགས་སུ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་མཇུག་བསྡོམས་སྟེང་ཁྱེད་རྣམ་པའི་དགོས་ཞུ་འབོད་སྐོར་ལ་གསལ་བཤད་གནང་བའི་ཐད་དགོངས་ཚུལ་གང་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ང་ཚོས་དགོས་འདུན་དོན་ཚན་བཞི་བཏོན་པ་དེར། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་མཇུག་བསྡོམས་གཏམ་བཤད་གནང་སྐབས་དེ་ཚོའི་སྐོར་ལ་གསུང་བཤད་ཅིག་གནང་ཡོད་ས་རེད། ང་ཚོས་དེར་འདོད་བློ་ཁེངས་པ་ཞིག་རྩ་བ་ཉིད་ནས་བྱུང་མ་སོང་། ད་ལྟའི་དུས་ཚོད་འདིར་བོད་ནང་གི་དགོན་པ་བརྒྱ་ཕྲག་དང་ཇོ་ནང་བ་འབུམ་ཕྲག་གིས་ཉིན་མཚན་ཀུན་ཏུ་བསང་བཏང་བ་དང་རླུང་རྟ་བཙུགས་པ་སོགས་བྱས་ཏེ། ང་ཚོས་ལོ་ངོ་ ༡༨ རིང་ཞུ་འབོད་བྱས་པ་དག་ལ་གྲོས་ཚོགས་ཚོགས་དུས་འདིའི་སྐབས་ཐག་གཅོད་ཡོང་རྒྱུ་རེད་བསམ་ནས་རེ་སྒུག་བྱས་ནས་བསྡད་ཡོད་ཀྱང་། ད་ཐེངས་གྲོས་ཚོགས་སྐབས་རྒྱབ་སྐྱོར་གྱིས་མ་འདང་བའི་དབང་གིས་གྲོས་ཆོད་འདི་འགྲོ་ཐུབ་མེད་པ་མ་ཟད། བོད་ནང་གི་ཛ་དྲག་གནས་སྟངས་དེ་ཟློག་མ་ཐུབ་པར་ལྷག་བསྡད་ཡོད་སྟབས། འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་ཞེས་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ཁོང་ལ་ཉིན་རྒྱབ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁྱེད་རང་ཚོགས་དྲུང་ལས་ཁུངས་ལ་འབོད་འགུག་གནང་སྟེ་ག་རེ་གསུངས་ཡོད་མེད་དྲིས་པར། ཁོང་གིས། ཚོགས་གཙོ་མཆོག་གིས་ཚོགས་གཙོ་གཞོན་གཉིས་ཀྱིས་དམིགས་བསལ་ཐག་གཅོད་བྱེད་དབང་གང་ཡང་ཡོད་པ་མ་རེད། ཚོགས་གཙོ་གཞོན་གཉིས་ཀྱིས་ལས་འགན་བྱེད་དགོས་པ་ཚང་མ་བྱས་ཚར་ཡིན། ཐག་གཅོད་དེ་སྤྱི་འཐུས་གྲོས་ཚོགས་ནང་བྱེད་དགོས་པ་ཞིག་ཆགས་ཡོད་པ་དང་། གྲོས་ཚོགས་ནང་སྤྱི་འཐུས་ཀྱི་རྒྱབ་སྐྱོར་གྱིས་འདང་མེད་སྟབས། དེར་ཚོགས་གཙོ་གཞོན་གཉིས་ཀྱིས་དམིགས་བསལ་གཏོང་རྒྱུ་གང་ཡང་མེད་ཀྱང་། མ་འོངས་པར་གནད་དོན་ཐག་གཅོད་ཡོང་སྲིད་པ་ཞིག་རེད། ད་ཐེངས་ཁྱེད་རང་ཚོ་སྒོ་འགྲམ་ལ་ཞི་རྒོལ་ཡོང་བ་དེ་དམངས་གཙོའི་ལམ་ལུགས་དང་མཐུན་པ་ཞིག་ཡིན་སྟབས། དེར་དམིགས་བསལ་འགག་བྱ་གང་ཡང་མེད་ཅེས་གསུངས་བྱུང་། ཡིན་ནའང་ཚོགས་གཙོ་གཞོན་གཉིས་ཀྱིས་གསུངས་པ་དེར་ང་རང་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་ཡང་། ཁོང་རྣམ་གཉིས་ཀྱིས་དམིགས་བསལ་འགན་ཆེན་པོ་ཞིག་འཁུར་དགོས་སྟབས། གནས་སྐབས་རིང་ཐག་གཅོད་དེ་རང་མི་བྱེད་ཀ་མེད་ཆགས་ཡོད་པ་རེད་བསམ་པ་ཞིག་ལས་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་། ཞེས་བརྗོད་བྱུང་།

མཁན་པོ་ཀུན་དགའ་མཚམས་ཆུང་ལགས་སུ་གྲོས་ཚོགས་མཇུག་རྫོགས་ཡོད་པ་དང་། ཁྱེད་རྣམ་པའི་ཞུ་འབོད་ལས་འགུལ་ཡང་ཕྱིར་བསྡུ་གནང་ཡོད་སྟབས། མ་འོངས་པར་འཆར་གཞི་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། དེ་རིང་གི་ལས་འགུལ་འདི་གནས་སྐབས་རིང་མཚམས་འཇོག་བྱས་པ་རེད་མ་གཏོགས། ང་ཚོའི་ལས་འགུལ་རྦད་དེ་མཚམས་འཇོག་བྱས་པ་དེ་འདྲ་མ་རེད། སང་ཉིན་འདིར་འཛོམས་ཡོད་པའི་རྒྱ་བལ་འབྲུག་གསུམ་གྱི་ཇོ་ནང་བ་ཚོས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་སྟབས། ད་ཆར་ངས་ཐབས་ལམ་འདིའི་ཐོག་འགྲོ་དགོས་པ་རེད་ཅེས་ལབ་རྒྱུ་གང་ཡང་མེད། ཡིན་ཡང་ངས་གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་དང་མ་འགལ་བ་དང་དམངས་གཙོའི་ལམ་ལུགས་དང་མཐུན་པར་ལས་འགུལ་སྤེལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ཁོང་ལ་དེ་རིང་སྤྱི་འཐུས་ལས་ཁུངས་སྒོ་ཁར་ཞི་འབོད་གནང་བ་དེར་གྲུབ་འབྲས་གང་འདྲ་ཞིག་འཐོན་པར་རེ་བ་གནང་གི་ཡོད་མེད་དྲིས་པར་ཁོང་གིས། ཕྱོགས་གཅིག་ནས་ང་ཚོས་མི་ལོ་ ༡༨ རིང་ལ་བཙན་བྱོལ་སྒྲིག་འཛུགས་ལ་ཧ་ལམ་སྙན་ཞུ་པོ་ཏི་གཅིག་མན་ཙམ་ཞིག་བཏང་ཡོད་ཀྱང་གྲུབ་འབྲས་མ་ཐོན་སྟབས། ཇོ་ནང་གཞིས་བྱེས་གཉིས་དང་ལྷག་པར་དུ་གཞིས་ལུས་ཇོ་ནང་བ་ཚོའི་ངོ་ཚབ་བྱས་ཏེ། དེ་རིང་འདིར་ཞུ་འབོད་བྱེད་བར་ཡོང་བ་ཡིན་ཡང་མང་ཚོགས་ཁྲོད་ཆབ་སྲིད་གོ་རྟོགས་དེ་ཙམ་མེད་སྟབས། ང་ཚོས་བཙན་བྱོལ་སྒྲིག་འཛུགས་ལ་ངོ་རྒོལ་བྱེད་བར་ཡོང་བ་རེད་བསམ་པའི་སེམས་ཚོར་ཞིག་ཡོང་གི་ཡོད་ས་རེད། གཉིས་ནས་བོད་མི་ཞིག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱི་སྒོ་འགྲམ་དུ་ཡོང་ནས་ཞུ་འབོད་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ང་ཪང་ཚོ་ལ་མཚོན་ནའང་བློ་ཕམ་གྱི་རང་བཞིན་ཞིག་རེད། ཡིན་ནའང་ང་ཚོར་ཐབས་ལམ་གཞན་མེད་སོང་བ་རེད། མི་མང་ལ་གསལ་བོ་བཟོ་དགོས་པ་ཞིག་ལ། ང་ཚོས་དེ་རིང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པར་ཞུ་འབོད་བྱེད་ཀྱི་ཡོད་པ་ལས། བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ལ་ངོ་རྒོལ་བྱེད་པ་ཞིག་རྩ་བ་ནས་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

མཆན། 4

  1. མཁར་སྟོད། says:
    ལོ་ 8 སྔོན།

    བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་འདི་ཡང་དག་གཅིག་དང་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། ལྟ་གྲུབ་གང་གི་ཆ་གང་ནས་ཀྱང་ཇོ་ནང་པ་ནི་ཆོས་ལུགས་རང་རྐྱ་འཕེར་བ་ཞིག་ཡིན་པ་ཡོངས་གྲགས་སོང་ཙང་། ཁོ་ཚོས་ཐོབ་ཐང་རྩོད་པ་ནི་མང་གཙོའི་ལམ་ལུགས་དང་མཐུན་པ་ཞིག་རེད། ཐོབ་ཐང་རྩོད་པ་འདིར་འབྲས་བུ་ཞིག་ཀྱང་གཏན་གཏན་སྨིན་གྱི་རེད།
    མི་ཁ་ཤས་ཀྱི་ཁ་ཆེ་ལ་སོགས་པའི་བོད་པའི་སྤྱི་ཚོགས་ནང་ཡོད་པའི་ཆོས་ལུགས་གཞན་ཚོ་ལ་ཡང་ཐོབ་ཐང་སྤྲོད་དགོས་ཚེ་ང་ཚོའི་མཐུན་སྒྲིལ་ལ་གནོད་པའི་གཞི་རྐྱེན་དུ་གྱུར་བའི་བཀའ་མོལ་གསུང་མཁན་ཡང་ཡོང་གི་ཡོད་པ་རེད། ངའི་བསམ་པར་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཡོང་སྲིད་པ་རེད་ལ་ཡོང་ཡང་ཆོག་གི་རེད། བོད་མི་ཆོས་ལུགས་གཞན་གྱི་རྗེས་འབྲངས་པ་ཚོས་ཐོབ་ཐང་རྩོད་ཀྱི་ཡོད་ན་ངེས་པར་དུ་ཐོབ་ཐང་དེ་ཕུལ་དགོས་ཀྱི་རེད། དེ་ནི་མང་གཙོའི་ལམ་ལུགས་དང་ཡོངས་སུ་མཐུན་པ་ཞིག་རེད། མ་ཟད་མང་གཙོའི་ལམ་ལུགས་ཚགས་ཚུད་དང་ཡང་དག་ཏུ་འགྲོ་རྒྱུར་ཡང་ཕན་ཕན་ཐོགས་ཡོད།
    ལྷག་པར་དུ་མང་ཚོའི་ལམ་ལུགས་ཀྱི་སྤྱི་ཚོགས་ཤིག་གི་ནང་ལ་མང་གཙོའི་ལམ་ལུགས་འགྲོ་སྟངས་ཀྱི་ཆ་ཤས་ལེན་མཁན་མེད་ཚེ་དམངས་གཙོའི་སྤྱི་ཚོགས་ཡང་དག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད།

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 8 སྔོན།

    བོད་ཀྱི་སྤྱི་འཐུས་གྲོས་ཚོགས་ཁང་གསར་པ་ལ། དམངས་གཙོའི་ལམ་ནས་སྐད་འབོད་གསར་པ་སྟེ་གསར་པ་ཉིས་བརྩེགས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  3. མི་རྒོད། says:
    ལོ་ 8 སྔོན།

    ད་གཞིས་ནས་མང་གཙོའི་མི་སེར་སློབ་ཕྲུག་ཚོ་སྦྱོང་བརྡར་ལ་དོན་ཞག། འོ་བྱས་ཙང་ཆོས་ལུགས་སྲིད་ཀྱི་ལྡིང་ཆ་ལ་བཞག་ན་མ་འོངས་པའི་དུས་བབས་ནང་ཧ་ཅང་རྙོག་རྫིང་ཆགས་གཏན་འཁེལ་བ་རེད། མང་གཙོའི་རྒྱལ་ཁབ་གང་དུའང་འདི་དར་མེད་བཙན་བྱོལ་མ་འོངས་ལམ་སྟོན་མང་གཙོ་འདི་ལ་བོད་མི་དུམ་བུར་འགྱུར་གཞི་ཆོས་ལུགས་ཀྱི་མ་ཤེས་ཤེས་མདོག་དང་ མ་མྱོང་འཇོན་མདོག་གི་བཟོ་ཉེན་འདུག། ཆོས་ལུགས་སྲིད་ཀྱི་གྲོས་ཚོགས་ནང་འཐུས་མི་བཞག་ཚེ་བུ་རང་མགོ་མ་འཐོན་ གཞན་མགོ་འབད་འབད་ ཞེས་པ་ལྟར་ཆགས་ངེས་རེད། གལ་ཏེ་ཆོས་ལུགས་གང་གི་བླ་མ་དང་ དགེ་བཤེས་ མཁན་པོ་ གྲ་རྐྱང་དཀྱུས་མ་ མང་གཙོའི་འོས་བསྡུ་བྱས་ནས་ལྷན་ཁང་སླེབས་ཚེ་དེ་ནི་ཞན་ཆ་མེད་པ་རེད། དེ་མིན་ཆོས་ལུགས་པའི་འོས་འགན་ནི་ནང་ཆོས་དར་རྒྱས་ཀྱི་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་ནས་འཛམ་གླིང་ནང་མིག་དཔེ་འོས་པའི་གཞན་ཕན་སྤྱི་ཚོགས་བསྐྲུན་ན་ལེགས་ཤོས་དང་ འོས་ཤོས་ཡོད་རད། ཡེ་ཤུའི་བླ་ཆེན་ལ་སྲིད་དབང་ཞབས་སྟེགས་མེད་པ་མ་ཟད་རྒྱ་གར་ནང་ཡང་དེར་མིག་དཔེ་ལེན་ཡོད་ བོད་པའི་འགྲོ་ལུགས་འདི་ལྟ་བུ་ཕལ་ཆེར་ཁ་ཆེ་བ་ཚོས་སྲིད་དབང་སྒེར་འཛིན་ནང་མང་པོ་མཐོང་ལ་ དེར་ཤིཡ་དང་ སུ་ནི་ཞེས་ད་ལྟ་རང་ཤི། ང་རྒྱལ། ཞེས་འཐབ་རྩོད་བྱེད་པ་འདིས་ཤེས་ཐུབ། རྣོ་བསམ་ངོ་མ་གཞི་སྟངས་ནས་བསྒྱུར་བཅོས་ཀྱི་ཆོས་ལུགས་སྤྱི་འཐུས་ཡོངས་རྫོགས་ད་ལྟ་རང་མེད་པ་བཟོ་དགོས། འདིའི་ཐོག་བོད་རིགས་ན་གཞོན་ཡོངས་ནས་མང་གཙོའི་ལས་འགུལ་སྤེལ་དགོས་པ་རེད།
    ང་ཚོར་དགོས་པ་དེ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་འཐུས་མི་དགོས་ཤིང་། དེ་ཡང་ས་རྒྱ་ལ་བལྟས་ནས་བཞག་ན་འགྲིག་ལ། མི་འབོར་ལ་བལྟས་ནས་བཞག་ནའང་འགྲིག་ཤིང་། དེ་ཡི་གཞི་འཛིན་ས་ནི་བོད་རང་ལ་བྱེད་དགོས་པ་ལས་བཙན་བྱོལ་གྱིས་མི་འབོར་གྱི་གཏན་ནས་ཡོང་གི་མ་རེད། ནམ་ཞིག་གོམས་པ་བརྒྱག་དུས་སླེབས་སྐབས། ཧ་ཅང་བཏབ་བདེ་ལ་དོན་སྙིང་ལྡན་པ་ཞིག་ཆགས་ཀྱི་རེད། ད྄་ལྟའི་བཙན་བྱོལ་མང་གཙོའི་འགྲོ་ལུགས་ལ་རྒྱ་གར་གྱིས་ལྷད་ཆེན་པོ་ཡོད་ལ། ཡིན་ཡང་རྒྱ་གར་བས་ཆོས་ལུགས་འཐུས་མི་བཀོད་ཕྱོགས་ལ་ཤ་ཚའི་ལམ་སྟོན་བྱས་མེད། རྒྱ་གར་ཁོ་རང་གི་འགྲོ་སྟངས་འདི་ལག་སྟར་བྱེད་ཀི་མེད་པ་རེད། རྒྱ་གར་བ་ཆབ་སྲིད་མཁས་དབང་ཚོས་ཆོས་ལུགས་འདི་མགོ་རྙོག་ཡིན་པར་ངོས་འཛིན་གསལ་པོ་བྱེད་པ་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ་་་་་་་་་་ ང་ཪང་ཚོ་ལ་མཚོན་ནའང་བློ་ཕམ་གྱི་རང་བཞིན་ཞིག་རེད། ཡིན་ནའང་ང་ཚོར་ཐབས་ལམ་གཞན་མེད་སོང་བ་རེད།
    མི་མང་ལ་གསལ་བོ་བཟོ་དགོས་པ་ཞིག་ལ། ང་ཚོས་དེ་རིང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམ་པར་ཞུ་འབོད་བྱེད་ཀྱི་ཡོད་པ་ལས། བོད་མིའི་སྒྲིག་འཛུགས་དང་སྤྱི་འཐུས་ལྷན་ཚོགས་ལ་ངོ་རྒོལ་བྱེད་པ་ཞིག་རྩ་བ་ནས་མ་རེད་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist