མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་བོད་བར་མེ་འཁོར་ལྕགས་ལམ་མཐུད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

འབྱུང་འགྱུར་ལོ་ལྔའི་ནང་བོད་ནས་བལ་ཡུལ་དང་འབྲུག་རྒྱ་གར་བཅས་སུ་མེ་འཁོར་ལྕགས་ལམ་བཟོ་སྐྲུན་འབྲེལ་མཐུད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

གཟའ་པ་སངས་ཉིན། བལ་ཡལ་ཕྱི་འབྲེལ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། ཟླ་སྔོན་མའི་ཚེས་ ༣༡ ཉིན་བལ་ཡུལ་སྲིད་འཛིན་རམ་བྷ་རན་ཡཱ་ཌཝ་ (Ram Baran Yadav) ལྷ་ས་རུ་སྐོར་སྐྱོད་བྱེད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་བློ་བཟང་རྒྱལ་མཚན་གྱིས་བལ་ཡུལ་སྲིད་འཛིན་ལ་ཐུག་འཕྲད་བྱས་ཏེ། ཁོང་གཉིས་ཀྱིས་ ༢༠༢༠ ལོའི་བར་མཚོ་བོད་མེ་འཁོར་ལྕགས་ལམ་དེ་གཞིས་ཀ་རྩེ་ནས་སྤྱི་ལེ་ ༥༤༠ སར་ཡོད་སའི་བལ་བོད་ས་མཚམས་སྐྱིད་རོང་བར་འཛུགས་སྐྲུན་བྱ་རྒྱུའི་སྐོར་ལ་གྲོས་མཐུན་བཞག་ཡོད་འདུག

ཟླ་འདི་ཚེས་ ༢ ཉིན། ཀ་ཋ་མན་ཏོའུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་བོད་ལྕགས་ལམ་རྒྱ་སྐྱེད་བྱ་རྒྱུ་མོས་མཐུན་བྱས་ཏེ། ༢༠༡༤ རྒྱ་ནག་ཕྱི་འབྲེལ་ལས་ལྷན་ཁང་གི་འགན་འཛིན་ཝང་ཡཱི་ (Wang Yi) བལ་ཡུལ་ལ་སྐོར་སྐྱོད་བྱེད་སྐབས། རྒྱལ་ཁབ་གཉིས་བར་མཚོ་བོད་ལྕགས་ལམ་ས་མཚམས་སུ་འཛུགས་སྐྲུན་ལ་གྲོས་མཐུན་བྱུང་ཡོད་ཀྱང་། སྐབས་དེར་བལ་ཡུལ་ཕྱོགས་ནས་ལྕགས་ལམ་འཛུགས་སྐྲུན་ཐད་ཉམས་ཞིབ་བྱ་དགོས་ཀྱི་ཡོད་པ་དང་། ད་རེབ་དངོས་སུ་གྲོས་མཐུན་མིང་རྟགས་བཀོད་པ་དེ་ནི། འབྱུང་གྱུར་བལ་བོད་བར་ལྕགས་ལམ་གྱི་ཚོང་འབྲེལ་དང་ཡུལ་སྐོར་སྤྲོ་འཆམ་པའི་ལམ་ཆེན་ཞིག་སྒོ་འབྱེད་རྒྱུ་ཡིན་པ་སོགས་བརྗོད་འདུག

ཟླ་འདིའི་ཚེས་ ༣ ཉིན་རྒྱ་ནག་གི་ “aastocks” དྲ་བའི་སྟེང་། རྒྱ་ནག་གི་ད་ལྟའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ལྷོ་ཤར་ཨེ་ཤ་ཡ་ཞིབ་འཇུག་ཁང་གི་མགོ་གཙོ་ཧུའུ་ཧྲི་ཧྲིན་ (Hushi Sheng) གྱིས། འབྱུང་གྱུར་གཞིས་ཀ་རྩེ་ནས་བལ་ཡུལ་མཐའ་མཚམས་བར་ལྕགས་ལམ་གཉིས་འཛུགས་པའི་རེ་བ་སྟེ། “རྒྱུད་གཅིག་ལམ་གཅིག” གི་འཐབ་ཇུས་ཀྱི་གྲུབ་ཆ་ཞིག་ཆགས་ཡོད་པ་དང་། བོད་ནི་རྒྱ་ནག་ལྷོ་ནུབ་དང་ལྷོ་ཨེ་ཤ་ཡ་ས་ཁུལ་སོགས་ཀྱི་སྒོ་མོ་ཞིག་ཆགས་ཡོད་སྟབས། ལྷོ་ཨེ་ཤ་ཡའི་ལྕགས་ལམ་མངོན་གྱུར་འབྱུང་པ་ཡིན་ན་བོད་ཀྱི་ཡུལ་སྐོར་སྤྲོ་འཆམ་ལས་རིགས་དང་། ཞབས་འདེགས་ལས་རིགས་སོགས་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གལ་ཆེན་འཐོན་ངེས་རེད། ཅེས་བརྗོད་འདུག

སྔར་ལོའི་ཕྱི་ཟླ་ ༧ པའི་ནང་། རྒྱ་ནག་མི་དམངས་ཉིན་རེ་ཚགས་པར་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གི་འཆར་གཞི་ལྟར་ན་ ༢༠༢༠ ལོའི་ནང་མཚོ་བོད་མཐོ་སྒང་གི་ལྕགས་ལམ་རྒྱ་གར་དང་བལ་ཡུལ། འབྲུག་བཅས་ཀྱི་མཐའ་མཚམས་སུ་བཟོ་སྐྲུན་བྱ་རྒྱུའི་ཁྲོད། བོད་རང་སྐྱོང་ལྗོངས་ལྕགས་ལམ་གཞུང་སྒྲུབ་ཁང་གི་མགོ་གཙོ་གཞོན་པ་ཡཱང་ཡོ་ལིན་ (Yang Yulin) གྱིས། གཞིས་ཀ་རྩེ་མེ་འཁོར་ས་ཚིགས་ནས་མགོ་བཙུགས་ཏེ་ལྕགས་ལམ་ཁག་གཉིས་སུ་གྱེས་ཏེ་བཟོ་འཆར་ཡོད་པ་དང་། དེ་གཉིས་ལས་གཅིག་རྒྱ་གར་དང་འབྲུག་གི་ས་མཚམས་གྲོ་མོ་བར་འཛུགས་སྐྲུན་བྱ་རྒྱུ་དང་། གཞན་དེ་བལ་བོད་ས་མཚམས་སྐྱེད་རོང་བར་འཛུགས་སྐྲུན་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༦ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ལྕགས་ལམ་འདི་གཉིས་ཀྱིས། བལ་འབྲུག་གཉིས་དབང་དུ་བསྡུས་འདོད་ཡོད་མེད་མི་ཤེས་ཀྱང་། བལ་འབྲུག་གཉིས་ཀྱི་སྐད་ཡིག་དང་། རིག་གཞུང་རྩ་མེད་འགྲོ་མི་སྲིད་པ་མ་རེད་དོ། གཟབ་གཟབ་མ་བྱས་པར། དངུལ་རྐྱང་གི་རྗེས་སུ་འབྲངས་ནམ་ཞིག་མགོ་ལས་རྨ་ཆེ་འོངས་མི་སྲིད་པ་མ་རེད་དོ།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ ལྕགས་ལམ་ཁག་གཉིས་སུ་གྱེས་ཏེ་བཟོ་འཆར་ཡོད་པ་དང་། དེ་གཉིས་ལས་གཅིག་རྒྱ་གར་དང་འབྲུག་གི་ས་མཚམས་གྲོ་མོ་བར་འཛུགས་སྐྲུན་བྱ་རྒྱུ་དང་། གཞན་དེ་བལ་བོད་ས་མཚམས་སྐྱེད་རོང་བར་འཛུགས་སྐྲུན་བྱ་རྒྱུ་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese