མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུལ་ཕོངས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཆེད་ང་ཚོའི་མི་ཚེ་སྐྱེལ་སྟངས་འགྱུར་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉིན་ཧོང་གི་རྒྱལ་སའི་གོ་ལའི་ཁོར་ཡུག་གླེང་སྟེགས་ཤིག་གི་སྟེང་དུ། དམག་ནི་མེ་སྤུངས་ཆེན་པོ་ཞིག་དང་འདྲ་ལ། མེ་སྤུངས་དེ་མུ་མཐུད་ནས་འབར་ཆེད་བུད་ཤིང་གསོག་དགོས། བུད་ཤིང་ལྟ་བུ་དེ་ནི་མི་ཆགས་ཡོད། དམག་འཁྲུག་སྐབས་མི་དེ་མེའི་བུད་ཤིང་ལྟ་བུ་ཡིན། དེར་བརྟེན་མེས་བུད་ཤིང་ཚང་མ་འཚིག་འགྲོ་བ་བཞིན་དམག་ཐབས་འོག་ང་ཚོ་ཚང་མ་གསོད་རྒྱུ་རེད་ཅེས་སོགས་གསུངས་འདུག

༧གོང་ས་མཆོག་ཟླ་འདིའི་ཚེས་ ༢ ཉིན་ནས་བཟུང་ཉི་ཧོང་དུ་ཆིབས་བསྒྱུར་སྐྱོང་གིན་ཡོད་ཅིང་། ཚེས་ ༣ ཉིན་ཉིན་ཧོང་གི་གྲོང་ཁྱེར་པོ་རོ་ཞེས་པར་མང་ཚོགས་ ༡༨༠༠ བརྒལ་བར་གསུང་བཤད་གནང་ཡོད་པ་དང་། ཚེས་ ༤ ཉིན་རྒྱལ་ས་ཊོག་ཁྱོར་རྟེན་གཞི་བྱས་པའི་ཉི་ཧོང་གི་སྨན་པའི་ལྷན་ཚོགས་ནང་ཕེབས་ཏེ་སྨན་པ་དང་སྨན་ཞབས་ ༥༠༠ བརྒལ་བར་གསུང་བཤད་གནང་དོན། སྨན་པ་དང་སྨན་ཞབས་པས་ལས་ཀ་ནི་གཞན་ལ་མི་ཚེ་གསར་པ་ཞིག་སྦྱིན་བཞིན་ཡོད། མི་སུ་འདྲ་ཞིག་སྨན་ཁང་དུ་བསླེབས་སྐབས་སྤྲོ་སྐྱིད་གཏོང་ཆེད་ཡོང་གི་མ་རེད། ཁོང་ཚོར་དཀའ་ངལ་ཞིག་འཕྲད་པར་བརྟེན་སྨན་ཁང་དུ་ཡོང་གི་ཡོད། དེར་བརྟེན་ཁྱེད་ཚོ་སྨན་པ་དང་སྨན་ཞབས་པ་ཚོས་ཁོང་ཚོའི་མི་ཚེའི་ནང་རེ་བ་གསར་པ་ཞིག་སྦྱིན་བཞིན་ཡོད། སྤྱིར་འཛམ་གླིང་འདིའི་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་དར་བའི་སྨན་གི་གཞུང་ལུགས་མང་པོ་ཞིག་ཡོད། བོད་པའི་སྨན་གཞུང་ལྟ་བུར་མཚོན་ན། དུས་རབས་ ༨ ནང་བོད་ཀྱི་རྒྱལ་ས་ལྷ་སར་ཆོས་རྒྱལ་དབུ་ཞུགས་ཐོག་རྒྱལ་སྤྱིའི་སྨན་པའི་ལྷན་ཚོགས་སྐོང་ཚོགས་གནང་ཡོད། སྐབས་དེར་པར་ཤི་ཡ་ Persia དང་ཨབ་གྷ་ནི་སི་ཏན་ Afghanistan ནས་ཡུ་ནཱ་ནི་ Yunani སྨན་གཞུང་གི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་གར་ཚེ་ཡི་རིགས་འབྱེད་ Ayurveda ཀྱི་སྐུ་ཚབ་དང་། བོད་དང་རྒྱ་ནག་བཅས་ཀྱི་སྨན་གཞུང་སོ་སོའི་སྐུ་ཚབ་ཕེབས་འདུག དུས་སྐབས་དེ་ནས་རིམ་བཞིན་དེང་དུས་བོད་ཀྱི་གསོ་བ་རིག་པ་དར་ཁྱབ་བྱུང་བ་ལྟ་བུ་འདུག ཅེས་སོགས་གསུངས་འདུག

ཚེས་ ༥ ཉིན་གྱི་སྔ་དྲོར་ཉི་ཧོང་རྒྱལ་སའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། དེའི་རྗེས་༧གོང་ས་མཆོག་གོ་ལ་སྲུང་སྐྱོབ་རྒྱལ་སྤྱིའི་ཁོར་ཡུག་གླེང་སྟེགས་སྟེང་ཕེབས་ཏེ་མི་ ༡༡༠༠ ལྷག་ལ་གསུང་བཤད་གནང་དོན། ད་ལྟའི་འཆར་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པར་རྗོད་བཞིན་ཡོད། ཉམས་ཞིབ་པ་འགའ་རེས་ལོ་ངོ་བརྒྱ་ཕྲག་འདིའི་མཇུག་མཚམས་སུ་མི་འབོར་ཐེར་འབུམ་བཅུ་ལ་འཕར་རྒྱུ་ཡིན་སྐོར་བརྗོད་ཡོད། མི་འབོར་དེ་དག་ཁྲོད་མང་པོ་ཞིག་དབུལ་ཞིང་ཕོངས་པའི་འཚོ་བ་སྐྱེལ་བཞིན་ཡོད་སྟབས། དབུལ་ཕྱུག་གི་བར་ཁྱད་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད། བར་ཁྱད་ཆེན་པོ་དེ་ང་ཚོས་འབད་བརྩོན་བྱས་ནས་ཆུང་དུ་བཏང་ནས་རིམ་བཞིན་དབུལ་ཕྱུག་འཁོད་སྙོམ་ཐུབ་པ་བྱེད་དགོས། དེ་ནས་མྱུར་ཚད་ཧ་ཅང་མཐོ་པོའི་ཐོག་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་ སྟངས་དང་། རང་བྱུང་གོད་ཆག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་འདི་ཁ་ཚ་དགོས་གཏུག་གི་གནད་དོན་ཧ་ཅང་ཛ་དྲག་པོ་ཞིག་ཆགས་ཡོད། དེ་ནི་འགྲོ་བ་མི་རིགས་འཚོ་གནས་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་ཤིག་ཆགས་ཡོད། ཅེས་གསུངས་འདུག

༧གོང་ས་མཆོག་གིས། དབུལ་ཕོངས་རྣམས་ཀྱི་འཚོ་བ་ཕྲན་བུ་ཡར་རྒྱས་གཏོང་ཆེད་ང་ཚོས་རང་གི་མི་ཚེ་སྐྱེལ་སྟངས་ལ་འགྱུར་བ་ཞིག་བཏང་ནས་གོ་ལའི་ཐོན་སྐྱེད་དེ་དག་ཆ་སྙོམས་སུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། དཔེར་ན། དེང་སྐབས་རྒྱལ་ཁབ་མང་པོ་ཞིག་གིས་དམག་གི་གོ་མཚོན་ཆེད་འགྲོ་སོང་ཧ་ཅང་ཕོན་ཆེ་གཏོང་བཞིན་ཡོད་ཀྱང་དམག་རྒྱག་འདོད་སུ་ལའང་མེད། གང་ཡིན་བརྗོད་ན་དམག་འཁྲུག་བརྗོད་སྐབས་མི་གསོད་ཁྲག་སྦྱོར་ཡོང་རྒྱུ་རེད། དེ་འདྲ་སུས་ཀྱང་མི་འདོད། དམག་ནི་མེ་སྤུངས་ཆེན་པོ་ཞིག་དང་འདྲ་ལ། མེ་སྤུངས་དེ་མུ་མཐུད་ནས་འབར་ཆེད་བུད་ཤིང་གསོག་དགོས། བུད་ཤིང་ལྟ་བུ་དེ་ནི་མི་ཆགས་ཡོད། དམག་འཁྲུག་སྐབས་མི་དེ་མེའི་བུད་ཤིང་ལྟ་བུ་ཡིན། དེར་བརྟེན་མེས་བུད་ཤིང་ཚང་མ་འཚིག་འགྲོ་བ་བཞིན་དམག་ཐབས་འོག་ང་ཚོ་ཚང་མ་གསོད་རྒྱུ་རེད། སྤྱིར་དམག་འཁྲུག་དེ་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་ཡང་དམག་འཁྲུག་རྒྱག་དགོས་པའི་རྒྱུ་རྐྱེན་དེ་ང་ཚོ་དང་ཁོ་པ་ཚོ། ང་ཚོའི་རྒྱལ་ཁབ་དང་ཁོ་པ་ཚོའི་རྒྱལ་ཁབ། ཅེས་པས་བཟོས་ཡོད། ད་ཆ་ང་ཚོ་དང་ཁོ་པ་ཚོ་ཟེར་ནས་ས་མཚམས་བཟུང་ནས་སྡོད་རྒྱུའི་དུས་ཚོད་འདི་ཡོལ་ཟིན་པ་ཞིག་ཡིན། ད་ཆ་གོ་ལ་གཅིག་འགྱུར་གྱི་གནས་སྟངས་ཤིག་ཆགས་ཡོད་སྟབས་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་གནས་བྱེད་དགོས་པ་ཆགས་ཡོད། ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་འགྱུར་ཞིག་ཡིན་སྟབས་རང་ཉིད་ལ་བདེ་བ་འདོད་པ་ལྟར་གཞན་ལའང་བདེ་བ་འདོད་ཀྱི་ཡོད། ཉི་ཧོང་རྒྱལ་ཁབ་འདིར་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ཕོག་མྱོང་ཡོད་སྟབས་ད་ཆ་རྡུལ་ཕྲན་མཚོན་ཆའི་ཐོག་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཆགས་ཡོད། དེར་ངོས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་མ་ཟད། ཁྱེད་ཚོས་དེའི་ཐོག་མུ་མཐུད་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་འདུག

ཉིན་དེར་༧གོང་ས་མཆོག་གིས་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་ལས་ཁུངས་གསར་པ་སྒོ་འབྱེད་གནང་ཡོད་པ་དང་། སྐབས་དེར་བོད་མི་དང་ཉི་ཧོང་བ་བཅས་མི་ ༤༠ ཙམ་ལ་བཀའ་སློབ་གནང་དོན། བོད་དང་ཉི་ཧོང་གི་འབྲེལ་བ་དེ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་བྱུང་ཡོད། ཁོང་གིས་ཉི་ཧོང་དུ་བླ་མ་མཁས་པ་ཞིག་ཆེད་གཏོང་མཛད་འདུག དུས་སྐབས་དེའི་མཚམས་སུ་ཉི་ཧོང་པ་ཨེ་ཀའི་ཀ་ཝ་གུ་ཅི་(Ekai Kawaguchi) ཁོང་ཡང་སེ་རར་ཕེབས་ནས་སློབ་གཉེར་གནང་འདུག ངོས་ཀྱིས་སྐུ་གོང་མའི་གཟིམས་ཤག་ཏུ་ཨེ་ཀའི་ཀ་ཝ་གུ་ཅིའི་དཔར་དེ་ཡང་མཐོང་མྱོང་ཡོད། སྐུ་གོང་མ་མྱ་ངན་ལས་འདས་ཏེ་ཡུན་རིང་མ་སོང་བར་འཛམ་གླིང་དམག་ཆེན་གཉིས་པ་ལངས་ པར་བརྟེན་འབྲེལ་ལམ་ཆད་པ་ལྟ་བུ་ཆགས་ནས་ཕྱིས་སུ་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་བྲོས་བྱོལ་བྱུང་རྗེས་གཞི་ནས་འབྲེལ་ལམ་སླར་གསོ་ཐུབ་པ་ལྟ་བུ་བྱུང་ཡོད། ངོས་ཀྱི་གཅེན་པོ་སྟག་འཚེར་རིན་པོ་ཆེས་ཡུལ་འདིར་ཉི་ཧོང་སྐད་སྦྱངས་པ་རེད།

དེ་རྗེས་རྒྱར་གྱི་ཇ་ཡ་པི་ར་ཀ་ཤི་ན་ར་ཡཱན་ Jayaprakash Narayan མཆོག་ནས་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་ཡོང་ཆེད། བོད་སྐོར་ཨ་ཧྥི་རི་ཀ་དང་ཨེ་ཤི་ཡའི་ལྷན་ཚོགས་ Afro-Asian Conference on Tibet ཤིག་རྒྱ་གར་ནང་གོ་སྒྲིག་ཞུ་སྐབས་ཉི་ཧོང་གི་སྐུ་ཚབ་ནས་མཉམ་ཞུགས་གནང་ཡོད། དེའི་རྗེས་མི་རིང་བར་ང་ཚོས་བོད་མི་ཉུང་ཤས་ཤིག་ཉི་ཧོང་དུ་བཏང་ནས་ཉི་ཧོང་གི་སྐད་ཡིག་བསླབས་པ་རེད། དེ་ནས་རིམ་བཞིན་ངོས་རང་ཡང་ཉི་ཧོང་དུ་ཡོང་ཐུབ་པ་དང་། ཉི་ཧོང་གི་དགོན་པ་དང་མཁས་པ་ཚོས་བོད་བརྒྱུད་ནང་བསྟན་ལ་གཞི་ནས་དོ་སྣང་ཤུགས་ཆེན་པོ་བྱ་རྒྱུ་མགོ་བཙུགས་ཡོད། ཅེས་སོགས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་་ ༧གོང་ས་མཆོག་གིས། དབུལ་ཕོངས་རྣམས་ཀྱི་འཚོ་བ་ཕྲན་བུ་ཡར་རྒྱས་གཏོང་ཆེད་ང་ཚོས་རང་གི་མི་ཚེ་སྐྱེལ་སྟངས་ལ་འགྱུར་བ་ཞིག་བཏང་ནས་གོ་ལའི་ཐོན་སྐྱེད་དེ་དག་ཆ་སྙོམས་སུ་ལོངས་སྤྱོད་ཐུབ་པ་བྱེད་དགོས།
    དཔེར་ན། དེང་སྐབས་རྒྱལ་ཁབ་མང་པོ་ཞིག་གིས་དམག་གི་གོ་མཚོན་ཆེད་འགྲོ་སོང་ཧ་ཅང་ཕོན་ཆེ་གཏོང་བཞིན་ཡོད་ཀྱང་དམག་རྒྱག་འདོད་སུ་ལའང་མེད། གང་ཡིན་བརྗོད་ན་དམག་འཁྲུག་བརྗོད་སྐབས་མི་གསོད་ཁྲག་སྦྱོར་ཡོང་རྒྱུ་རེད། ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese