མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སེམས་ཞི་ཞིང་དུལ་བ་དེས་ཁྱེད་རང་སྲུང་སྐྱོབ་བྱེད་ཐུབ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དྷ་རམ་ས་ལའི་བོད་ཀྱི་བདེ་རྩའི་རྨང་རིམ་ཤེས་ཡོན་སློབ་གྲྭའི་སྐབས་དང་པོའི་མཐར་ཕྱིན་སློབ་མའི་ལག་འཁྱེར་སྤྱོད་བཞེས་ཀྱི་མཛད་སྒོ་ཞིག་ཚོགས་སོང་།

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠། ༣༠ སྟེང་། དྷ་རམ་ས་ལའི་བོད་ཀྱི་བདེ་རྩ་ཚོགས་ཁང་དུ། བོད་ཀྱི་བདེ་རྩ་ཚོགས་པའི་རྨང་རིམ་ཤེས་ཡོན་སློབ་གྲྭའི་སྐབས་དང་པོ་སློབ་ཕྲུག་ ༡༧ མཐར་ཕྱིན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བདེ་ལེགས་སྨན་ཁང་གི་ཨེམ་ཆི་ཚེ་བརྟན་ལགས་དང་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་བཅས་དང་། དེ་བཞིན་ཕྱི་གླིང་བའི་དང་བླངས་དགེ་རྒན་དང་། ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་བརྒྱ་མ་སོན་ཙམ་བཅས་འཛོམས་སོང་། མཛད་སྒོ་དབུ་འཛུགས་ཐོག་བདེ་རྩ་ཚོགས་པའི་འགན་འཛིན་ཚེ་རིང་དོན་འགྲུབ་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་རྗེས་ཨེམ་ཆི་ཚེ་བརྟན་ལགས་གྱིས་སྐབས་དང་པོའི་མཐར་ཕྱིན་སློབ་ཕྲུག་ ༡༧ ཙམ་ཕྱག་འཁྱེར་ཕུལ་སོང་།

མཛད་སྒོའི་དབུ་འཛུགས་ཐོག་བོད་ཀྱི་བདེ་རྩའི་འགན་འཛིན་གྱིས་ངོ་སྤྲོད་གཏམ་བཤད་གནང་དོན། ང་ཚོས་འདས་པའི་ལོ་ཤས་གོང་ནས་བཟུང་རྒྱ་གར་གཞུང་གི་ (The National Institute of open Schooling) ཞེས་པའི་འོག་བོད་ཀྱི་བདེ་རྩའི་རྨང་རིམ་ཤེས་ཡོན་སློབ་གྲྭ་འདི་འཛུགས་ཆོག་པའི་བཀའ་འཁྲོལ་ཞུས་པ་ལྟར་བཀའ་འཁྲོལ་ཐོབ་ཡོད་པ་རེད། རྒྱ་གར་གཞུང་གི་ཚོགས་པ་དེ་སྔོན་མ་སྲིད་བློན་ར་ཇིབ་གྷན་དྷི་ (Rajiv Gandhi) མཆོག་ནས་རྒྱ་གར་གྱི་གྲོང་གསེབ་སློབ་སྦྱོང་གི་གོ་སྐབས་མ་རག་མཁན་ཚོར་སྐབས་བསྐྲུན་ཆེད་བཙུགས་པ་ཞིག་རེད། ང་ཚོའི་དམིགས་ཡུལ་གཙོ་བོ། བོད་ནས་ཕེབས་མཁན་མང་པོ་ཞིག་གིས་རྒྱ་གར་ནང་སློབ་སྦྱོང་བྱེད་པའི་འདུན་པ་ཡོད་མཁན་ཚོར་གོ་སྐབས་བསྐྲུན་ཆེད་ཡིན། ཞེས་བརྗོད་སོང་།

ཁོང་གིས་རྨང་རིམ་ཤེས་ཡོན་འཛིན་གྲྭའི་སྐོར་ལ་གསུངས་དོན། ང་ཚོའི་སློབ་གྲྭ་འདིར་གནས་རིམ་ལ་ “A” “B” “C” བཅས་ཡོད་པ་དང་། གནས་རིམ་ “A” འདི་འཛིན་རིམ་གསུམ་པའི་གནས་ཚད་དང་། “B”འདི་འཛིན་རིམ་ལྔ་པའི་གནས་ཚད། “C” འདི་འཛིན་གྲྭ་བརྒྱད་པའི་གནས་ཚད་རེད། རང་ཉིད་ལ་རྨང་གཞི་ཡག་པོ་ཡོད་ན་གནས་རིམ་ “A” དང་ “B” སོགས་ལ་འགྲོ་དགོས་པ་མ་རེད། ཐད་ཀར་འཛིན་གྲྭ་བརྒྱད་པར་འཛུལ་ནའང་ཆོག་གི་རེད། དེ་བཞིན་ང་ཚོའི་སློབ་གྲྭ་འདིར་ལོ་ཆུང་ཤོས་ ༡༤ ལོན་དགོས་ཀྱང་ལོ་ཆེ་བར་ཚད་གཞི་མེད། སློབ་ཚན་གྱི་ཆ་ནས་འཛིན་རིམ་གསུམ་པར་སློབ་ཚན་ ༤ དང་ལྔ་པ་ནས་བརྒྱད་པའི་བར་སློབ་ཚན་ ༥ རེ་ཡོད་རེད། འཛིན་གྲྭ་ ༡༠ པར་སློབ་ཚན་ལྔ་ལས་ལེན་མི་དགོས་ཤིང་། སློབ་ཚན་ལྔ་བོ་དེ་ཡང་འདེམས་ཀ་བྱེད་ཆོག་ཀི་ཡོད། ཡིག་ཚད་གཏོང་སྐབས་ལོ་གཅིག་ལ་སློབ་ཚན་ཚང་མ་གཏོང་དགོས་པ་ཡོད་པ་མ་རེད། དཔེར་ན། ལོ་གཅིག་ལ་སློབ་ཚན་གཉིས་ཡིག་ཚད་བཏང་སྟེ་ལོ་རྗེས་མར་ཡང་སློབ་ཚན་གཉིས་བཏང་ན་འགྲིག་གི་རེད། ཡིག་ཚད་གཏོང་བར་རྒྱ་གར་སློབ་གྲྭའི་ནང་འགྲོ་དགོས་པ་རེད། གལ་སྲིད་སློབ་གྲྭ་འདིའི་འཛིན་རིམ་བཅུ་གཉིས་ཀྱི་ལག་ཁྱེར་ཡོད་ན་རྒྱ་གར་གྱི་མཐོ་སློབ་ཁག་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། དང་པོ་ང་ཚོས་སློབ་གྲྭ་འདི་ ༢༠༡༣ ལ་མགོ་བཙུགས་དུས་སློབ་གྲྭའི་ནང་འཛུལ་བཞུགས་བྱེད་མཁན་ཚོར་ནང་སྲིད་ལས་ཁུངས་ཀྱིས་ཕྱག་དངུལ་དང་སློབ་ཕྲུག་ཚོའི་སློབ་དེབ་ལ་རོགས་དངུལ་ཕུལ་ཡོད་ཀྱང་། རྗེས་སུ་མུ་མཐུད་རོགས་རམ་གནང་ཐུབ་མ་སོང་། གང་ཡིན་ཞེ་ན། ཁོ་ཚོས་སློབ་ཕྲུག་གི་གྲངས་ཚད་ལོན་གྱི་མིན་འདུག་གསུང་གི་འདུག ངས་སློབ་ཕྲུག་གི་གྲངས་ཚད་གལ་ཆེན་པོ་མ་རེད་བསམ་གྱི་ཡོད། གལ་སྲིད་སློབ་ཕྲུག་ལྔ་དྲུག་མ་གཏོགས་མེད་ནའང་སློབ་སྦྱོང་གི་འདོད་པ་ཡོད་མཁན་ཚོ་ལ་རྒྱབ་སྐྱོར་ངེས་པར་དུ་བྱེད་དགོས་པ་རེད་བསམ་གྱི་འདུག མ་འོངས་པར་སློབ་སྦྱོང་མུ་མཐུད་དུ་བྱེད་མཁན་ཡོད་ན་ང་ཚོས་རོགས་སྐྱོར་བྱེད་རྒྱུའི་འཆར་གཞི་ཡོད། དེ་བཞིན་དུ་ད་ལོའི་ཕྱི་ཟླ་ ༥ བ་ ༨ པ་ནས་དགོན་སྡེ་ཁག་གི་གྲྭ་བཙུན་ཚོའི་ནང་སློབ་གྲྭ་འདིར་འཛུལ་འདོད་ཡོད་ན། དང་པོ་ཐོ་འགོད་བྱོས་དང་ང་ཚོས་དེབ་ཉོས་རྗེས་ཁྱེད་རང་ཚོས་ནང་ནས་སློབ་སྦྱོང་བྱེད་རྗེས་ཡིག་ཚད་གཏོང་གི་འདིར་ཡོང་ན་འགྲིག་གི་ཡོད་པ་རེད། ང་ཚོས་གང་ཐུབ་ཐུབ་ཀྱིས་སྟབས་བདེ་བདེ་བྱེད་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་སོང་།

ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་གཏམ་བཤད་ནང་དོན། ང་ཚོའི་དྷ་རམ་ས་ལར་བོད་ནས་གསར་དུ་འབྱོར་མཁན་ཚོར་ཤེས་ཡོན་ཐོག་སློབ་སྦྱོང་གི་ཚོགས་སྡེ་མང་པོ་ཡོད་ཀྱང་། འཛིན་སྐྱོང་དང་ཚོགས་པ་དེབ་སྐྱེལ་བྱས་ཏེ་རྒྱ་གར་གཞུང་གི་སྲིད་ཇུས་དང་མཐུན་པའི་ཚོགས་པ་ཡག་ཤོས་དེ་ནི་བོད་ཀྱི་བདེ་རྩ་དང་ལྷ་སྤྱི་ཚོགས་ཞབས་ཞུ་གཉིས་ཆགས་ཡོད་པ་རེད། བོད་ནས་གསར་དུ་འབྱོར་དུས་བོད་ནས་སློབ་སྦྱོང་ཡག་པོ་མ་རག་པ་དང་། དེ་རིང་འདིར་འཛིན་གྲྭ་ཐོན་མཁན་ཚོ་གལ་ཆེན་པོ་ཞེ་དྲག་བརྩི་བཞིན་ཡོད། སྤྱིར་བཏང་ལག་འཁྱེར་ཡོད་པ་གང་ཞིག་ལ་ཤེས་ཡོན་སློབ་སྦྱོང་ཚད་མཐོ་བོ་ཡོད་པ་རེད་ལབ་ན་དྲི་བ་ཞིག་རེད། ལག་འཁྱེར་ཚད་མཐོ་བ་ལས་མི་ཚད་ལྡན་ཞིག་ཆགས་ཐུབ་རྒྱུ་དང་། བོད་པ་ཡག་པོ་ཞིག་ཆགས་ཐུབ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ཚང་མར་འབོད་སྐུལ་ཞུ་རྒྱུ་དེ་ད་ལྟའི་༧གོང་མཆོག་གི་དབུ་ཁྲིད་འོག་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གནས་དགོས་པ་གལ་ཆེན་པོ་རེད། གང་ཡིན་ཞེ་ན། མཚམས་རེར་དྷ་རམ་ས་ལར་བོད་ནས་གསར་དུ་འབྱོར་བ་དང་རྒྱ་གར་ལ་སྐྱེས་པ་གཉིས་བར་དབྱེ་འབྱེད་ཕྲན་བུ་རེ་བྱུང་སྟེ་རྡོག་རྩ་གཅིག་སྒྲིལ་ཡོང་གི་མེད་པའི་རྣམ་པ་ཡོང་ཀི་འདུག དེ་ཡག་པོ་མ་རེད། ད་ལྟའི་བཀའ་ཤག་ཆགས་བཞག་ན་བོད་ནས་གསར་དུ་འབྱོར་མཁན་ཚོར་དམིགས་བསལ་གྱིས་གོ་སྐབས་དང་མཐུན་རྐྱེན་སྐྲུན་པར་འབད་བརྩོན་བྱེད་བཞིན་ཡོད་པ་རེད། ང་ཚོའི་ངོ་ནས་ཀྱང་བོད་ནས་ཡོང་མཁན་དེ་ཚོ་ཉམ་ཐག་ཆེ་ཤོས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཁོ་ཚོར་ཁང་པ་དང་ཕ་མའི་རྒྱབ་སྐྱོར་མེད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་འདྲ་སོང་ཙང་། རྣམ་པ་ཚོའི་སུ་ཡིན་ཡང་སྒེར་སོ་སོའི་འཚོ་བའི་སྟེང་དཀའ་ངལ་འཕྲད་པ་ཡིན་ན་ཐད་ཀར་ཞུ་དགོས་པ་རེད། ཅེས་བརྗོད་སོང་།

ཨེམ་ཆི་ཚེ་བརྟན་ལགས་ཀྱིས་གཏམ་བཤད་གནང་དོན། དེང་སང་རྒྱལ་ཁབ་ཕྱི་ནང་ཀུན་ལ་མི་མང་ཆེ་བས་ང་ཚོའི་ཤེས་ཡོན་དེ་འཚོ་བ་སྐྱེལ་རྒྱུ་གཅིག་པུ་རེད་བསམ་གྱི་འདུག ཡིན་ན་ཡང་ངས་སློབ་སྦྱོང་བྱེད་པ་ནི་འཚོ་བ་སྐྱེལ་རྒྱུ་གཅིག་པུ་རེད་བསམ་གྱི་མི་འདུག དེབ་ནས་སྦྱོང་རྒྱུ་གཅིག་པུས་འདང་གི་མ་རེད། ང་ཚོ་བོད་པ་རེད་བོད་པ་ཡིན་དུས་དེབ་ནང་གི་ཨང་རྩིས་དང་དབྱིན་ཇིའི་གཅིག་པུས་མི་ལྟ་བུར་མཚོན་ན་བཟོ་ལྟ་ཆ་ཚང་ཞིག་ཆགས་ཀྱི་ཡོད་པ་མ་རེད། ཞར་དང་ཞོར་ནས་སློབ་སྦྱོང་ཡོན་ཏན་མང་པོ་ཞིག་ཚུར་ལེན་དགོས་ཡོད་རེད། ལྷག་པར་དུ་ང་ཚོའི་བོད་པའི་རིག་གཞུང་དཔེ་མི་སྲིད་པའི་རྩ་ཆེན་པོ་རེད། བོད་ཡིག་དང་ནང་ཆོས་ལ་ཟུར་ནས་དུས་ཚོད་ཅིག་འཇོག་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ད་ལྟ་བོད་པ་མང་པོ་ཞིག་ཕྱི་རྒྱལ་ལ་སོང་ནས་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པར་ཁྱེད་རང་ཚོས་དབྱིན་ཇིའི་སྦྱོང་བས་ཕན་ཐོགས་ཁག་པོ་རེད་། སེམས་དེ་ཞི་ཞིང་དུལ་བ་ཞིག་ཏུ་གནས་དགོས་པ་གལ་ཆེན་པོ་རེད། སེམས་ཞི་ཞིང་དུལ་བར་གནས་པར་ཁྱེད་རང་ཚོས་ཤེས་བྱ་ཡོན་ཏན་ཞིག་ལེན་ཐུབ་ན། རྒྱ་གར་ནས་བསྡད་ན་རེད། ཕྱི་རྒྱལ་དུ་སོང་ནའང་རེད། ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་བརྗོད་སོང་།

ཁོང་གིས་མུ་མཐུད་དུ། ང་ལྡི་ལི་ནས་བོད་པའི་གཞི་རིམ་སློབ་མ་ཚོ་དང་མཉམ་དུ་གཤིབ་དུས་ཁོ་ཚོར་དཀའ་ངལ་ཞིག་ཡོད་པ་དེ་ནི། བོད་པའི་སློབ་ཕྲུག་དེ་ཚོར་གདེང་ཚོད་ཁྱོན་ནས་མེད་པར་ཁུམ་ནས་བསྡད་འདུག ངས་ཁྱེད་རང་ཚོར་ཤེས་ཡོན་ཡོད་པ་དེར་སྤོབས་པ་བྱེད་དགོས་པ་རེད། སོ་སོས་ཤེས་པ་དེར་སྤོབས་པ་བྱེད་དགོས་པ་གལ་ཆེན་པོ་རེད། ཡིན་ན་ཡང་། སྤོབས་པ་དེར་ཡག་སྡུག་གཉིས་ཡོད་པ་རེད། འཇོན་ཐང་ཡོད་པའི་སྤོབས་པ་དེ་སྤོབས་པ་ཡག་པོ་རེད། མ་ཤེས་བཞིན་དུ་ཤེས་མདོག་བྱེད་པ་དེ་སྤོབས་པ་སྡུག་ཅག་རེད། ཅེས་བརྗོད་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist