༄༅། །རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ལས་ཁང་འདི་ཉིད་ཕྱི་ལོ་ ༡༩༨༨ ལོར་གསར་བཙུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གཅེས་སྐྱོང་བྱེད་པའི་གལ་ཆེའི་ཁེ་མེད་སྒྲིག་འཛུགས་ཤིག་ཡིན་པ་དང་། འདི་ལོ་བོད་མིའི་དབུ་འཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་དུས་ཆེན་ཁྱད་པར་ཅན་འདི་སྲུང་བརྩི་ཞུ་བའི་ཆེད་དུ་མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་སྐོར་ལས་སྙན་རྩོམ་ཚིག་བཅད་ཀྱི་འགྲན་བསྡུར་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་ལགས་ན། མཁྱེན་ལྡན་ཡངས་པའི་སེར་སྐྱ་ཕོ་མོ་ཁྱད་མེད་སུ་ཞིག་མཉམ་ཞུགས་གནང་ཡང་དགའ་བསུ་ཞུ་རྒྱུ་ལགས་ན། དེའི་ཆ་རྐྱེན་གཤམ་གསལ་བཞིན་ཡིན་པས་ཐུགས་སྣང་ཡོང་བའི་གསལ་བསྒྲགས་སུ།།
སྙན་རྩོམ་བརྗོད་གཞི། ༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན།
མཉམ་ཞུགས་གནང་མཁན་གྱི་འོས་ཆོས། ལོ་ཚད་དང་། མི་རིགས། ཤེས་ཚད། སེར་སྐྱ། ཕོ་མོ། གནས་ཡུལ་ གྱི་དབྱེ་བ་མེད།=
འགྲན་བསྡུར་ཆ་རྐྱེན། ཚིག་བཅད་ཤོ་ལོ་ཀ་དྲུག་ནས་བརྒྱད་བར་ཡིན་ཅིང་། ཚིག་བཅད་རེར་ཚིག་འབྲུ་ ༡༢ ལས་ མང་བ་དང་། ཤོ་ལོ་ཀ་བརྒྱད་བརྒལ་ན་རྩིས་མེད་གཏོང་རྒྱུ།
རྩོམ་ཡིག་འབྱོར་ཚེས། ཕྱི་ཟླ་ ༥ ཚེས་ ༣༠། ཕྱི་དྲོའི་ཆུ་ཚོད་ ༥། དུས་ཚོད་དེ་ལས་བརྒལ་ན་རྩིས་མེད་གཏོང་རྒྱུ།
བྱ་དགའ། དང་པོར་ཧིན་སྒོར་ ༡༥༠༠༠། གཉིས་པར་ཧིན་སྒོར་ ༡༠༠༠༠། གསུམ་པར་ཧིན་སྒོར་ ༥༠༠༠།
གྲུབ་འབྲས་གསལ་བསྒྲགས། ཕྱི་ལོ་ ༢༠༡༥ ཟླ་་ ༧ ཚེས་ ༦ ༸སྐུའི་འཁྲུངས་སྐར་དུས་ཆེན།
འགྲན་བསྡུར་ཞིབ་དཔྱོད་པ། མཁས་དབང་བྲག་ཡབ་སྐྱབས་མགོན་མཆོག་དང་། ཝ་ར་ཎ་སི་མཐོ་སློབ་ཀྱི་ ངེས་སྟོན་པ་ཤསྟྲི་བློ་བཟང་ནོར་བུ་ལགས་རྣམ་གཉིས་ཡིན།
འབྲེལ་བ་བྱ་ཡུལ་ཁ་བྱང་།
Secretary, Manjushree Centre of Tibetan Culture, 1
2, Gandhi Road, Darjeeling – 734101,
West Bengal, India. Email: mctcdarjeeling@gmail.com
ཟུར་བརྗོད། རྩོམ་ཡིག་འགྲན་བསྡུར་ཞིབ་དཔྱོད་པས་ཐག་གཅོད་ཇི་གནང་ལ་ངོས་ལེན་ཞུ་བ་ལས། བསྐྱར་ཞིབ་རེ་བསྐུལ་ཞུ་མི་ཆོག །འདི་གར་འབྱོར་བའི་རྩོམ་ཡིག་རྣམས་དུས་དེབ་དང་དྲ་རྒྱ་སོགས་ནང་དཔར་བསྐྲུན་བྱ་དབང་འཇམ་དབྱངས་རིག་གཅེས་ལས་ཁང་ལ་ཡོད་དགོས་པ་བཅས་སོ།།
ANNOUNCEMENT
Manjushree Centre of Tibetan Culture (MCTC), Darjeeling is a non-profit non-governmental organisation set up in 1988 with an aim to initiate activities for the preservation and promotion of Tibetan language and culture. MCTC is happy to announce a Poetry Competition in Tibetan as one of the activities to celebrate the 80th Birthday of His Holiness the Dalai Lama.
Topic: “Ka-trin Jey-dren”- ‘Gratitude to His Holiness the Dalai Lama
Eligibility: Open-no bar on age, nationality or academic qualifications.
Competition Rules: The poetry should be in Tibetan and should no exceed 32 lines.
Prizes: Certificate and INC 15,000, 10,000 and 5,000 for the top three.
Distinguished Judges: Ven. Dragyab Rinpoche (Germany) and
Ven. Losang Norbu Shastri (Sarnath)
Deadline: Must reach on or before 5:00 p.m. 30th May 2015.Result Declaration: 6th July 2015 at public function.
Contact: Please email your poem along with your name and contact to
mctcdarjeeling@gmail.com or post it to:
The Secretary, Manjushree Centre of Tibetan Culture
12, Gandhi Road, Darjeeling-734101,
West Bengal, India.
P.S.: The decision of the panel of judges is final. No appeals will be considered. MCTC reserves the right to exibit or publish the poems submitted as part of this competition.