མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་ཞིག་ཁྱེད་ཅག་གིས་མཛེས་སྡུག་ལྡན་པའི་ཕ་ཡུལ་བོད་མཐོང་ཐུབ་པར་ཡིད་ཆེས་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་དང་ཡེ་ཤུའི་ཆོས་དཔོན་ཀྲའུ་ཀྲའུ་རྣམ་གཉིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ཕེབས་ཏེ། ༧གོང་ས་མཆོག་དགུང་གྲངས་ ༨༠ བཞེས་པའི་འཁྲུངས་སྐར་དགྱེས་སྟོན་དང་འབྲེལ་ཏེ། སློབ་ཕྲུག་ཚོ་ལྷན་དུ་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང་ལུས་སེམས་ཀྱི་བདེ་སྐྱིད་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༢།༣༠ ཐོག་དྷ་སྟེང་བོད་ཁྱིམ་ལག་རྩེད་སྤོ་ལོ་རྩེད་ཐང་དུ། ༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་(Desmond Tutu)རྣམ་གཉིས་ཞབས་སོར་བཀོད་དེ། བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཚོར་བཀའ་སློབ་གནང་བ་དང་སློབ་མ་ཚོ་དང་དྲི་བ་དྲིས་ལན། ༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ བཞེས་པའི་འཁྲུངས་སྐར་དགྱེས་སྟོན་བཅས་མཛད་སོང་།  

མཛད་སྒོ་དེའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དང་ནང་སྲིད། དཔལ་འབྱོར་ལས་ཁུངས་བཅས་ཀྱི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། གཞན་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་ཆུང་། དྷ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་དང་དྷ་ས་ཁུལ་གྱི་སྐྱ་སེར་མི་མང་། གཞན་ཕྱི་རྒྱལ་བ་བཅས་ཁྱོན་མི་ ༣༥༠༠ ལྷག་འཛོམས་སོང་།

ཐོག་མ་༧གོང་ས་མཆོག་དང་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་དྷ་སྟེང་བོད་ཁྱིམ་དུ་ཞབས་སོར་བཀོད་སྐབས། སློབ་ཕྲུག་ཚོས་ཕེབས་བསུའི་གླུ་དབྱངས་བརྒྱད་བཅུའི་དབྱངས་སྙན་འབུལ་དཀྲོལ་དང་གྲོ་སོ་ཕྱེ་མར་འདེགས་འབུལ་ཞུས་རྗེས། སློབ་གྲྭ་ཆུང་བའི་དཔེ་མཛོད་ཁང་དུ་གདན་ཞུ་དང་། སློབ་ཕྲུག་ཚོས་བདེ་སྐྱིད་དང་དགའ་སྤྲོའི་བརྗོད་གཞིའི་ཐོག་བྲིས་པའི་རྩོམ་ཡིག་དང་རི་མོ་སོགས་ལ་གཟིགས་ཞིབ་གནང་སོང་།

དེའི་རྗེས་རྣམ་པ་གཉིས་སྤོ་ལོ་རྩེད་ཐང་གི་ཞབས་སྟེགས་སུ་འཁོད་མཚམས་སློབ་ཕྲུག་ཚོས་ང་ཚོ་ཚང་མ་སྐྱིད་པོ་ཡོད་ན། ཞེས་པའི་གླུ་དབྱངས་ཕུལ་རྗེས། ༧གོང་ས་མཆོག་གིས་ཆོས་དཔོན་ཀྲའུ་ཀྲའུ་མཆོག་གི་སྐོར་ལ་བཀའ་སློབ་བསྩལ་དོན། དེ་རིང་འདིར་ཕེབས་པའི་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་ནི་མི་དང་མིའི་འབྲེལ་བའི་ཐད་ནས་འཛམ་གླིང་འདིའི་སྒང་གི་གྲོགས་པོ་ཉེ་ཤོས་ཤིག་ཡིན་ལ། མི་རིགས་ཀྱི་ཐོག་ནས་བཤད་ནའང་ཁོང་ནི་བོད་མི་རིགས་ཀྱི་བདེན་དོན་ཐད་ཐོག་མཐའ་བར་གསུམ་དུ་བདེན་པའི་བདེན་རྒྱབ་འགྱུར་བ་མེད་པ་དང་། རང་ཟོན་སྤངས་མཁན་ཞིག་ཁོང་གིས་གནང་བཞིན་ཡོད།

ངོས་རང་ནང་པ་ཞིག་ཡིན་པའི་ཐོག་ནས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཚང་མ་མཐུན་པོ་དང་། ང་ཚོ་ཐུན་མོང་གི་བསྒྲུབ་བྱ་འགྲོ་བ་མི་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་བྱ་རྒྱུའི་ལས་འགན་ཡོད། དེ་ལྟར་ཡོང་བར་ང་ཚོ་ཆོས་པའི་ནང་ཕན་ཚུན་ང་ཚོ་དང་ཁྱོད་ཚོ་ཞེས་པའི་སྐད་ཆ་མེད་པར། སོ་སོར་ལྟ་གྲུབ་མི་འདྲ་ཡོད་ཀྱང་ཚང་མས་བྱམས་བརྩེའི་ཉམས་ལེན་གཅིག་མཐུན་བྱེད་བཞིན་ཡོད། དེར་བརྟེན་ཚང་མར་བྱམས་བརྩེ་གོང་འཕེལ་གཏོང་རྒྱུའི་ནུས་པ་དང་ཐབས་ཤེས་ཡོད། ང་ཚོ་ཆོས་བརྒྱུད་མི་འདྲ་བ་ཚང་མས་དམ་ཚིག་འོ་ཆུ་འདྲེས་པ་ལྟ་བུ་བྱུང་བ་ཡིན་ན་ནུས་པ་འཐོན་རྒྱུ་ཡིན་སྟབས། དེའི་ཆ་ནས་ཡིན་ནའང་ཁོང་གིས་རིས་སུ་མ་ཆད་པའི་ཆོས་ལུགས་ལ་གུས་བརྩི་གནང་མཁན་ཞིག་ཡིན། ངོས་རང་ཆ་བཞག་ནའང་ཁོང་ལ་རྗེས་སུ་ཡི་རངས་དང་ངོ་མཚར་སྐྱེ་ཡུལ་ཞིག་ཡིན་སྟབས། དེ་ལྟ་བུའི་མི་ཞིག་དེ་རིང་འདིར་ཕེབས་ཡོད་པ་རེད། ཅེས་གསུངས་སོང་།

༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་དང་བོད་རིགས་ཚོས་བོད་པའི་ཆོས་རིག་སྐད་ཡིག་སོགས་ལ་དོ་སྣང་གནང་དགོས་སྐོར་གསུངས་དོན། བོད་མི་ན་གཞོན་སློབ་སྦྱོང་བྱེད་བཞིན་པ་ཁྱེད་ཅག་ལ་མཚོན་ན། སྤྱིར་སོ་སོའི་ཕ་མ་ཉེ་འབྲེལ་དང་། དེ་བཞིན་སོ་སོ་རང་ཉིད་ཡིན་ཡང་གང་ལ་གང་འཚམ་དཀའ་ངལ་འཕྲད་མྱོང་བ་ཞིག་གི་མི་རབས་ཆགས་ཡོད། ཁྱེད་རང་ཚོར་གཙོ་ཆེ་རྒྱ་གར་གཞུང་གིས་ཐོག་མཐའ་བར་གསུམ་དུ་རོགས་རམ་དང་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེན་གནང་ཡོད་པ་དེ་དང་། དེས་མཚོན་པའི་འཛམ་གླིང་གི་ཚོགས་པ་མང་པོས་རོགས་རམ་གནང་གི་ཡོད་པ་རེད། དེ་ལྟ་བུའི་རོགས་རམ་གྱི་འོག་ནས་མདོར་ན་གཞན་ཕན་སྤྱན་གྱི་འོག་ནས་ང་ཚོའི་ཕྲུ་གུ་འདི་དག་འཚར་ལོངས་དང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་རག་ཡོད་སྟབས། ཁྱེད་རང་ཚོས་ད་ཕན་ཧུར་ཐག་བྱས་ཡོད་ལ། ད་དུང་སོ་སོའི་སེམས་ནས་རིག་པ་བསྒྲིམས་ཏེ་ཧུར་ཐག་བྱེད་དགོས།

ང་ཚོ་འདི་གར་མི་རིགས་སྐད་ཡིག་ཟུར་གསལ་ཡོད་པ། ཆོས་དང་རིག་གཞུང་ལྟ་གྲུབ་སོགས་ཕྱུག་པོ་ཡོད་པའི་མི་རིགས་ཤིག་ཆགས་ཡོད། དེ་འདྲའི་མི་རིགས་འདིར་དཀའ་ངལ་འཕྲད་པའི་སྐབས་སུ་ཁྱེད་རང་ཚོས་བོད་སྐད་ཡིག་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ། དེ་བཞིན་གཞན་ཕན་བྱང་ཆུབ་ཀྱི་སེམས་ཞེས་པ་དང་། ཡང་དག་པའི་ལྟ་བ་ཞེས་པ་དེ་དག་གང་ལྟར་མི་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད་སྟབས། དེ་དག་ཁྱེད་ཚོས་དུས་རབས་རྙིང་པའི་བསམ་ཚུལ་རེད་ལྟ་བུ་བསམས་ནས་མ་བཞག་པར། ད་ཆ་དུས་རབས་ཉེར་གཅིག་པ་འདིའི་ནང་ལ་དགོས་མཁོ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། བར་སྐབས་ལོ་སུམ་ཅུ་སོ་གྲངས་ནང་ངོས་ཀྱིས་ནུབ་ཕྱོགས་པའི་ཚན་རིག་པ་དང་ཤེས་ཡོན་ཅན་མང་པོར་ཐུག་གི་ཡོད། ཐོག་མར་ཁོང་ཚོས་གནས་ཚུལ་དེ་དག་མ་ཤེས་པའི་སྐབས་སུ་བོད་པ་ཞེས་བརྗོད་སྐབས་རྗེས་ལུས་ཀྱི་བཟོ་ལྟ་བུ་དང་། བོད་པའི་ཆོས་ཞེས་བརྗོད་སྐབས་རྗེས་ལུས་ཀྱི་རྣམ་པ་ལྟ་བུར་མཐོང་མཁན་འདུག བར་སྐབས་ཁོང་རྣམ་པ་དང་བཤིབས་ཏེ་འགྲེལ་བརྗོད་བྱེད་སྐབས་ང་ཚོའི་བོད་ཡིག་ནང་ཡོད་པའི་གཙོ་བོ་ནང་སེམས་ཁམས་རིག་པའི་སྐོར་དེ་དག་གཞན་དང་མི་འདྲ་བར་ཕྱུག་པོ་ཡོད་པ་དང་། དེ་བཞིན་ཚད་མའི་གཞུང་དེ་དག་གཞན་དང་མི་འདྲ་བའི་ཕྱུག་པོ་ཡོད་པ་ཞིག་མཐོང་རྒྱུ་ཡོད་སྟབས། དམིགས་བསལ་ནང་པ་སངས་རྒྱས་པའི་ཆོས་དང་དེ་བཞིན་ཆོས་ལ་དོ་སྣང་མེད་མཁན་གྱི་མཁས་པ་དེ་འདྲས་ཀྱང་དོ་སྣང་བྱེད་བཞིན་འདུག

དེ་ལྟ་བུའི་སྐད་ཡིག་དེའི་ནང་རིག་གཞུང་ཕྱུག་པོ་ཡོད་སྟབས། དེ་ང་ཚོས་ཉིན་རེ་ཉིན་རེའི་བཟའ་འཐུང་དང་ཁྲོམ་གཞུང་ལ་ཕར་འགྲོ་སྐབས་སྐད་དེ་བེད་སྤྱོད་དང་ཕན་ཐོགས་མེད་པ་མ་ཟད། དེང་དུས་ཀྱི་ཤེས་ཡོན་དེ་འདྲའི་ནང་དུ་སྐད་དེ་ཕན་ཐོགས་དེ་ཙམ་མེད་ཀྱང་། བསམ་བློ་རྒྱ་ཆེ་ས་ནས་བཏང་ཡོང་སྐབས། དེ་རིང་ཁ་སང་གི་འཛམ་གླིང་འདིའི་སྟེང་སེམས་ཁམས་རིག་པའི་སྐོར་བཤད་མཁན་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་འཛམ་གླིང་འདིའི་སྟེང་ཕྲན་བུ་དོ་སྣང་ཡོད་མཁན་དང་། བསམ་བློ་རྒྱ་ཆེན་པོ་གཏོང་མཁན། དཀའ་ངལ་མང་པོ་ཞིག་མིའི་སེམས་ཐོག་ནས་བཟོ་བཞིན་ཡོད་པ་མཐོང་མཁན་དེ་ཚོའི་གྲས་ཀྱིས་ང་ཚོའི་སྐད་ཡིག་ནང་ཡོད་པའི་སེམས་ཁམས་རིག་པའི་སྐོར་དེ་དག་ལ་ཆོས་དད་ཡོད་མེད་ལ་མ་ལྟོས་པར་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག དེར་བརྟེན་དེ་ལ་བདག་པོ་རྒྱག་མཁན་ནི་ཁྱེད་རང་ཚོ་ཡིན། སྐྱ་སེར་ཕོ་མོ་དབྱེར་མེད་ཚང་མས་དེ་ཚོའི་ཐོག་དོ་སྣང་བྱས་ཏེ་སློབ་སྦྱོང་ཤུགས་ཆེ་ཙམ་བྱེད་རྒྱུ་ཞིག་བྱུང་ན། དེ་ནི་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་མི་རབས་ནས་མི་རབས་ཉར་ཚགས་རྒྱུན་འཛིན་བྱེད་རྒྱུ་དེ་སློབ་སྦྱོང་བྱས་ནས་རྒྱུན་འཛིན་བྱེད་དགོས་པ་རེད་མ་གཏོགས་འགྲེམས་སྟོན་ནང་འཇོག་རྒྱུ་ཞིག་མ་རེད། ཅེས་སོགས་གསུངས་སོང་།

དེའི་རྗེས་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གིས་ཉིན་གཅིག་བོད་མི་རྣམས་བོད་ལ་ཕྱིར་ལོག་ཐུབ་རྒྱུ་ཡིན་སྐོར་བཀའ་སློབ་བསྩལ་དོན། དེ་རིང་ང་ཚོ་འདིར་དྷ་རམ་ས་ལར་བཅར་ཐུབ་པ་མ་ཟད། གོ་སྐབས་འདི་འདྲ་ཞིག་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་ཚོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དགའ་མོས་བྱེད་བཞིན་ཡོད། ང་ཚོས་ཁྱེད་ཚོ་དང་ལྷག་པར་དུ་གཞོན་སྐྱེས་ཚོར་ཞུ་རྒྱུ་ཞིག་ལ། ད་ལྟའི་ཆར་བསྒྲུབ་མི་སྲིད་པ་ལྟ་བུར་སྣང་ཡང་། ཉིན་ཞིག་ཁྱེད་ཚོ་རང་དབང་ཡོད་པའི་བོད་ལ་ལོག་ཐུབ་ངེས་ཡིན། ང་ཚོ་ལྷོ་ཨ་ཧྥི་རི་ཁར་ཆ་མཚོན་ན། ལོ་མང་རིང་དྲག་གནོན་དང་དྲང་བདེན་མིན་པའི་ལམ་ལུགས་འོག་གནས་དགོས་བྱུང་བ་མ་ཟད། ང་ཚོའི་མགོ་ཁྲིད་དང་གཞོན་སྐྱེས་མང་པོ་ཞིག་སྐྱབས་བཅོལ་དུ་འགྲོ་དགོས་ཐུག་ཡོད། སྐབས་དེར་མནར་གཅོད་འོག་ནས་ང་ཚོ་ནམ་ཡང་གྲོལ་ཐུབ་ཀྱི་མ་རེད་བསམ་པའི་ཚོར་སྣང་བྱུང་བ་དང་། རོ་བྷེན་གླིང་ཕྲན་གྱི་བཙོན་ཁང་ནང་ཡོད་པའི་ང་ཚོའི་མགོ་ཁྲིད་དག་གསོན་པོར་ཕ་ཡུལ་དུ་ལོག་ཐུབ་རྒྱུ་མ་རེད་བསམ་ཡང་། ༡༩༩༠ ལོར་ང་ཚོའི་བརྩེ་བའི་དབུ་ཁྲིད་ནེལ་སན་མན་ཌ་ལཱ་མཆོག་གི་གཙོས་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་གྲོལ་ཐོབ་པ་དང་། སྐྱབས་བཅོལ་དུ་བསྡད་ཡོད་མཁན་རྣམས་ཀྱང་ཕ་ཡུལ་དུ་ཕྱིར་ལོག་ཐུབ་པ་བྱུང་ཡོད།

ཉིན་གཅིག་ཁྱེད་ཅག་གིས་ཀྱང་མཛེས་སྡུག་ལྡན་པའི་ཕ་ཡུལ་བོད་མཐོང་ཐུབ་རྒྱུ་མ་ཟད། དྲག་གནོན་སྲིད་ཇུས་ལག་བསྟར་བྱས་ནས་ཁྱེད་ཅག་འདིར་ཕྱིར་འཕུད་གཏོང་མཁན་དག་གི་སྙི་ལས་ཐར་ནས་རང་དབང་འཐོབ་ངེས་ཡིན། རྒྱ་ནག་གཞུང་གིས་དྲག་གནོན་ནི་རང་དབང་ལས་རིན་གོང་ཆུང་བ་ཤེས་རྟོགས་ཐུབ་ཀྱི་རེད།  

ངས་༧གོང་ས་མཆོག་དང་གྲོགས་པ་འགྲིགས་ཐུབ་པ་ནི་གཟི་བརྗིད་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད། ང་དང་༧གོང་ས་མཆོག་མཉམ་དུ་ཚོགས་འདུ་ཁག་ཅིག་ལ་བཅར་རྒྱུའི་གོ་སྐབས་བྱུང་། ཐེངས་གཅིག་འདུ་འཛོམས་ཆེན་པོ་ཞིག་ཐོག་འཚུབ་ཆ་ཅན་གྱི་༧གོང་ས་མཆོག་གིས་ངའི་མགོ་ཐོག་གི་ཞྭ་བླངས་ཏེ་ཁོང་གིས་དབུ་ཐོག་ཏུ་བཞེས་སོང་། འཛམ་གླིང་ཡོངས་ཀྱིས་ཁྱེད་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། ༧གོང་ས་མཆོག་ལའང་དགའ་མོས་ཤུགས་ཆེན་བྱེད་ཀྱིན་ཡོད། ལྷག་པར་དུ་༧གོང་ས་མཆོག་ག་པར་ཆིབས་སྒྱུར་བསྐྱངས་ཀྱང་མི་ཚོགས་ཀྱིས་ཁེངས་ཏེ་ཁོང་གི་གསུང་བཤད་ཐོས་རྒྱུ་དང་ཞལ་མཇལ་རྒྱུ་བྱུང་ན་བསམ་ནས་རེ་སྒུག་བྱེད་ཀྱི་ཡོད། ད་རེབ་ངས་གོ་སྐབས་འདི་བཟུང་སྟེ་རྒྱ་གར་གཞུང་གིས་ཁྱེད་ཚོར་རོགས་སྐྱོར་གནང་བ་མ་ཟད། འཛམ་གླིང་གི་ནོར་བུ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་འདི་འདྲ་ཞིག་ལ་གཅེས་སྐྱོང་གིས་དགྲ་ལག་ཏུ་མ་ཤོར་བར་སྲུང་སྐྱོབ་གནང་བར་ཐུགས་རྗེ་ཞུ་རྒྱུ་ཡིན། ཁྱེད་ཚོ་བོད་ལ་ཕྱིར་ལོག་ཐུབ་ནས་བོད་ཀྱི་གཞུང་ལམ་ཐོག་གླུ་གཞས་གཏོང་ཐུབ་ཀྱི་རེད། ཅེས་སོགས་གསུངས་སོང་།

དེའི་རྗེས་༧གོང་ས་མཆོག་དང་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གིས་སློབ་མ་ཚོའི་དྲི་བ་ཁག་ཅིག་ལ་ལན་འདེབས་གནང་སྐབས། འཛིན་རིན་བཅུ་གཉིས་ཀྱི་སློབ་མ་བློ་བཟང་ཆོས་སྒྲོན་གྱིས་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་ལ་ད་ལྟ་ང་ཚོ་བག་མེད་ལོངས་སྤྱོད་ཀྱི་དུས་རབས་ཤིག་ནང་འཚོ་སྡོད་བྱེད་ཀྱིན་ཡོད་སྟབས། མི་ཚོས་ཕྱི་དངོས་པའི་ལོངས་སྤྱོད་ལ་བརྟེན་ནས་བདེ་བ་འཚོལ་ཐབས་བྱེད་བཞིན་ཡོད་པའི་ཐོག་ཁྱེད་ཀྱིས་གཞོན་སྐྱེས་ཚོར་བཀའ་སློབ་གང་གནང་རྒྱུ་ཡོད་དམ་ཞེས་དྲིས་པའི་ལན་དུ། ཀྲའུ་ཀྲའུ་མཆོག་གིས། ཕྱི་དངོས་པོའི་ལོངས་སྤྱོད་ཁོ་ནས་མི་མང་པོ་ཞིག་ལ་ནང་སེམས་ཀྱི་བདེ་བ་སྤྲོད་ཐུབ་ཀྱི་མེད་སྟབས། འབྱོར་ལྡན་ཁྱིམ་ཚང་གི་བུ་ཕྲུག་དག་ཕྱི་ཕྱོགས་སུ་ཕྱིན་ནས་གཞན་ལ་ཕན་སེམས་བཅང་ནས་ལས་ཀ་བྱེད་བཞིན་ཡོད། དེར་བརྟེན། སེམས་ནང་བདེ་བ་མེད་ན་ཕྱི་དངོས་པོའི་དཔལ་ཡོན་ག་ཚོད་ཡོད་ཀྱང་ཕན་པ་མེད་སྟབས། ང་ཡེ་ཤུའི་ཆོས་པ་ཞིག་ཡིན་པའི་ཆ་ནས་ངས་མང་ཚོགས་ལ་སྐད་ཆ་བཤད་སྐབས། ང་ཚོ་དཀོན་མཆོག་ཅིག་གིས་བཟོས་པ་ལྟ་བུ་ཡིན་པ་མ་ཟད། དཀོན་མཆོག་གི་ཆེད་དུ་གཞན་དོན་བྱེད་དགོས་པའི་སྐོར་རྗོད་ཀྱི་ཡོད། ཅེས་ལན་འདེབས་གནང་སོང་། 

དེའི་རྗེས་སློབ་མ་གྲགས་པ་རྣམ་རྒྱལ་གྱིས་༧གོང་ས་མཆོག་ལ། ༧གོང་ས་མཆོག་གིས་གང་འདྲ་གནང་ནས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྐུ་རླུང་གཞིལ་ཐབས་གནང་གི་ཡོད་དམ་ཞེས་བཀའ་དྲི་ཞུས་པའི་ལན་དུ། ༧གོང་ས་མཆོག་གིས། ངོས་ཀྱིས་༡༩༥༦ དང་ ༡༩༥༧། ༡༩༥༨ ལོ་བཅས་གང་ཡིན་ཞིག་ལ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོ་མཆོག་གི་རླངས་འཁོར་རྙིང་པ་དེ་བེད་སྤྱོད་བཏང་བ་ཡིན། སྐབས་རེར་རླངས་འཁོར་དེ་སྐྱོན་ཆག་ཤོར་གྱི་ཡོད། ཉིན་ཞིག་རླངས་འཁོར་དེ་སྐྱོན་ཆག་ཤོར་སྐབས་ཀ་བློན་སྤུག་ནས་ཡིན་པའི་ཁ་ལོ་བ་དེས་བཟོ་བཅོས་རྒྱག་སྐབས། ཁོའི་མགོ་བོ་རླངས་འཁོར་གྱི་ལྕགས་ཤིག་ཐོག་བརྡབ་ཡོད་སྟབས། ཁོ་ཁོང་ཁྲོ་ལངས་ནས་མགོ་ལྕགས་དེའི་ཐོག་ཐེངས་ཁ་ཤས་ཤིག་བརྡབ་སོང་། དེ་ནི་གླེན་རྟགས་བསྟན་པ་ཞིག་རང་རེད། ཡིན་ཡང་སྐབས་རེར་ང་ཚོས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་སྐྱིད་པོ་འབྱུང་གི་མེད་སྟབས་དེ་འདྲ་བྱེད་ཀྱིན་ཡོད། དེར་བརྟེན། ང་ཚོས་ཁོང་ཁྲོའི་རྐྱེན་གང་ལ་ཐུག་ཡོད་པ་དང་། ཁོང་ཁྲོའི་མཇུག་འབྲས་ལ་བསམ་བློ་གཏོང་དགོས། ཁོང་ཁྲོ་བྱ་རྒྱུ་མང་དྲགས་ན་སོ་སོའི་ལུས་ཟུང་གི་འགོག་སྲུང་མ་ལག་ལ་གཏོར་སྐྱོན་གཏོང་གི་ཡོད་སྟབས། ལུས་བདེ་ཐང་ཡོང་བར་སེམས་ལ་བདེ་བ་དགོས་པར་བརྟེན། ཁོང་ཁྲོའི་རྒྱུ་རྐྱེན་དང་མཇུག་འབྲས་གང་ཡིན་ལ་རྟག་དཔྱད་གཏོང་དགོས་པ་ཆགས་ཡོད། ཅེས་སོགས་བཀའ་ལན་བསྩལ་སོང་།

དེའི་རྗེས་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་གིས་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་རྟེན་འབྲེལ་མཚོན་ཆེད་སྐྱེས་སྐར་གྱི་ཞལ་ཟས་ (birthday cake) ཞེས་པ་ཞིག་འདེགས་འབུལ་དང་འབྲེལ་ཏེ། ཀྲའུ་ཀྲའུ་མཆོག་དང་སློབ་ཕྲུག་ཡོངས་ཀྱིས་མགྲིན་གཅིག་ཏུ་༼ཁྱེད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།༽ཞེས་པའི་གླུ་དབྱངས་འབུལ་ལམ་ཞུས་པར། ༧གོང་ས་མཆོག་ཀྱང་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་ཞལ་ཟས་ཀྱི་ཕུད་བླ་ཆེན་མཆོག་ལ་ཕུལ་སོང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese