མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འཐབ་རྩོད་དང་ཆིག་སྒྲིལ་གྱི་རྣམ་པ་མཚོན་དགོས་པ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་པ་སངས་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ཨ་རིའི་ནེའུ་ཡོག་ཏུ་བྱུང་བའི་རྙོག་གླེང་ཐད། ཉེ་ལམ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་འཛོམས་ཏེ་གྲོས་བསྡུར་གནང་མཐར་སྤྱི་མོས་གྲོས་ཆོད་དོན་ཚན་ ༧ བཞག་ཡོད་འདུག

ཉེ་ལམ་ཟླ་ ༤ ཚེས་ ༣ ཉིན། ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་མཆོག་དང་། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་དང་ནོར་བུ་ཚེ་རིང་རྣམ་གཉིས། དེ་བཞིན། ནེའུ་ཡོག་དང་ནེའུ་རྗིར་སི་ས་གནས་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིའི་བོད་ཀྱི་མཐུན་གྲོགས་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམས་འཛོམས་ཡོད་འདུག

གྲོས་ཆོད་དེའི་ནང་། གོང་གི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་འཛོམས་ཏེ། གྲོས་བསྡུར་ལྷུག་པོར་གནང་མཐར། དེ་རེབ་ནེའུ་ཡོག་དང་ནེའུ་རྗིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་པའི་ཚོགས་པ་ཁག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཐོག་འབད་བརྩོན་གནང་བ་དང་། ལས་འགུལ་གོ་སྒྲིག་ཞུ་ཕྱོགས་ཀྱང་དམངས་གཙོའི་ལམ་སྲོལ་ལྟར་ཐག་གཅོད་གནང་ཡོད་པར་ངོས་འཛིན་དང་སྔགས་བརྗོད་ཞུས་འདུག

ད་རེབ་མི་རེ་ཟུང་གིས་ཆེད་དུ་ལས་འགུལ་ལ་གཏོར་བརླག་གཏོང་ཐབས་བྱས་པ་དང་། གནས་ཚུལ་དེ་རིགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་གནང་བར་བློ་ཕམ།  དེ་བཞིན། མ་འོངས་པར་ཡང་གསུམ་བཅུའི་དུས་དྲན་དེ་གཞུང་འབྲེལ་ཐོག་སྲུང་གཙི་གནང་སྟེ། བོད་རིགས་སྤྱི་མཐུན་ཚོགས་པའི་གཙོ་འགན་འཁུར་ཏེ་ལས་རིམ་བཟོ་བཀོད་དང་གཏམ་བཤད་སོགས་ཀྱང་བོད་མིའི་འཐབ་རྩོད་དང་ཆིག་བསྒྲིལ་གྱི་རྣམ་པ་མཚོན་པ་ཞིག་དགོས་ཚུལ་སོགས་བཀོད་འདུག

གསལ་བསྒྲགས་ནང་འདི་ལྟར་བཀོད་འདུག ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༣ ཉིན་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་དང་བྱང་ཨ་རིའི་སྤྱི་འཐུས་ནོར་བུ་ཚེ་རིང་ལགས། སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་བཅས་ཀྱི་ལྷན་དུ་ནེའུ་ཡོག་དང་ནེའུ་རྗིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིའི་བོད་ཀྱི་མཐུན་གྲོགས་ཚོགས་པ་བཅས་ཀྱི་འཐུས་ཚབ་མཉམ་ཞུགས་ཡོད་པའི་ལྷན་ཙོགས་གནང་ཞིང་།

ལྷན་འཛོམས་གནང་བའི་དགོས་དོན་ནི་ཉེ་ཆར་ནེའུ་ཡོག་ཏུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུ་སྐབས་བྱུང་བའི་གནད་དོན་རྣམས་བསླབ་བྱ་རུ་བླངས་ནས། མ་འོངས་པར་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་སོགས་ལ་སྨན་སླད་མཉམ་རུབ་ཀྱི་ཐོག་ནས་ཞུ་སྒོའི་སྐོར་གྲོས་བསྡུར་ལྷུག་པོ་དང་གསང་པོ་ཞུས་ཏེ་གཤམ་འཁོད་དོན་གནད་ཁག་གི་ཐོག་སྤྱི་མོས་བྱུང་བའི་ཡོངས་ཁྱབ་ཞུ་རྒྱུ།

དོན་ཚན་དང་པོ།

འདི་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩི་གོ་སྒྲིག་ཞུ་ཕྱོགས་ཐད་ནེའུ་ཡོག་དང་ནེའུ་རྗིར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་དེ་མིན་ཚོགས་པ་ཁག་ནས་འབད་བརྩོན་ཇི་གནང་ལ་ཡི་རངས་བསྔགས་བརྗོད་ཡོད་ལ། གོ་སྒྲིག་གནང་མཁན་ཚོའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཞི་རྩིར་བཞག་པར་ངོས་འཛིན་གསལ་བོ་ཞུ་གི་ཡོད། དུས་དྲན་གོ་སྒྲིག་ཞུ་ཕྱོགས་ཀྱི་འཆར་གཞི་དང་མང་ཚོགས་ལ་སྔོན་ཚུད་ནས་བརྡ་ཁྱབ་གནང་རྒྱུ་སོགས་ཐག་གཅོད་ཐ་དག་མང་གཙོའི་ལམ་སྲོལ་བཞིན་མང་མོས་ཐོག་ནས་མོས་མཐུན་བྱུང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཐོག་དུས་དྲན་སྲུང་བརྩིའི་ནང་མཉམ་ཞུགས་བྱེད་མཁན་ཡང་ཕོན་ཆེན་བྱུང་བར་ལེགས་བརྗོད་ཞུ་རྒྱུ་ཡིན།

དོན་ཚན་གཉིས་པ།

མ་འོངས་པར་གསུམ་བཅུའི་དུས་དྲན་གཞུང་འབྲེལ་གྱི་རྣམ་པ་ཐོན་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་གཙོ་གནད་ཆེ་བའི་ཆ་ཤས་ཤིག་ལ་བརྩིས་ཏེ། ལས་རིམ་བཟོ་བཀོད་དང་། གཏམ་བཤད་གནང་མཁན་བཅས་ཁྱོན་ཡོངས་ཀྱི་བོད་མིའི་འཐབ་རྩོད་དང་ཆིག་བསྒྲིལ་གྱི་རྣམ་པ་མཚོན་པ་ཞིག་དགོས་རྒྱུ་གལ་གནད་དུ་མཐོང་། གཞུང་འབྲེལ་གྱི་དུས་དྲན་སྲུང་བརྩིའི་མཛད་སྒོ་གྲུབ་མཚམས་སུ་ཁྲོམ་སྐོར་སྐད་འབོད་སོགས་ལ་བཀོད་བྱུས་སྟངས་འཛིན་རིགས་བྱ་ཐབས་དཀའ་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

དོན་ཚན་གསུམ་པ།

གོ་སྒྲིག་བྱེད་མཁན་ཚོས་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་མ་སྤེལ་གོང་ནས་ཕྲེད་དར་དང་སྦྱར་ཡིག་ཁག་གཅིག་གྱུར་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་དང་། དགོས་གལ་གྱུར་ཚེ་ཕྱི་ལོ་ ༢༠༡༣ ལོའི་ཟླ་བ་དང་པོའི་ནང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལྡི་ལིར་སྤེལ་བའི་བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་སྐབས་བེད་སྤྱོད་གནང་བའི་ཕྲེད་དར་དང་བརྗོད་ཚིག་ཁག་ནས་དཔེ་ལེན་ཆོག་རྒྱུ་དང་། དུས་དྲན་སྐབས་སུ་འབོད་ཚིག་བེད་སྤྱོད་གནང་ཕྱོགས་ཐད་མང་ཚོགས་སྤྱི་ཡོངས་ཀྱི་བསམ་ཚུལ་དང་མཐུན་པ་བྱེད་ན་འཐུས་རྒྱུ།

དོན་ཚན་བཞི་པ།

བློ་ཕམ་གྱི་རང་བཞིན་ཞིག་ལ་གསུམ་དུས་སྐབས་མི་སྣ་རེ་ཟུང་གིས་གསུམ་དུས་སྒེར་ལངས་ཁྲོམ་སྐོར་སྐད་འབོད་ལ་དོ་ཕོགས་གཏོང་ཐབས་བྱས་པ་དང་། སྐབས་དེར་བྱུང་བའི་ལབ་གླེང་ཕྲན་བུ་རིགས་སྤྱི་ཚོགས་དྲ་རྒྱའི་ནང་བརྒྱུད་སྤེལ་བྱས་པ་ནི་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་མེད་པའི་བྱ་སྤྱོད་རིགས་ལ་བློ་ཕམ་བྱུང་དོན། ང་ཚོས་ཚང་མར་འབོད་སྐུལ་ཞུ་རྒྱུར། གནས་ཚུལ་གང་འདྲ་ཞིག་བྱུང་བ་ཡིན་རུང་གདོང་དང་གདོང་ཐུག་ནས་བཤད་རེས་བྱ་རྒྱུ་དེ་བརྒྱུད་ལམ་ཡག་ཤོས་ཤིག་ཡིན་པར་ངོས་འཛིན་ཞུ་གི་ཡོད།

དོན་ཚན་ལྔ་པ།

སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་ནི་ལག་ཆ་བཟང་པོ་ཞིག་ཡིན་པ་དེ་ལྟར་ཡང་། འདི་ལོའི་གནས་ཚུལ་དེ་འགན་འཁུར་མེད་པའི་ཐོག་ནས་སྤྱི་སྒེར་མི་སྣའི་བར་གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་དམའ་འབེབས་བྱེད་རེས་བྱས་པའི་ངན་འབྲས་མིག་མཐོང་ལག་ཟིན་ལ་བརྟེན། སླད་ཕྱིན་ཚོགས་སྡེ་ཁག་གི་འགན་འཁུར་མི་སྣའི་ངོས་ནས་སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱ་རྒྱུར་མཁེ་ཉེན་མ་འཛོལ་པ་གནང་གལ་ནན་བརྗོད་བྱ་རྒྱུ་ཡིན།

དོན་ཚན་དྲུག་པ།

ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དེ་ནེའུ་ཡོག་དང་ནེའུ་རྗིར་སི་བོད་རིགས་མང་ཚོགས་ནས་འོས་འདེམས་བྱས་པའི་སྒྲིག་འཛུགས་ཆེ་ཤོས་ཤིག་ཡིན་པས། མ་འོངས་གསུམ་བཅུའི་དུས་དྲན་གོ་སྒྲིག་ཞུ་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་འོག་ཏུ་གོང་གསལ་དོན་ཚན་ལྔ་པོ་གཞིར་བཞག་ཚོགས་པ་ཚང་མས་མཉམ་རུབ་གནང་རྒྱུ་མོས་མཐུན་བྱུང་།

དོན་ཚན་བདུན་པ།

གསུམ་བཅུའི་དུས་དྲན་གཙོ་བོར་གྱུར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་ཞུ་རྒྱུ་བཅས། གོང་གསལ་དོན་ཚན་ཁག་མ་འོངས་གསུམ་བཅུའི་དུས་དྲན་གོ་སྒྲིག་ཞུ་ཕྱོགས་ཀྱི་ལམ་སྟོན་གྱི་ཚུལ་དུ་བོད་རིགས་སྤྱི་མཐུན་ཚོགས་པ་གཙོས་ཚོགས་པ་གཞན་ནས་ལག་སྟར་ཡོང་བ་ཞུ། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༥ ཟླ་ ༤ ཚེས་ ༡༠ ལ། ཞེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༦ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 1

  1. བོད་དགའ། says:
    ལོ་ 11 སྔོན།

    དོན་ཚན་དང་པོར། “ཁྲོམ་སྐོར་སྐད་འབོད་སོགས་ལ་བཀོད་བྱུས་སྟངས་འཛིན་རིགས་བྱ་ཐབས་དཀའ་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།”
    ཡང་། དོན་ཚན་གཉིས་པར། “དུས་དྲན་སྐབས་སུ་འབོད་ཚིག་བེད་སྤྱོད་གནང་ཕྱོགས་ཐད་མང་ཚོགས་སྤྱི་ཡོངས་ཀྱི་བསམ་ཚུལ་དང་མཐུན་པ་བྱེད་ན་འཐུས་རྒྱུ།”
    ཆབ་སྲིད་ནི་ཆབ་སྲིད་རང་རེད། སྐད་ཆ་འདི་ཚོ་གོ་དཀའ་མོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese