མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བྱེ་རླུང་འཚུབ་མའི་གནོད་སྐྱོན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

ན་གོར་མོ་སོགས་སུ་བྱེ་རླུང་དྲག་པོ་ཐེངས་འགར་འཚུབ་སྟེ་མཁའ་དབུགས་ལ་འབག་བཙོག་ཆེན་པོ་བཟོས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་དུ་ཡང་བསྐྱར་བྱེ་རླུང་དྲག་པོ་འཚུབ་སྟེ། གྲོང་ཁྱེར་ཡོངས་སུ་བྱེ་རྡུལ་གྱིས་ཁེངས་ཡོད་པ་དང་། ཉིན་དེར་གྲོང་ཁྱེར་དེའི་ནང་ཡོད་པའི་འཛམ་གླིང་ཤུལ་བཞག་རིག་དངོས་བཤམས་སྟོན་ཁང་སོགས་སྒོ་རྒྱག་དགོས་ཁེལ་ཡོད་པ་མ་ཟད། ན་གོར་མོ་གནམ་གཤིས་བརྟག་དཔྱད་ཁང་གིས་ཁ་པར་དང་དྲ་རྒྱ་སོགས་ཀྱི་ནང་ད་དུང་རིམ་པ་མི་འདྲ་བའི་བྱེ་རླུང་འཚུབ་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་བཟུང་ན་གོར་མོ་གྲོང་ཁྱེར་དང་ཀན་ལྷོ་སོགས་སུ་རིམ་པ་འདྲ་མིན་གྱི་བྱེ་རླུང་ཐེངས་འགར་འཚུབ་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣ ཉིན་ཤིན་ཅང་ཏཱ་ལི་མོ་བྱང་ཐང་དུའང་བྱེ་རླུང་ཤུགས་ཆེན་འཚུབ་སྟེ། ཞིང་ལས་ཐོན་སྐྱེད་དང་འགྲིམ་འགྲུལ་འགྲོ་འོང་སོགས་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཐོན་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་ཐེངས་འདིའི་བྱེ་རླུང་གིས་མི་རྒྱུ་གཉིས་ལ་གནོད་སྐྱོན་བཟོས་མེད་ལུགས་བསྒྲགས་འདུག

མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་འགན་འཛིན་ཀྲང་ཅེ་ལུང་ལ། ཉེ་བའི་ལོ་ཤས་ནང་མཚོ་སྔོན་ཞིང་ཆེན་ཁུལ་དུ་བྱེ་རླུང་ཐེངས་མང་འཚུབ་པའི་རྒྱུ་རྐྱེན་དང་དེའི་གནོད་སྐྱོན་ཐད་བཅར་འདྲི་བྱས་པར་ཁོང་གིས། སྤྱིར་བཏང་དྲག་རླུང་དང་ཆར་རླུང་འཚུབ་པའི་ཤུགས་རྐྱེན་འོག བྱེ་རླུང་འཚུབ་མ་ལྡང་བའི་ངང་ཚུལ་བྱུང་གི་ཡོད་པ་དང་། ད་རེས་གོར་མོ་སོགས་སུ་བྱུང་བའི་བྱེ་རླུང་དེ་ཆར་རླུང་ལྡང་ཞིང་ས་གཞིར་སྐམ་གཤིས་ཆེ་བའི་རྐྱེན་གྱིས་བྱུང་ཡོད་ལ། བྱེ་རླུང་དེས་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་དང་འཛུགས་སྐྲུན་དངོས་པོའི་བརྡ་ཁྱབ་སོགས་ལ་གནོད་སྐྱོན་བཟོས་ཡོད་པ་མ་ཟད། མཁའ་དབུགས་ལ་འབག་བཙོག་ཆེན་པོ་ཐེབས་ཡོད་སྟབས། མིའི་ལུས་ཁམས་ལའང་གནོད་པ་ངེས་ཅན་ཐེབས་བཞིན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ཤིང་སྡོང་འཛུགས་དགོས་རེད། ཅེས་ས་བདག་གཞིས་བདག་ཙམ་མ་ཟད། ས་གཞི་སྐམ་པོ་རང་གི་ངུ་སྐད་ཡིན་པ་ཧ་གོ་ནས། ད་ནས་བཟུང་ཤིང་སྣ་འདྲ་མིན་འཛུགས་གལ་ཆེ་བར་སྣང་ངོ་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist