མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པའི་འཐབ་ར་གཏོར།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཟླ་འདིའི་ཚེས་ ༢ ཉིན་ཨི་ཇེབ་ཀྱི་སི་ཎེ་མངའ་སྡེ་ནང་རྟེན་གཞི་བྱས་པའི་ཁ་ཆེ་དྲག་སྤྱོད་ཤོག་ཁག་གིས་ཨི་ཛི་རལ་གྱི་གྷ་ཛ་ལུང་གཤོང་དང་ས་འབྲེལ་ཡིན་པའི་ཨི་ཇེབ་ཀྱི་ཤཱེག་ཁཱ་ཛུ་ཝེ་ཌི་ (Sheikh Zuweid) གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་གློ་བུར་འཇབ་རྒོལ་བྱས་ཏེ། ཡུལ་དམག་ ༡༥ དང་མི་སེར་ ༢ བཅས་བསད་ཡོད་སྟབས། ཨི་ཇེབ་གཞུང་གིས་གནམ་ས་གཉིས་ནས་རྒོལ་ལན་བསློགས་ཏེ་དྲག་སྤྱོད་པ་ ༤༠ ལྷག་བསད་ཡོད་འདུག

མིང་སྨྲོས་མེད་པའི་ཨི་ཇེབ་གཞུང་གི་ལས་བྱེད་ཞིག་གིས་ཨི་ཇེབ་ཀྱི་ཨལ་ཨཱ་རམ་ (Al-Ahram) ཐོག “གཞུང་དམག་གིས་གནམ་ས་གཉིས་ཐོག་ནས་དྲག་སྤྱོད་ཤོག་ཁག་ལ་འཐབ་འཛིང་བྱས་ཏེ། དྲག་སྤྱོད་ཤོག་ཁག་གི་སྤྱི་ཁྱབ་ལས་ཁུངས་ ༢༠ དང་དམག་རྒྱག་རླངས་འཁོར་ ༧ རྩ་མེད་བཟོས་ཡོད་པ་མ་ཟད། དྲག་སྤྱོད་པ་ ༥ འཛིན་བཟུང་བྱས་ཡོད། མ་འོངས་པར་ང་ཚོས་དྲག་སྤྱོད་པའི་རྟེན་གཞི་སི་ཎེ་མངའ་སྡེའི་བྱང་ཤར་ས་ཁུལ་དུ་དཔུང་འཇུག་བྱས་ནས་དྲག་སྤྱོད་པ་རྩ་མེད་བཟོ་འཆར་ཡོད་ཀྱང་། རྒྱལ་ཁབ་ཁག་གཅིག་གིས་དྲག་སྤྱོད་པར་རོགས་དངུལ་དང་མཚོན་ཆའི་རྒྱབ་སྐྱོར་བྱེད་བཞིན་ཡོད་སྟབས། དཀྱིལ་ཤར་ཡུལ་གྲུའི་དྲག་སྤྱོད་པའི་གཏོར་རྒོལ་ལས་འགུལ་དེ་མཚམས་འཇོག་བྱ་རྒྱུ་ཁག་པོ་ཆགས་ཡོད།”ཅེས་བརྗོད་འདུག

རྒྱ་གར་དུས་བབ་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། ༢༠༡༡ ལོར་ཨི་ཇེབ་ནང་དཔྱིད་དུས་གསར་བརྗེ་ལངས་ཏེ། དབང་ཆ་གཅིག་སྡུད་བྱེད་མཁན་ཧོ་སེ་ཎེ་མོ་བྷ་རག་ (Hosni Mubarak) སྲིད་འཛིན་གྱི་ལས་གནས་ནས་གནས་དབྱུང་བཏང་རྗེས། ཨི་ཇེབ་ཀྱི་ས་ཁུལ་གང་སར་དྲག་སྤྱོད་བྱ་འགུལ་སྤེལ་ནས་ད་བར་ཁྱོན་མི་ ༡༨༣༥ ལྷག་བསད་ཡོད་འདུག

༢༠༡༣ ལོར་དམག་སྤྱི་ཨབ་ཌལ་ (Abdel Fattah el-Sisi) ཀྱིས་ཨི་ཇེབ་ནང་དྲག་པོའི་ཁྲིམས་གཞི་བསྡམས་ནས་སྲིད་འཛིན་མོར་སི་ (Mohamed Morsi) གནས་དབྱུང་བཏང་ཡོད་སྟབས། ཨི་ཇེབ་ཀྱི་སི་ཎེ་མངའ་སྡེ་ནང་རྟེན་གཞི་བྱས་པའི་ཁ་ཆེ་དྲག་སྤྱོད་ཤོག་ཁག་གིས་ཉེན་རྟོག་པ་དང་དམག་མིར་འཇབ་རྒོལ་བྱས་ཏེ། ད་བར་དམག་མི་དང་ཉེན་རྟོག་པ་ ༥༠༠ ལྷག་བསད་ཡོད་པ་མ་ཟད། ཟླ་ ༡ ཚེས་ ༢༩ ཉིན་མི་ ༣༠ དང་། ཟླ་འདིའི་ཚེས་ ༢ ཉིན་གྷ་ཛ་ལུང་གཤོང་འཁྲིས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་གཏོར་རྒོལ་བྱས་ནས་དམག་མི་ ༡༥ དང་མི་སེར་ ༢ བསད་ཡོད་ཅེས་བཀོད་འདུག

ཨི་ཇེབ་ཀྱི་གནད་དོན་ཆེད་མཁས་པ་མཱོ་མཱ་ཋ་ཛན་ཌར་གྱིས་དབྱིན་ཡུལ་ཆ་འཕྲིན་ཐོག ཨི་ཇེབ་ཀྱི་མང་ཚོགས་ཚོས་དབྱིད་དུས་ཀྱི་གསར་བརྗེ་མཇུག་སྒྲིལ་རྗེས། ཨི་ཇེབ་གཙོས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་དམག་འཁྲུག་མེད་པར་ཕན་ཚུན་འཆམ་མཐུན་ཡོང་རྒྱུའི་རེ་བ་བཅངས་ཡོད་ཀྱང་། ད་ལྟ་དེ་ལས་ལྡོག་སྟེ་དམག་འཁྲུག་དང་ཟིང་འཁྲུག་བསྟུད་མར་ལངས་བཞིན་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་འཛུགས་སྐྲུན་དང་མང་ཚོགས་ཀྱི་བདེ་འཇགས་ལ་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་པ་མ་ཟད། དཀྱིལ་ཤར་ཡུལ་གྲུ་དག་དྲག་སྤྱོད་པའི་འཐབ་རྭ་ཞིག་ཏུ་འགྱུར་སྲིད་པ་ཞིག་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese