མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཡོ་པཱང་སྐྱེས་ཏེ་ལོ་ ༡༠༠ འཁོར་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལོར་རྒྱ་ནག་གི་ཧུའུ་ཡོ་པཱང་ (Hu Yaobang) སྐྱེས་ནས་ལོ་ ༡༠༠ འཁོར་ཀྱིན་ཡོད་སྟབས། ཧོ་ཀོང་སོགས་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ། ༢༠༠༥ ལོར་ཧུ་ཡོ་པང་སྐྱེས་ནས་ལོ་ ༩༠ འཁོར་བའི་མཛད་སྒོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཡོལ་ཡོད་ཀྱང་། ད་རེབ་སྲིད་འཛིན་ཞི་ཅིན་ཕིན་མཛད་སྒོ་དེར་གཡོལ་མིན་ལ་ཚོད་དཔག་སྣ་ཚོགས་བྱེད་བཞིན་འདུག

བྷི་བྷི་སི་གསར་ཁང་གིས་ཧོང་ཀོང་གི་གསར་འགྱུར་ལུང་འདྲེན་བྱས་པ་ལྟར་ན། ཧུའུ་ཡོ་པཱང་གི་བུ་ཆེ་བ་ཧོ་ཏི་ཕིན་ (Hu Deping) ད་ལོར་ཅང་ཞི་ཞིང་ཆེན་གུང་ཆིན་གྲོང་ཁྱེར་གྱི་ལིན་ཡོན་དུ་ཧུའུ་ཡོ་པཱང་གི་དུར་མཆོད་དུ་སྐྱོད་སྐབས། ཧུའུ་ཡོ་པཱང་སྐྱེས་ནས་ལོ་བརྒྱ་འཁོར་བའི་མཛད་སྒོར་ད་ལོ་རྒྱ་གཞུང་གིས་གཞི་རྒྱ་ཆེན་བའི་བྱེད་སྒོ་ཞིག་གྲ་སྒྲིག་བྱེད་ཀྱིན་ཡོད་སྐོར་བརྗོད་འདུག་ཀྱང་། ཧུ་ཡོ་པང་སྐྱེས་ནས་ལོ་ ༡༠༠ འཁོར་བའི་ཉིན་མོ་དེ་ནི་འབྱུང་གྱུར་གྱི་ཟླ་ ༡༡ ཚེས་ ༢༠ ཉིན་རེད་ཅེས་སོགས་བཀོད་འདུག

རྒྱ་ནག་གསར་འགྱུར་དྲ་བའི་སྟེང་། དགྲ་འགོག་དམག་འཁྲུག་རྒྱལ་ཁ་ཐོབ་ནས་ལོ་ ༧༠ འཁོར་བ། ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་ ༢༠༡༥ ལོར་གལ་ཆེ་བའི་དྲན་གསོའི་རྗེས་དྲན་གྱི་ཉིན་མོ་བཞི་ཡོད་པའི་ཁྲོད་ཀྱི་གཅིག་དེ་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཡོ་པཱང་སྐྱེས་ནས་ལོ་ ༡༠༠ འཁོར་བའི་མཛད་སྒོ་དེ་ཆགས་ཡོད་སྐོར་བརྗོད་འདུག

༢༠༠༥ ལོའི་ཟླ་ ༡༡ ཚེས་ ༨ ཉིན། རྒྱ་ནག་གིས་པེ་ཅིན་དུ་ཧུའུ་ཡོ་པཱང་སྐྱེས་ནས་ལོ་ ༩༠ འཁོར་བའི་མཛད་སྒོ་རྒྱ་ཆེན་པོ་ཞིག་བསྡུས་སྐབས། མཛད་སྒོ་དེའི་སྔོན་ཙམ་ནས་བཟུང་ཧུའུ་ཡོ་པཱང་གིས་གུང་ཁྲན་ཏང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་མང་པོ་ཞིག་ལ་བཅོས་བསྒྱུར་གཏོང་རྩིས་བྱས་པའི་གནས་ཚུལ་ཁག་གླེང་མི་ཆོག་པ་བྱས་འདུག ཧོང་ཀོང་གི་ཀུ་ཤུ་ཉིན་རེ་ (Apple Daily) ཡིས་གནས་ཚུལ་སྤེལ་བ་ལྟར་ན། སྐབས་དེར་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མང་པོ་ཞིག་གིས་ཧུ་ཡོ་པང་རྗེས་དྲན་མཛད་སྒོ་ལ་ངོ་རྒོལ་བྱས་ཡོད་པ་སོགས་ལ་བརྟེན་ཏེ། རྗེས་སུ་མཛད་སྒོ་སྔར་ལས་རྒྱ་ཆུང་དུ་སོང་ཡོད་པ་མ་ཟད། སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་ཡང་མཛད་སྒོར་གཡོལ་ཏེ་མཉམ་ཞུགས་གནང་མེད་སོགས་ལ་གཞིགས་ན། རྒྱ་ནག་མཐོ་རིམ་རྙིང་ཞེན་ཅན་ཚོར་མཚོན་ན་ཧུ་ཡོ་པང་དང་དྲུག་བཞིའི་ལས་འགུལ་སོགས་ནི་ཧ་ཅང་གནད་འགག་ཅིག་ཆགས་ཡོད་པ་མཚོན་ཐུབ་ཅེས་བརྗོད་འདུག

ཕྱིའི་བརྒྱུད་ལམ་ཁག་ཏུ་གནས་ཐོན་པའི་ནང་། རྒྱ་ནག་གུང་ཁྲན་ཏང་ནང་གི་རྒན་རབས་པ་ཚོའི་དབང་ཤུགས་ཀྱིས་ཧུའུ་ཡོ་པཱང་གོ་གནས་ནས་ཕབ་སྐབས། ཞི་ཅིན་ཕིན་གྱི་ཨ་ཕ་ཞི་ཀྲོན་ཞཱིས་ (Xi Zhongxun) ཀྱིས་ཧུའུ་ཡོ་པཱང་ལ་རོགས་སྐྱོར་བྱས་ཡོད་སྟབས། ཞི་ཅིན་ཕིན་གྱི་ཁྱིམ་རྒྱུད་དང་ཧུའུ་ཡོ་པཱང་གི་ཁྱིམ་རྒྱུད་བར་འབྲེལ་བ་དམ་པོ་ཡོད་པ་དང་། ཞི་ཅིན་ཕིན་དང་ཧུའུ་ཡོ་པཱང་གི་བུ་ཆེ་པ་ཧོ་ཏི་ཕིན་གཉིས་སྒེར་ངོས་ནས་ཀྱང་འབྲེལ་བ་ཡག་པོ་ཡོད་སྟབས། ད་རེབ་ཞི་ཅིན་ཕིན་གྱིས་ཧུའུ་ཅིན་ཐོ་དང་མ་འདྲ་བའི་གདམ་ཀ་གཞན་ཞིག་བྱས་ཏེ། འབྱུང་གྱུར་ཧུ་ཡོ་པང་གི་རྗེས་དྲན་མཛད་སྒོར་མཉམ་ཞུགས་གནང་རྒྱུ་ཡིན་སྐོར་སོགས་བཀོད་འདུག

ཧུའུ་ཡོ་པཱང་ནི་ ༡༩༨༧ ལོར་ “འབྱོར་ལྡན་གྲལ་རིམ་གྱི་རང་དབང་” ལ་རྒོལ་རྡུང་གཏོང་བའི་ལས་འགུལ་ཁྲོད་ཕམ་ཉེས་བྱུང་སྟེ། ཁོ་རང་གོ་གནས་ནས་ཕབ་ཡོད་པ་དང་ ༡༩༨༩ ལོའི་ཟླ་ ༤ བའི་ནང་ཁོ་ཚེ་ལས་འདས་ཡོད། ཁོ་འདས་གྲོངས་སུ་ཕྱིན་རྗེས་རྒྱ་ནག་མང་ཚོགས་འབོར་ཆེན་གྱིས་འདས་མཆོད་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད་པ་དང་། རྗེས་སུ་འདས་མཆོད་དེའི་ངོ་བོར་འགྱུར་བ་ཐེབས་ཏེ་སློབ་མ་ཚོའི་རྔམ་སྟོན་ཁྲོམ་སྐོར་དུ་གྱུར་པ་དང་། མཐའ་འཇུག་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་ “དྲུག་བཞིའི་ལས་འགུལ་” ཞེས་པའི་སྐད་གྲགས་ཅན་དེ་བྱུང་ཡོད།

 གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese