མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དྲག་སྤྱོད་པའི་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སི་རེ་ཡའི་དྲག་སྤྱོད་ཤོག་ཁག་གིས་གྲོང་ཚོ་ཞིག་ལ་གློ་བུར་འཇབ་རྒོལ་གྱིས་ཕྲུ་གུ་གཉིས་ཐེ་པའི་ཡུལ་མི་ ༣༧ དམར་གསོད་བཏང་ཡོད་འདུག

ཁ་སང་སི་རེ་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་གིས་སི་རེ་ཡའི་ཧཱ་མཱ་མངའ་སྡེའི་མཱ་བྷུ་ཇཱ་ (Mabujeh) གྲོང་ཚོར་གློ་བུར་འཇབ་རྒོལ་བྱས་ཏེ། ཕྲུ་གུ་གཉིས་ཐེ་བའི་ཡུལ་མི་ ༣༧ དམར་གསོད་དང་། གཞན་མི་ ༢༡ ཙམ་ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་གཙོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་རྒྱལ་ཁབ་མང་པོ་ཞིག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

འདིའི་ཐད་སི་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཁང་གི་འགན་འཛིན་ར་མན་ (Rami Abdel Rahman) གྱིས་རོའུ་ཌར་གསར་ལམ་ཐོག “དྲག་སྤྱོད་པས་ལག་ཏུ་མཚོན་ཆ་འདྲ་མིན་ཐོགས་ནས་ཡུལ་མི་མང་དག་ཅིག་བཙན་ཁྲིད་བྱས་ཡོད་པ་མ་ཟད། འགའ་ཤས་གསོན་བསྲེགས་དང་སྐེ་བྲེགས་པ་སོགས་བྱས་ནས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་སྟེ་ངེས་མེད་མི་སེར་ ༣༧ བསད་འདུག་སྟབས། ད་ལྟ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ནུས་ཤུགས་དཔུང་སྒྲིལ་གྱིས་ཁོ་ཚོ་རྩ་མེད་བཟོ་ཐབས་བྱེད་དགོས”ཞེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མགྲིན་ཚབ་མ་པོལ་ཨེ་ལི་ (Cecile Pouilly) ཡིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། “ང་ཚོས་སི་རེ་ཡའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སེམས་ཁྲལ་བྱེད་བཞིན་ཡོད་པ་མ་ཟད། ས་ཁུལ་དངོས་ནང་མི་སྣ་ཆེད་གཏོང་གིས་བྱ་འགུལ་སྤེལ་ཏེ་འགྲོ་བ་མིའི་གནས་སྟངས་ཡར་རྒྱས་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ད་ལྟ་སི་རེ་ཡ་དྲག་སྤྱོད་པས་གང་བྱས་ཡིན་སྟབས། ང་ཚོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་དེ། མང་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བརྗོད་འདུག

དེ་རིང་ནེའུ་ཡོག་དུས་བབ་དང་དབྱིན་ཡུལ་གྱི་ཆ་འཕྲིན་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༢༠༡༡ ལོར་སི་རེ་ཡའི་ཟིང་འཁྲུག་ཞོད་འཇགས་བྱུང་བ་དང་འབྲེལ། ཁ་ཆེའི་ཆོས་ལུགས་རྗེས་འབྲང་པ་སོ་ཎེ་དང་ཤཱ་སེ་བར་ནང་འཁྲུག་བྱུང་རྗེས། སི་རེ་ཡ་དང་ཨི་རག་ནང་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISI) ཅེས་པ་ཞིག་བྱུང་སྟེ། འདས་ལོའི་ལོ་མཇུག་བར་སི་རེ་ཡའི་ཡུལ་མི་ ༢༡༥༠༠༠ བསད་ཡོད་པ་མ་ཟད། ཉེ་ལམ་དྲག་སྤྱོད་ཤོག་ཁག་གིས་སི་རེ་ཡའི་ཤཱ་སེ་ཁ་ཆེ་བ་སྡོད་ཡུལ་ཧོམ་སོ་ (Homs) དང་ཨཱ་ལེ་པོ་ (Aleppo) མངའ་སྡེར་འཇབ་རྒོལ་བྱས་ཏེ། ཡུལ་མི་ ༡༩༥ ལྷག་བསད་ཡོད།

བདུན་ཕྲག་སྔོན་མའི་ནང་དྲག་སྤྱོད་པས་སླར་ཡང་སི་རེ་ཡའི་བྱང་ཤར་ས་ཁུལ་གྱི་གྲོང་ཚོ་ཁག་ཅིག་ལ་གློ་བུར་སིམ་འཛུལ་དང་འབྲེལ་གཞུང་ལམ་བཙན་བཟུང་བྱེད་རྩིས་བྱས་ཡོད་སྟབས། གཞུང་དམག་གིས་ཁོ་ཚོ་བར་འཐབ་འཛིང་ཤོར་ཏེ་དྲག་སྤྱོད་པ་ ༢༦ ལྷག་ཙམ་གསོད་ཐུབ་ཡོད་ཀྱང་། སྐབས་དེར་དྲག་སྤྱོད་པས་མེ་མདའ་གང་བྱུང་བརྒྱབ་ཡོད་སྟབས། མཐའ་ཁུལ་གྱི་གྲོང་ཚོ་ཁག་ཅིག་ལ་གཏོར་རྒོལ་ཕོག་སྟེ་ཡུལ་མི་ ༨༣ རྐྱེན་འདས་དང་། ཁ་སང་དྲག་སྤྱོད་པས་སི་རེ་ཡའི་ནུབ་བྱང་ས་ཁུལ་གྱི་གྲོང་ཁྱེར་ཨི་ཌེ་ལེབ་ (Idlib) ལ་མཁའ་རྒོལ་བྱས་ནས་མི་ ༣༢ བཅས་བསད་ཡོད་ཅེས་བཀོད་འདུག

ཆབ་སྲིད་དབྱེ་ཞིབ་པ་རོ་བྷར་ཌི་ཀར་ཌིན་ལགས་ཀྱིས་རྒྱ་གར་དུས་བབ་ཐོག ཉེ་ལམ་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སི་རེ་ཡ་དང་ཨི་རག་གི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ལ་གནམ་ས་གཉིས་ཐོག་ནས་རྒོལ་ལན་བསློགས་ཡོད་ཀྱང་། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་རེ་བ་བརྒྱབ་པ་ལྟར་ད་བར་ཕན་འབྲས་དེ་ཙམ་ཐོན་མེད་སྟབས། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་ཐུང་མོང་ཐོག་ཁ་གཏད་གཅག་སྟེ་ཐག་གཅོད་བྱེད་དགོས་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ཁ་གཏད་མ་བཅག་པར་དྲང་བདེན་གྱིས་ཞི་འཇོམས་དགོས། དེ་བྱུང་ན། དྲག་སྤྱོད་པ་རྒྱུན་ཆད་ཐུབ་བོ།།

    Reply
  2. ལྷ་་སྤྱན་གསུམ་པ says:
    ལོ་ 8 སྔོན།

    མི་ཚོགས་རེ་ཟུང་གིས་གྲུབ་པའི་ཚོགས་པ་ཆུང་ཆུང་དེས་བློ་ཐག་ཆོད་པའི་བྱ་འགུལ་དེ་འགོག་ཐུབ་མཁན་ཞིག་ད་དུང་གླིང་འདིར་མེད་པ་འདིས། གདོན་མའི་སྙིང་སྟོབས་ཀྱི་རྒྱུན་མ་ཆད་པའི་གངས་ཅན་པ་ཚོར་གསལ་བརྡ་ཞིག་བྱེད་བཞིན་མི་འདུག་གམ། གང་ལྟར་འཚོ་བ་དོན་གཉེར་ཅི་ཙམ་མང་ན་ཡང་། འཆི་བ་བློས་གཏོང་ཁ་ཤས་ལ་ལག་མི་ཁེལ་བ་ངེས་ཅན་རེད། རྗེས་ཕྱོགས་སུ་ལམ་འདི་གཏན་ནས་མེད་པ་ནི་དེ་ལས་ཀྱང་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist